རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་བསྐྲུན་པ།

རྩོམ་སྒྲིག་པ།ཡོང་ཁུངས།ཚུལ་ཁྲིམས་རྡོ་རྗེ། སྤེལ་དུས། 10-25


     ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། བློ་སེམས་མཐུན་པོས་ཀྲུང་གོའི་ཕུགས་བསམ་བསྐྲུན། ཅེས་དང་། མཉམ་དུ་མཐུན་སྒྲིལ་འབད་བརྩོན་བྱེད། མཉམ་དུ་དར་རྒྱས་གོང་འཕེལ་བྱེད། ཅེས་པ་སོགས་རྣ་བར་འཇགས་ཤིང་ངག་ལ་གསལ་བའི་ཚིག་ཁ་འདི་དག་རྔ་བ་ཁུལ་གྱི་རིགས་སོ་སོའི་མང་ཚོགས་རྣམས་ཀྱི་ཐུན་མོང་གི་སེམས་སྒྲ་རུ་གྱུར་ཡོད།
    དུས་ཡུན་རིང་པོ་ནས་བཟུང་སྟེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་འདུ་ཤེས་ཇེ་ཟབ་ཏུ་གཏོང་ཆེད་དུ། རང་ཁུལ་གྱིས་གངས་རི་དང་རྩྭ་ཐང་ཞེས་པའི་མང་ཚོགས་ཀྱི་སྒྲོག་འགྲེལ་ཚོགས་པ་དང་། གཅེན་མོ་དང་གཅུང་མོའི་སྒྲོག་འགྲེལ་ཚོགས་པ་ཞེས་པ་དང་། རྟ་རྒྱབ་ཀྱི་སྒྲོག་འགྲེལ་ཚོགས་པ་སོགས་རྩ་འཛུགས་བགྱིས་ཏེ། རྒྱལ་གཅེས་དང་མཐུན་སྒྲིལ་དང་དྲིན་གཟོ་དང་ཁྲིམས་བརྩི་བཅས་བརྗོད་གཞིར་བཟུང་བའི་སྒྲོལ་འགྲེལ་11500ལྷག་བྱས་ཤིང་། དེར་ལས་བྱེད་མང་ཚོགས་ཞུགས་ཚད་མི་ཐེངས་ཁྲི་130.66ལྷག་ལས་བརྒལ་བར་གྱུར། འབྲལ་མེད་གསུམ་དང་། ངོས་འཛིན་གཅིག་མཐུན་ལྔ་བཅས་ཀྱི་བསམ་བློའི་རྩད་པ་མི་སེམས་སུ་ཞུགས་པར་བྱས། ཀྲུང་ཧྭ་མི་རིགས་ཀྱི་གཟུགས་བརྙན་ལེགས་པོ་འཛུགས་པར་ཤུགས་སྣོན་དང་། ཏང་ལ་དགའ་བ་དང་། རྒྱལ་ཁབ་ལ་དགའ་བ། དབུ་ཁྲིད་ལ་དགའ་བ་བཅས་ཀྱི་དྲིལ་སྒྲོག་བྱེད་སྒོ་སྤེལ་བར་མ་ཟད། དབུ་ཁྲིད་རྣམས་ཀྱི་བྲིས་སྐུ་ཞུགས་པ་བདུན་གྱི་བྱེད་སྒོ་གཏིང་ཟབ་ཏུ་སྤེལ་ཏེ། རིགས་སོ་སོའི་མང་ཚོགས་རྣམས་ཀྱི་ཏང་གི་བཀའ་དྲིན་དྲན་པ་དང་། མེས་རྒྱལ་ལ་དགའ་བ་དང་། ཁྲིམས་སྐྱོང་ལ་བརྩི་བ་དང་། འབྱོར་འབྲིང་ལ་སྙེགས་པ་བཅས་ཀྱི་སྤྲོ་སེམས་བསྐུལ་ཞིང་། ཀྲུང་ཧྭ་མི་རིགས་ཐུན་མོང་གི་འདུ་ཤེས་བརྟན་དུ་བཏང་ངོ་།།  


