གཙོ་ངོས།>> གསར་འགྱུར།>>རྒྱལ་ནང་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། ༢༠༡༩ལོའི་ཟླ་བ་༡༠ཚེས་༢༢ཉིན།

ཞི་ཅིན་ཕིང་ནས་དམག་དཔུང་གི་མི་སྣ་ཁག་ཅིག་དང་མཇལ་འཕྲད་གནང་བ།

              ཞི་ཅིན་ཕིང་གིས་ཁག་སོ་སོར་མཉམ་འབྲེལ་རྒྱབ་ཕྱོགས་མཁོ་སྒྲུབ་འགན་སྲུང་དཔུང་སྡེའི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དང་པོའི་འཐུས་མི་དང་། ཧུའུ་པེ་རུ་བཅའ་སྡོད་དཔུང་སྡེའི་ཧྲེ་ཤོག་གཞོན་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པ་དང་ཐོན་རིམ་པའི་དཔོན་རིགས་གཙོ་བོ་བཅས་དང་མཇལ་འཕྲད་གནང་བ།
              ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་བཅོ་བརྒྱད་ཉིན།  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི།  ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧུའུ་པེ་ཝུ་ཧན་དུ་ཁག་སོ་སོར་མཉམ་འབྲེལ་རྒྱབ་ཕྱོགས་མཁོ་སྒྲུབ་འགན་སྲུང་དཔུང་སྡེའི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དང་པོའི་འཐུས་མི་དང་།  ཧུའུ་པེ་རུ་བཅའ་སྡོད་དཔུང་སྡེའི་ཧྲེ་ཤོག་གཞོན་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པ་དང་ཐོན་རིམ་པའི་དཔོན་རིགས་གཙོ་བོ་བཅས་དང་མཇལ་འཕྲད་གནང་ཡོད།
              སྔ་དྲོའི་ཆུ་ཚོད་༡༡དང་སྐར་མ་༤༠ཐོག  ཞི་ཅིན་ཕིང་མཉམ་འབྲེལ་རྒྱབ་ཕྱོགས་མཁོ་སྒྲུབ་འགན་སྲུང་དཔུང་སྡེར་ཕེབས་པ་དང་།  སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་དུ་ཞི་ཅིན་ཕིང་གིས་མཉམ་འབྲེལ་རྒྱབ་ཕྱོགས་མཁོ་སྒྲུབ་འགན་སྲུང་དཔུང་སྡེའི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དང་པོའི་འཐུས་མིར་བྱམས་བརྩེའི་ངང་ཕྱག་བཏང་གནང་བ་མ་ཟད།  ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཚབ་ཞུས་ནས་མཉམ་འབྲེལ་རྒྱབ་ཕྱོགས་མཁོ་སྒྲུབ་འགན་སྲུང་དཔུང་སྡེའི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དང་པོ་འཚོགས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་གནང་ཞིང་།  འཐུས་མི་ཁག་དང་མཉམ་འབྲེལ་རྒྱབ་ཕྱོགས་མཁོ་སྒྲུབ་འགན་སྲུང་དཔུང་སྡེའི་དཔོན་དམག་ཡོངས་ལ་ལྷག་བསམ་དག་པའི་འཚམས་འདྲི་ཞུས་གནང་ཡོད།
              མཉམ་འབྲེལ་རྒྱབ་ཕྱོགས་མཁོ་སྒྲུབ་འགན་སྲུང་དཔུང་སྡེའི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དང་པོ་སྤྱི་ཚེས་༡༦ཉིན་ཝུ་ཧན་དུ་འཚོགས་པ་དང་།  གྲོས་ཚོགས་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་མཛུབ་ཁྲིད་བྱས་ནས། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་།  དུས་རབས་གསར་པའི་དམག་དོན་འཐབ་ཇུས་བྱེད་ཕྱོགས་ལག་བསྟར་གཏིང་ཟབ་བྱེད་པ།  ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཉམ་འབྲེལ་རྒྱབ་ཕྱོགས་མཁོ་སྒྲུབ་འགན་སྲུང་དཔུང་སྡེར་གནང་བའི་བཀའ་སློབ་བླང་བྱ་དོན་འཁྱོལ་གཏིང་ཟབ་བཅས་བྱས་ཐོག མཉམ་འབྲེལ་རྒྱབ་ཕྱོགས་མཁོ་སྒྲུབ་འགན་སྲུང་དཔུང་སྡེ་བཙུགས་ཚུན་གྱི་འཛུགས་སྐྲུན་གནས་ཚུལ་ལ་ཕྱོགས་བསྡོམས་དང་།  སླད་ཕྱིན་གྱི་ལོ་ངོ་ལྔའི་ལས་དོན་གཙོ་བོ་བཀོད་སྒྲིག  རྒྱ་ཆེའི་དཔོན་དམག་རྣམས་ནས་དེང་རབས་ཅན་གྱི་མཉམ་འབྲེལ་རྒྱབ་ཕྱོགས་མཁོ་སྒྲུབ་འགན་སྲུང་དཔུང་སྡེ་སྟོབས་ཆེན་ཞིག་བཙུགས་ནས། ཏང་དང་མི་དམངས་ནས་སྤྲད་པའི་དུས་རབས་གསར་པའི་འགན་འཁྲི་དང་ལས་འགན་ལེགས་སྒྲུབ་མཐར་ཕྱིན་པ་བྱ་རྒྱུའི་སྐུལ་སློང་བྱས་ཡོད་པ་རེད།
              ཉིན་དེར།  ཞི་ཅིན་ཕིང་གིས་ད་དུང་ཧུའུ་པེ་རུ་བཅའ་སྡོད་དཔུང་སྡེའི་ཧྲེ་ཤོག་གཞོན་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པ་དང་ཐོན་རིམ་པའི་དཔོན་རིགས་གཙོ་བོ་དང་མཇལ་འཕྲད་གནང་ཞིང་།  ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཚབ་ཞུས་ནས་ཧུའུ་པེ་རུ་བཅའ་སྡོད་དཔུང་སྡེའི་དཔོན་དམག་ཡོངས་ལ་ལྷག་བསམ་དག་པའི་འཚམས་འདྲི་གནང་བ་དང་།  ཚང་མས་ཐོག་མའི་བསམ་འདུན་མ་བརྗེད་པ་དང་འགན་འཁྲི་ཡིད་ལ་བརྟན་པོ་ངེས་པ། ལྷག་བསམ་རྣམ་དག་གིས་ལས་འགན་གཙང་སྒྲུབ་བྱེད་པ།  བློ་རྩ་བརྟན་པོས་གསར་གཏོད་ཡར་བརྩོན་བཅས་བྱས་ཐོག ལས་དོན་ཁག་དང་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་པ་བྱས་ནས། ཀྲུང་གོའི་ཕུགས་འདུན་དང་དམག་དཔུང་སྟོབས་ཆེར་གཏོང་བའི་ཕུགས་འདུན་གཉིས་མངོན་འགྱུར་ཡོང་ཆེད་ནུས་པ་ལེགས་སྐྱེས་སུ་འབུལ་དགོས་པའི་སྐུལ་མ་གནང་ཡོད་པ་རེད།
              ཞུས་ཆི་ལེང་མཇལ་འཕྲད་ནང་ཞུགས་ཡོད་པ་རེད།
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1