གཙོ་ངོས།>> གསར་འགྱུར།>>བོད་ཁུལ་གཞན་དག

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༡༠ཚེས་༢༨ཉིན།

དངོས་མིན་རིག་གནས་ཤུལ་བཞག་རྒྱན་གོས་འགྲེམས་སྟོན་པེ་ཅིང་དུ་སྤེལ་བ།



     ཟླ་10ཚེས་18ཉིན། 2019ལོའི་ལོ་འཁོར་གྱི་“མཛེས་སྡུག་ལྡན་པའི་ཀྲུང་ཧྭ----ཀྲུང་གོའི་དངོས་མིན་རིག་གནས་ཤུལ་བཞག་གི་རྒྱན་གོས་འགྲེམས་སྟོན”པེ་ཅིང་ཅིན་ཧྲན་སྤྱི་གླིང་ཧྲའོ་ཧོང་གཟིམ་ཤག་ཏུ་སྤེལ། རྒྱལ་ཁབ་ཀྱི་དངོས་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་ཞིབ་འཇུག་ལྟེ་གནས་ཀྱི་སྤུས་རྟགས་ཅན་གྱི་བྱེད་སྒོ་གཅིག་ཡིན་པའི་ཆ་ནས། “མཛེས་སྡུག་ལྡན་པའི་ཀྲུང་ཧྭ།”དངོས་མིན་རིག་གནས་ཤུལ་བཞག་རྒྱན་གོས་འགྲེམས་སྟོན་ནི་རིག་གནས་དང་ཡུལ་སྐོར་པུའུ།  གུང་ཝང་གཟིམ་ཤག་རྟེན་རྫས་བཤམས་སྟོན་ཁང་གིས་འགོ་འཛིན་བྱས་ཤིང་། ཀྲུང་གོའི་འཁེལ་འཐག་བཟོ་ལས་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་་དངོས་མིན་རིག་གནས་ཤུལ་བཞག་གཞུང་ལས་ཁང་། པེ་ཅིང་རྒྱན་གོས་སློབ་གླིང་། པེ་ཅིང་གྲོང་ཁྱེར་སྤྱི་གླིང་དོ་དམ་ལྟེ་གནས། ཀྲུང་གོའི་རྒྱལ་སྤྱིའི་དར་སྲོལ་གཟའ་འཁོར་རྩ་འཛུགས་ཨུ་ཡོན་ལྷན་ཁང་། ཀྲུང་དབྱང་མི་རིགས་སློབ་ཆེན་གྲངས་ཉུང་མི་རིགས་རྒྱན་གོས་ཞིབ་འཇུག་ཁང་བཅས་དང་མཉམ་འབྲེལ་བྱས་ཏེ་སྤེལ་བ་ཞིག་རེད། ཚེས་18ཉིན་ནས་ཚེས་24ཉིན་བར། བརྗོད་དོན་མི་འདྲ་བའི་རྒྱན་གོས་འགྲེམས་སྟོན་འཁྲབ་ཐེངས་14བསྟུད་མར་སྤེལ་ཏེ་གཟིགས་མོ་བ་རྣམས་རིག་གནས་སྒྱུར་རྩལ་གྱི་ལོངས་སྤྱོད་གྱ་ནོམ་པ་ཕུལ་ཡོད།
    བྱེད་སྒོ་དབུ་ཚུགས་པའི་དགོང་མོར་“ཏུན་ཧོང་གི་ཉམས་”དང་“ཡར་ཀླུང་གཙང་པོ་”ཞེས་པའི་རྒྱན་གོས་འགྲེམས་སྟོན་གཉིས་སྤེལ་བ་དང་། དེ་ནི་ཇུས་འགོད་པ་ཞོང་དབྱིང་གིས་ཏུན་ཧོང་ལྡེབས་རིས་ལས་བྱུང་བའི་ཚོར་བ་དེ་སྲོལ་རྒྱུན་ལག་རྩལ་དང་དེང་རབས་ཇུས་འགོད་ནང་ཟུང་དུ་སྦྲེལ་ཡོད་པ་བརྒྱུད། གནའ་དེང་མཉམ་འབྲེལ་དང་། ཤར་ནུབ་མཉམ་འདྲེས་ཀྱི་དུས་རབས་ཀྱི་བརྩམས་ཆོས་ཤིག་བརྩམས་ཡོད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1