    ཁུལ་ཡོངས་ཀྱིས་ཧུར་བརྩོན་ཆེན་པོས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་གསོ་སྐྱོང་དང་ལག་བསྟར་ལྷག་པར་བྱས་ཤིང་། གུས་བརྩི་དང་། ཕན་སེམས། འཆམ་མཐུན། གྲོན་ཆུང་བཅས་ཀྱི་ཀུན་སྤྱོད་ཁྱབ་སྤེལ་གྱི་བྱེད་སྒོ་གཏིང་ཟབ་ཏུ་སྤེལ་བ་དང་། གམ་གྱི་དོན་བཟང་གིས་གམ་གྱི་མི་ལ་སློབ་གསོ་དང་ལམ་སྟོན་བྱས་ཏེ། དཔེ་གཞི་ལ་སློབ་པ་དང་། རང་ཉིད་ཀྱིས་དཔེ་གཞི་བྱེད་པའི་གོམས་སྲོལ་བཟང་པོ་ཆགས་པར་གྱུར། ལོ་རྒྱུས་ཀྱི་བརྗེད་ཐོ་དང་། འཆམ་མཐུན་གྱི་ཕ་ཡུལ་ཞེས་པའི་ངག་ཐོག་ནས་ལོ་རྒྱུས་གླེང་བའི་བྱེད་སྒོ་སྤེལ་ཏེ། ངག་ཐོག་ནས་བཤད་པའི་ལོ་རྒྱུས་ཀྱི་ཆེད་དོན་དངོས་མཚོན་གློག་བརྙན་ལེའུ་162ཕབ་བསྐྲུན་བྱས་ཤིང་། ཀྲུང་ཧྭ་མི་རིགས་ཐུན་མོང་གི་འདུ་ཤེས་བསྐྲུན་ཤུགས་ཇེ་མགྱོགས་སུ་བཏང་ངོ་།།
    གཙོ་རྒྱུག་འཕྲིན་སྦྱོར་དུ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་བསྐྲུན་པའི་ཆེད་བསྒྲིགས་ལེའུ་ཚན་བཟོས་ཏེ། ཤུགས་ཆེན་པོས་ཏང་དང་རྒྱལ་ཁབ་ཀྱི་མི་རིགས་སྲིད་ཇུས་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་མིག་དཔེ་དྲིལ་སྒྲོག་བྱས་པ་དང་། རྫོང་དང་གྲོང་ཁྱེར་སོ་སོའི་ཐང་ཆེན་དང་། འགྲིམ་འགྲུལ་གྱི་ལམ་མདོ། འབབ་ཚུགས་སོགས་སུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་སྒྲོག་གི་ཡི་གེ་སོགས་སྦྱར་ཞིང་བཀྲམ་པ་དང་། རང་ཁུལ་གྱིས་ནུས་པ་ཡོད་དགུ་གཅིག་ཏུ་བསྒྲིལ་ཞིང་། ཤུགས་ཆེན་པོས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མཁའ་དབུགས་མཐུག་པོ་བསྐྲུན་པའོ།།

རིག་གནས་ནི་མི་རིགས་ཤིག་གི་རྣམ་ཤེས་ཡིན་པས།  རིག་གནས་ལ་བརྩི་མཐོང་དང་ཁས་ལེན་བྱ་རྒྱུ་ནི་མི་རིགས་མཐུན་སྒྲིལ་འོངས་པའི་རྩ་བ་ཡིན།
