ཞི་ཅིན་ཕིང་གིས་ཚན་རྩལ་ཆེད་མངག་པའི་ལམ་ལུགས་ལག་བསྟར་བྱས་ནས་ལོ་ཉི་ཤུ་ལོན་པར་མཛུབ་སྟོན་གལ་ཆེན་གནང་།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 10-23


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚན་རྩལ་ཆེད་མངག་པའི་ལམ་ལུགས་ལག་བསྟར་བྱས་ནས་ལོ་ཉི་ཤུ་ལོན་པར་མཛུབ་སྟོན་གལ་ཆེན་གནང་སྟེ་གསུངས་རྒྱུར། ཚན་རྩལ་ཆེད་མངག་པའི་ལམ་ལུགས་ལག་བསྟར་བྱས་ནས་ལོ་ཉི་ཤུ་ལོན་པའི་རིང་ལ། ཤེས་ལྡན་མི་སྣ་སྐྱེད་སྲིང་དང་ཚན་རྩལ་གཞི་རིམ་དུ་བསྐྱོད་པ། ཞིང་གསུམ་ལ་ཞབས་ཕྱི་བསྒྲུབས་པ་རྒྱུན་འཁྱོངས་བྱས་ཏེ་དཔུང་སྡེ་སྔར་ལས་འཕེལ་རྒྱས་སུ་སོང་བའི་དབང་གིས་ཏང་གི་ཞིང་གསུམ་སྲིད་ཇུས་ཀྱི་དྲིལ་སྒྲོག་རུ་ཁག་དང་ཞིང་ལས་ཚན་རྩལ་གྱི་བརྒྱུད་གཏོང་མཁན། ཚན་རྩལ་གསར་སྐྲུན་ལས་སྤེལ་གྱི་སྣེ་ཁྲིད་མཁན། ཞང་སྡེ་དབུལ་ཐར་ཕྱུག་སྒྱུར་གྱི་ཁྲིད་སྟོན་མཁན་དུ་གྱུར་བས། རྒྱ་ཆེའི་ཞིང་བ་རྣམས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སྣང་ཇེ་དྲག་ཏུ་གྱུར་ཟེར།

        ཞི་ཅིན་ཕིང་གིས་བསྟན་དོན། གསར་སྐྲུན་ནི་ཞང་སྡེ་ཁྱོན་ཡོངས་དར་སྤེལ་གྱི་འདེགས་ཤུགས་གཙོ་བོ་ཡིན། ཚན་རྩལ་ཆེད་མངག་པའི་ལམ་ལུགས་རྒྱུན་འཁྱོངས་བྱེད་པ་དེ་ཚན་རྩལ་གསར་སྐྲུན་ཤེས་ལྡན་མི་སྣས་ཞང་སྡེ་དར་སྤེལ་ལ་ཞབས་ཕྱི་བསྒྲུབ་པའི་བྱ་བ་གཙོ་བོར་བརྩིས་ཏེ་སྔར་ལས་དམ་འཛིན་བྱེད་དགོས། རྒྱ་ཆེའི་ཚན་རྩལ་ཆེད་མངག་པས་ཐོག་མའི་བསམ་འདུན་མི་བརྗེད་པར་ཚན་རྩལ་རོགས་ཤུགས་ལ་བརྟེན་ནས་དབུལ་ཐར་མཁྲེགས་གཏོར་དང་ཞང་སྡེ་དར་སྤེལ་བྱ་བའི་ཐད་ལ་བྱས་རྗེས་ཆེན་པོ་འཇོག་དགོས་ཟེར།

        ཚན་རྩལ་ཆེད་མངག་པའི་ལམ་ལུགས་ལག་བསྟར་བྱས་ནས་ལོ་ཉི་ཤུ་ལོན་པའི་སྤྱི་བསྡོམས་གྲོས་ཚོགས་ཚེས་ཉེར་གཅིག་ཉིན་པེ་ཅིན་ནས་ཚོགས་པ་དང་ཚོགས་ཐོག་ཏུ་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་སྒྲོག་བྱས།

        ཚོགས་ཐོག་ནས་ཚན་རྩལ་ཆེད་མངག་པ་གོ་གཉིས་དང་རྩ་འཛུགས་ལག་བསྟར་ལས་ཁུངས་ཞེ་གསུམ་ལ་གཟེངས་བསྟོད་བྱས་པ་དང་། ཀྲེ་ཅང་ཞིང་ཆེན་དང་ཧྥུའུ་ཅན་ཞིང་ཆེན། ཅང་ཞི་ཞིང་ཆེན། དེ་མིན་ཚན་རྩལ་ཆེད་མངག་པའི་འཐུས་མིས་ཚོགས་ཐོག་ཏུ་བརྗེ་རེས་གཏམ་བཤད་སྤེལ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1