ཞི་ཅིན་ཕིང་གིས་པ་ཞིའི་ཙུང་ཐུང་པོ་སོ་ན་ལོ་དང་གྲོས་མོལ་མཛད།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 10-28


ཟླ་བཅུ་བའི་ཚེས་ཉེར་ལྔ་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་པ་ཞིའི་ཙུང་ཐུང་པོ་སོ་ན་ལོ་དང་གྲོས་མོལ་མཛད།

        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་བའི་ཚེས་ཉེར་ལྔ་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་པ་ཞིའི་ཙུང་ཐུང་པོ་སོ་ན་ལོ་དང་གྲོས་མོལ་མཛད།
        ཞི་ཅིན་ཕིང་གིས་གསུངས་རྒྱུར། ཀྲུང་གོ་དང་པ་ཞིའི་བར་འབྲེལ་བ་བཙུགས་ནས་ལོ་ཞེ་ལྔའི་རིང་ལ། ཕྱོགས་གཉིས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ཕན་ཚུན་ལ་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་ཚུལ་འཛིན་པ་དང་། གཉིས་ཕན་མཉམ་རྒྱལ་བྱས་པ་དེ་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོའི་བར་དུ་མཐུན་སྒྲིལ་མཉམ་ལས་དང་མཉམ་དུ་འཕེལ་རྒྱས་སུ་འགྲོ་བའི་དཔེ་སྟོན་དུ་གྱུར་ཡོད། དེང་སྐབས། ཀྲུང་གོ་དང་པ་ཞི་རྒྱལ་ཁབ་གཉིས་ཀ་རྒྱལ་ཁབ་འཕེལ་རྒྱས་ཀྱི་གནད་འགག་དུས་སྐབས་སུ་གནས་ཡོད་པས། ང་ཚོས་འདས་ཟིན་པར་སྤྱི་བསྡོམས་བྱེད་པ་དང་མ་འོངས་པར་རྒྱང་ལྟ་བྱས་ཏེ། ཀྲུང་གོ་དང་པ་ཞིའི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་བ་དང་། འཛམ་གླིང་དང་ས་ཁུལ་གྱི་ཞི་བདེ་དང་བརྟན་འཇགས། དར་རྒྱས་བཅས་སྲུང་སྐྱོབ་བྱེད་པར་དྲང་ཚད་ཀྱི་ནུས་ཤུགས་འདོན་དགོས་ཟེར།
    པོ་སོ་ན་ལོ་ཡིས་བཤད་རྒྱུར། ཀྲུང་གོ་ནི་པ་ཞི་ཡི་རླབས་ཆེ་བའི་མཉམ་ལས་གྲོགས་པོ་ཡིན་པ་དང་། པ་ཞི་དང་ཀྲུང་གོའི་བར་ཐག་རིང་ནའང་འདུ་ཤེས་འདྲ་མཚུངས་ཡིན། པ་ཞི་ཡིས་ཀྲུང་གོ་རྒྱལ་ཁབ་ཆེན་པོའི་གོ་གནས་ལ་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་རྒྱུ་དེ་པ་ཞིའི་ཕྱི་འབྲེལ་གྱི་ཐོག་མའི་ཁ་ཕྱོགས་ཡིན། བདག་གིས་ཁྱེད་དང་མཉམ་དུ་འབད་བརྩོན་བྱས་ཏེ། པ་ཞི་དང་ཀྲུང་གོའི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བ་དང་། པ་ཞི་དང་ཀྲུང་གོའི་འབྲེལ་བའི་སྤུས་ཚད་མཐོར་འདེགས་སུ་གཏོང་བར་མ་ཟད། ལག་རྡང་སྦྲེལ་ཏེ་མཉམ་དུ་འཕེལ་རྒྱས་སུ་འགྲོ་བ་མངོན་འགྱུར་བྱེད་པ་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་འདོད་ཡོད་ཟེར།
        གྲོས་མོལ་མ་མཛད་པའི་སྔོན་ལ། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱི་རོལ་ཐང་ཆེན་དུ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས་ཏེ། པ་ཞིའི་ཙུང་ཐུང་པོ་སོ་ན་ལོ་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲིར་ཡོང་བར་བསུ་མ་བྱས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1