ཞི་ཅིན་ཕིང་གིས་ཉིས་སྟོང་བཅུ་དགུ་ལོའི་འཛམ་གླིང་ན་གཞོན་ཚན་རིག་པའི་མཐོ་རིམ་གྲོས་ཚོགས་ལ་རྟེན་འབེྲེལ་ཞུ་བའི་འཕྲིན་ཡིག་བསྐུར།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 10-28


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་བའི་ཚེས་ཉེར་དྲུག་ཉིན། ཉིས་སྟོང་བཅུ་དགུ་ལོའི་འཛམ་གླིང་ན་གཞོན་ཚན་རིག་པའི་མཐོ་རིམ་གྲོས་ཚོགས་ཀྲེ་ཅང་ཝུན་ཀྲིག་ནས་ཚོགས་པ་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།
        ཞི་ཅིན་ཕིང་གིས་གསུངས་རྒྱུར། དེང་སྐབས། སྐོར་ཐེངས་གསར་བའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་སྒྱུར་བཅོས་དར་རྒྱས་གོང་འཕེལ་དུ་འགྲོ་བཞིན་ཡོད། ཚན་རྩལ་གྱི་མ་འོངས་དེ་ན་གཞོན་པར་རག་ལས་ཡོད་པས། ཚན་རྩལ་མི་སྣའི་བརྗེ་རེས་གཏིང་ཟབ་ཏུ་སྤེལ་བ་དང་ན་གཞོན་གསར་སྐྲུན་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་ནི་རྒྱལ་ཁབ་སོ་སོའི་ཐུན་མོང་གི་རེ་འདུན་ཡིན། ཚོགས་འདུར་ཞུགས་པའི་མགྲོན་པོ་རྣམས་ཀྱིས་གནམ་འོག་གི་འཇོན་མི་གཅིག་སྡུད་བྱས་ཏེ་མཛེས་པའི་མ་འོངས་པ་མཉམ་སྐྲུན་བྱེད་པ་བརྗོད་དོན་གཙོ་བོ་བྱས་ཏེ། བསམ་བློ་བརྗེ་རེས་དང་ཕན་ཚུན་ལ་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ་དང་། མཛའ་མཐུན་འབྲེལ་བ་སྲ་བརྟན་དུ་གཏོང་བ། མཉམ་ལས་ཀྱི་སྦྲེལ་ཐག་དམ་པོ་བྱས་ནས། སྔར་ལས་མང་པོའི་ན་གཞོན་ཚན་རྩལ་པར་ནུས་པ་ཆེན་པོ་འདོན་དུ་འཇུག་པ་དང་ཕུགས་འདུན་མངོན་འགྱུར་བྱེད་དུ་འཇུག་དགོས་ལ། ཚན་རྩལ་གསར་སྐྲུན་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པ་དང་མིའི་རིགས་འཕེལ་རྒྱས་ཀྱི་མཛེས་པའི་མ་འོངས་པ་མཉམ་སྐྲུན་བྱེད་དགོས་ཟེར།
        ཉིས་སྟོང་བཅུ་དགུ་ལོའི་འཛམ་གླིང་ན་གཞོན་ཚན་རིག་པའི་མཐོ་རིམ་གྲོས་ཚོགས་དེ་ཀྲུང་གོ་ཚན་རིག་ལག་རྩལ་མཐུན་ཚོགས་དང་ཀྲེ་ཅང་ཞིང་ཆེན་མི་དམངས་སྲིད་གཞུང་གཉིས་ཀྱིས་མཉམ་དུ་བསྒྲུབས་པ་དང་ཚེས་ཉེར་དྲུག་དང་ཚེས་ཉེར་བདུན་ཉིན་གཉིས་ལ་ཀྲེ་ཅང་ཝུན་ཀྲིག་ནས་ཚོགས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1