༄༅།། གནམ་གྲུར་སྡོད་དུས་ཐོབ་ཐང་ལག་ཁྱེར་འཁྱེར་རྒྱུ་བརྗེད་སོང་ན་ཅི་བྱ།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 10-28


        གསར་འགོད་པས་ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུས་ནས་ཤེས་རྟོགས་བྱུང་བ་ལྟར་ན། རྒྱལ་ཡོངས་ཀྱི་གནམ་ཐང203གྱིས་ཉེ་ཆར“དམངས་སྤྱོད་མཁའ་འགྲུལ་གྱི་གནས་སྐབས་གནམ་གྲུར་སྡོད་པའི་དཔང་ཡིག”དངོས་སུ་སྤྱོད་མགོ་ཚུགས་པ་དང་། སླད་ཕྱིན་འགྲུལ་པས་ཐོབ་ཐང་ལག་ཁྱེར་འཁྱེར་རྒྱུ་བརྗེད་ཚེ་སྐད་འཕྲིན་སྤྱད་དེ་རྩ་གཉིས་ཨང་རྟགས་བཟོས་ཚེ་མགྱོགས་མྱུར་ངང་གནམ་གྲུར་སྡོད་པའི་འགྲོ་ལུགས་སྒྲུབ་པ་དང་གནམ་གྲུར་བསྡད་ཆོག
        དམངས་སྤྱོད་མཁའ་འགྲུལ་ཅུས་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལི་ཡན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། མ་ལག་དེ་རེ་ཞུ་མཉེན་ཆས་དང་ར་སྤྲོད་སྒྲིག་ཆས་ལས་གྲུབ་པ་དང་།མཉེན་ཆས་ཐོ་འགོད་བྱེད་སྟངས་རིགས་གསུམ་ཡོད་པ་སྟེ།གཅིག་ནི་འཕྲིན་ཕྲན་གྱི་ལས་རིམ་ཆུང་ངུའི་ནང“དམངས་སྤྱོད་མཁའ་འགྲུལ་གྱི་གནས་སྐབས་གནམ་གྲུར་སྡོད་པའི་དཔང་ཡིག”ཅེས་པ་འཚོལ་ཞིབ་བྱེད་པ།གཉིས་ནི་འཕྲིན་ཕྲན་ཐོག་ནས་ལས་རིམ་ཆུང་ངུའི་རྩ་གཉིས་ཨང་རྟགས་བཤེར་འབེབས་བྱེད་པ།གསུམ་ནི་འཕྲིན་ཕྲན་གྱི“གྲོང་ཁྱེར་གྱི་ཞབས་ཞུ”ལས“འགྲིམ་འགྲུལ་ཕྱིར་སྐྱོད”གདམ་དགོས་པ་དང་དེ་ནས“གནས་སྐབས་གནམ་གྲུར་སྡོད་པའི་དཔང་ཡིག”ཅེས་པ་གདམ་དགོས།འགྲུལ་པས་ཐོ་འཇུག་བྱས་རྗེས་དྲན་སྐུལ་གྱི་གོ་རིམ་གཞིར་བཟུང་ནས་རེ་ཞུ་གང་མགྱོགས་ཀྱིས་ལེགས་པོར་སྒྲུབ་ཐུབ་པ་དང་། རེ་ཞུ་ཕུལ་རྗེས་ཀྱི་སྐར་ཆ60ནང་གློག་རྡུལ་རྫུན་འགོག་རྩ་གཉིས་ཨང་རྟགས་རེག་གི་ཡོད་པ་དང་།རྩ་གཉིས་ཨང་རྟགས་དེར་བརྟེན་ནས་གནམ་གྲུའི་འགྲོ་ལུགས་གཉེར་ཆོག་པ་དང་བདེ་འཇགས་ཞིབ་བཤེར་དང་ལེན་བྱེད་ཐུབ་པས། གོ་ཆོད་དུས་ཡུན་ཉིན15ཡིན། གལ་ཏེ་ཉིན15ལས་བརྒལ་ན་ཡང་བསྐྱར་ཐེངས་གཅིག་ལ་རེ་ཞུ་འབུལ་དགོས་པ་དང་། གྲོན་དངུལ་གང་ཡང་སྡུད་ལེན་བྱེད་ཀྱིན་མེད།ཤེས་རྟོགས་བྱུང་བར་གཞིགས་ན། གལ་ཏེ་འགྲུལ་པས་ལམ་ཆས་མངགས་འདྲེན་བྱེད་དགོས་བྱུང་ན། “གནས་སྐབས་གནམ་གྲུར་སྡོད་པའི་དཔང་ཡིག་”བཟུང་སྟེ་ཐོབ་ཐང་ར་སྤྲོད་བྱེད་ཆོག །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1