        དངོས་མིན་ཤུལ་བཞག་རིག་གནས་ཀྱི་རྩ་བ་བསྔོགས་པ་སྟེ། མིག་སྔར། ཁུལ་ཡོངས་སུ་འཛམ་གླིང་རིམ་པའི་དངོས་མིན་ཤུལ་བཞག་རིག་གནས་མིང་ཡིག་ཏུ་ཚུད་པ་1དང་། རྒྱལ་ཁབ་རིམ་པའི་དངོས་མིན་ཤུལ་བཞག་རིག་གནས་རྣམ་གྲངས་19དང་། ཞིང་ཆེན་རིམ་པའི་དངོས་མིན་ཤུལ་བཞག་རིག་གནས་རྣམ་གྲངས་73དང་། ཁུལ་རིམ་པའི་དངོས་མིན་ཤུལ་བཞག་རིག་གནས་རྣམ་གྲངས་457ཡོད་ལ། རྒྱལ་ཁབ་རིམ་པའི་དངོས་མིན་ཤུལ་བཞག་རིག་གནས་ཀྱི་ཚབ་མཚོན་རང་བཞིན་གྱི་རྒྱུད་འཛིན་པ་13དང་། ཞིང་ཆེན་རིམ་པའི་དངོས་མིན་ཤུལ་བཞག་རིག་གནས་ཀྱི་རྒྱུད་འཛིན་པ་82དང་། ཁུལ་རིམ་པའི་དངོས་མིན་ཤུལ་བཞག་རིག་གནས་ཀྱི་རྒྱུད་འཛིན་པ་371བཅས་ཡོད་དོ།།

    རིག་གནས་ལས་དོན་དར་བའི་རྨང་རྡོ་བརྟན་པོར་བཞག་པ་སྟེ། གཏིང་ཟབ་མོས་རིག་གནས་དམངས་ཕན་གྱི་བྱ་བ་ལག་བསྟར་བྱས་ཤིང་། ཤུགས་ཆེན་པོས་རིག་གནས་སྣ་མང་གི་ཞབས་ཞུའི་ལྟེ་གནས་དང་། རིག་གནས་ར་བ་སོགས་རྣམ་གྲངས་བསྐྲུན་པར་འབད་པ་བྱས་ཏེ།འབར་ཁམས་དང་། འཛམ་ཐང་དང་། ལིས་རྫོང་བཅས་ཀྱི་ཟློས་གར་གྲོང་གསེབ་ཏུ་འཁྲབ་པར་བསྐྱོད་པ་དང་། རྔ་བ་ཁུལ་གྱི་བོད་ཆའང་གི་ཟློས་གར་སློབ་གླིང་དུ་བསྐྱོད་པ་སོགས་ཀྱི་རྒྱུན་འཛིན་ལས་གཞི་ལ་ཁག་བཞི་པའི་རྒྱལ་ཁབ་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་གི་དཔེ་སྟོན་འཛུགས་བསྐྲུན་གྱི་རྣམ་གྲངས་སུ་ཆོག་མཆན་བཀོད། 2019ལོའི་ལོ་སྟོད་ཁོ་ནར་ཡང་། ཁུལ་ཡོངས་སུ་རིག་གནས་དམངས་ཕན་གྱི་འཁྲབ་སྟོན་ཐེངས་500ལྷག་བྱས་ཤིང་། གློག་བརྙན་ཐེངས་7000ལྷག་ལ་བཏང་བའོ།།
