ཡེ་ཤེས་ཟླ་བས་ཧའེ་ནན་མཁའ་འགྲུལ་ཚོགས་པའི་སྤྱི་གཉེར་གཞོན་པ་ཝང་ཧོ་ཞིན་དང་ལྷན་དུ་བཞུགས་མོལ་གནང་།

ཏིང་འཛིན་བཀྲ་ཤིས་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཏིང་འཛིན་བཀྲ་ཤིས།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 10-28


             བཞུགས་མོལ་གྱི་ཁྲོད་དུ། ཡེ་ཤེས་ཟླ་བས་རང་ཁུལ་གྱི་འཕེལ་རྒྱས་རིག་ལམ་དང་བསྟུན་ནས། ཁྱབ་ཁོངས་སོ་སོའི་ཡུལ་སྐོར་དང་འགྲིམ་འགྲུལ། གློག་དྲ། གནམ་ཐང་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ངོ་སྤྲོད་གནང་བ་མ་ཟད། ཧའེ་ནན་མཁའ་འགྲུལ་ཚོགས་པ་རང་ཁུལ་དུ་གདན་ཞུ་གནང་སྟེ། རང་ཁུལ་གྱི་རྨང་གཞིའི་སྒྲིག་ཆས་དང་། ཡུལ་སྐོར་ཐོན་ལས་སོགས་ཀྱི་ཕྱོགས་ལ་རྟོག་ཞིབ་གནང་རྒྱུ་དང་མ་དངུལ་གཏོང་འཇོག་བྱ་རྒྱུ་བྱས།  ཝང་ཧོ་ཞིན་གྱིས་ཧའེ་ནན་མཁའ་འགྲུལ་ཚོགས་པའི་འགྲེལ་ཡོད་གནས་ཚུལ་ངོ་སྤྲོད་གནང་ཞིང་། དཀར་མཛེས་ཁུལ་དུ་ཕེབས་ནས་རྟོག་ཞིབ་ཟབ་མོ་གནང་རྒྱུ་ཡིན་ཞེས་བསྟན་སོང་། ཁུལ་ཨུའི་རྒྱུན་ཨུ། དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་བྱམས་ལོ་དང་། ཁུལ་སྲིད་གཞུང་གི་ཁུལ་དཔོན་ཀོ་ཉིང་རྣམ་གཉིས་ཀྱང་བཞུགས་མོལ་ལ་ཞུགས་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1