        རིག་གནས་ཐོན་ལས་གྱི་གཞི་རྟེན་དར་ཞིང་རྒྱས་པར་བཏང་བ་སྟེ། རིག་གནས་ཐོན་ལས་ཀྱི་དཔེ་སྟོན་གླིང་ཁུལ་4སོགས་བཙུགས་ཤིང་། ཤུགས་ཆེན་པོས་མི་རིགས་རིག་གནས་ཀྱི་ཐོན་ལས་གཅིག་འདུས་ཁུལ་བསྐྲུན་རྒྱུ་གོང་དུ་སྤེལ་ཞིང་།《རྔ་ཁུལ་གྱི་རིག་གནས་ཐོན་ལས་འཕེལ་རྒྱས་རོགས་སྐྱོར་གྱི་བྱེད་ཐབས》བཀྲམ་པ་དང་། རིག་གནས་ཐོན་ལས་རྣམ་གྲངས་ཀྱི་མཛོད་བསྐྲུན་ཏེ། སྲོལ་རྒྱུན་གྱི་བཟོ་རྩལ་དར་བར་བྱས་ལ། ཆའང་གི་འཚེམ་དྲུབས་དང་། བོད་ཀྱི་བསླས་འཐག་ཏུ་ཁམ་བུའི་མེ་ཏོག་འཚེམ་དྲུབས་ཏེ། རྣམ་གྲངས་འདི་གཉིས་ཁག་དང་པོའི་རྒྱལ་ཁབ་ཀྱི་སྲོལ་རྒྱུན་བཟོ་རྩལ་དར་རྒྱས་ཀྱི་རྣམ་གྲངས་སུ་ཚུད། བོད་ཆའང་དབྱིས་རིགས་བཅས་ཀྱི་རིག་གནས་ཐོན་ལས་ཀྱི་ཁྱམས་ར་བསྐྲུན་པར་ཕྱོགས་ཏེ། ཤུགས་ཆེན་པོས་རྐང་འཛིན་ཁེ་ལས་གསོ་སྐྱོང་གི་ལས་གཞི་ལག་བསྟར་བྱས་པ་དང་། ཐང་ག་དང་། ཆའང་དྲུབས་སོགས་སྐད་གྲགས་ཆོད་པའི་ཚོང་རྟགས་ཀྱང་བསྐྲུན་པ་བཅས་སོ།།

        རིག་གནས་བརྩེ་རེས་དང་མཉམ་འདྲེས་ལ་སྐུལ་འདེད་བྱས་པ་སྟེ། ཚད་གཞི་མཐོན་པོས་ཧུང་ཡོན་རྫོང་གི་ནོར་གནག་རོལ་དབྱངས་དུས་སྟོན་དང་། འབར་ཁམས་ཀྱི་སྐོར་བྲོ་དུས་སྟོན་སོགས་རིག་གནས་ཀྱི་བྱེད་སྒོ་གལ་ཆེན་གྱི་ཚོང་རྟགས་བཏོད་པ་དང་། རྫོང་རེར་དུས་སྟོན་རེ་དང་རྟགས་མ་རེ་ཡོད་པའི་གནས་བབ་ལེགས་པོ་བརྟན་དུ་བཏང་ལ། མི་རིགས་ཀྱི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་དང་སྲུང་སྐྱོབ་བྱེད་པ་གལ་བོ་ཆེར་བཟུང་སྟེ། བདེ་བླག་ངང་མི་རིགས་ཀྱི་རོལ་མོའི་ཟློས་གར་《རལ་བའི་རྣམ་ཤེས་》ཞེས་པ་བཏོན་ལ། རྒྱལ་ཡོངས་ཀྱི་ཆེས་ཐོག་མའི་རྒྱལ་རོང་སྐད་ཀྱི་གློག་བརྙན་《ང་ཡི་ཆང་གསོལ་རོགས་》ཞེས་པ་རྒྱལ་ཡོངས་སུ་མངགས། དངོས་མིན་ཤུལ་བཞག་རིག་གནས་རྣམ་གྲངས་དང་། བོད་ཆའང་གི་རིག་གནས་སྒྱུ་རྩལ་གྱི་སྤུས་དག་དངོས་རྫས་ཨུ་རུ་སུའི་ཧྲང་པི་ཏེ་པའོ་དང་། མ་ལེ་ཞི་ཡའི་པིན་ཁྲེང་ཁུལ་དུ་ཁྱེར་ཏེ་ཕྱི་ཕྱོགས་སུ་རིག་གནས་བརྗེ་རེས་བྱ་བའང་བསྒྲུབས་པ་བཅས་སོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1