གཙོ་ངོས།>> གསར་འགྱུར།>>བོད་ཁུལ་གཞན་དག

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༡༠ཚེས་༣༠ཉིན།

ཁྲོན་བོད་མཉམ་འབྲེལ་བྱས་ནས་བོད་ལྗོངས་ཀྱི་ཀུ་ཤུ་ཚད་ལྡན་ཅན་གྱི་འདེབས་འཛུགས་ལ་སྐུལ་འདེད་བཏང་བ།

འདི་ནི་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་ཆབ་ནག་ཤང་གླིང་བར་གྲོང་ཚོར་གནས་པའི་ཚད་མཐོའི་ཀུ་ཤུ་འདེབས་འཛུགས་དཔེ་སྟོན་གླིང་རེད།
            ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10ཚེས26ཉིན་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་ཆབ་ནག་ཤང་གླིང་བར་གྲོང་ཚོའི་ཀུ་ཤུའི་ལྡུམ་རའི་འགྲམ་དུ་བོད་ལྗོངས་ཀྱི་ཀུ་ཤུ་ཚད་ལྡན་ཅན་འདེབས་འཛུགས་དཔེ་སྟོན་དང་ལག་རྩལ་གསོ་སྦྱོང་ཚོགས་འདུ་འཚོགས་པ་རེད། 2014ལོར་བོད་རང་སྐྱོང་ལྗོངས་དང་སི་ཁྲོན་ཞིང་ཆེན་དབར་ཞིང་འབྲོག་ཚན་རྩལ་འཐབ་ཇུས་མཉམ་ལས་གྲོས་མཐུན་བཞག་སྟེ་བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་དང་སི་ཁྲོན་ཞིང་ཆེན་ཞིང་ལས་ཚན་རིག་ཁང་དབར་མཉམ་ལས་དམ་ཟབ་བྱས་པའི་འོག  བོད་ལྗོངས་ཀུ་ཤུའི་ཐོན་ལས་ཀྱིས་སྣ་ཁ་གསར་པ་དང་། ལག་རྩལ་གསར་པ། རྣམ་པ་གསར་པ་བཅས་ཁྱབ་གདལ་བེད་སྤྱོད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ཡོད། མིག་སྔར། ཉིང་ཁྲི་གྲོང་ཁྱེར་གྱིས་ཚད་གཞི་མཐོ་བའི་འདེབས་འཛུགས་དཔེ་སྟོན་རྟེན་གཞི8བཙུགས་པ་དང་རིམ་རྩིས་བྱས་ན་མུའུ་ཁྲི3.5ཡན་ལ་དཔེ་སྟོན་ཁྱབ་གདལ་བཏང་བ་རེད། 
འདི་ནི་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་ཆབ་ནག་ཤང་གླིང་བར་གྲོང་ཚོར་གནས་པའི་ཚད་མཐོའི་ཀུ་ཤུ་འདེབས་འཛུགས་དཔེ་སྟོན་གླིང་རེད།
            ཉིང་ཁྲི་གྲོང་ཁྱེར་ལ་རྒྱ་མཚོའི་ངོས་ལས་ཆ་སྙོམས་མཐོ་ཚད་སྨི3100ཡོད་པ་དང་དེར་ཐུན་མོང་མ་ཡིན་པའི་སྐྱེ་ཁམས་ཀྱི་ལེགས་ཆ་ལྡན་ཡོད་དེ། དེ་གར་ས་བབ་མཐོ་བ་དང་། ཉིན་མཚན་གྱི་དྲོད་ཚད་ཧེ་བག་ཆེ་བ། འོད་དྲོད་ཐོན་ཁུངས་ཕུན་སུམ་ཚོགས་པ་བཅས་ཡོད་པས་ལྗང་མདོག་སྤུས་ལེགས་ཀུ་ཤུ་འདེབས་རྒྱུར་ཧ་ཅང་འཚམ་པོ་ཡོད། འོན་ཀྱང་ད་བར་སྲོལ་རྒྱུན་གྱི་ཀུ་ཤུ་འདེབས་འཛུགས་ཐད་ཕན་འབྲས་དམའ་བ་དང་། ཐོན་འབབ་དམའ་བ། སྤུས་ཀ་ཞན་པ་བཅས་ནི་བོད་ལྗོངས་ཀྱི་ཀུ་ཤུའི་ཐོན་ལས་འཕེལ་རྒྱས་ཀྱི་གནད་འགག་ཏུ་གྱུར་ཡོད། ད་ཆ་སོན་བཟང་ནང་འདྲེན་བྱེད་པ་དང་། ལག་རྩལ་འགག་སྒྲོལ་སྤེལ་པ། “ཐོན་ལས་ལག་རྩལ་སྟེགས་བུ+དཔེ་སྟོན་རྫོང་+རྟེན་གཞི+འདེབས་འཛུགས་དུད་ཆེན(ཆེད་ལས་མཉམ་ལས་ཁང་)གཏོད་པ”སོགས་ཀྱི་བྱེད་ཐབས་བརྒྱུད་དེ། ཉིང་ཁྲི་གྲོང་ཁྱེར་གྱིས་ཀུ་ཤུ་ཚད་ལྡན་ཅན་གྱི་འདེབས་འཛུགས་བྱེད་སྟངས་བཏོད་པས་སྲོལ་རྒྱུན་འདེབས་འཛུགས་ལས་ལྡབ4ཙམ་འཕར་པ་རེད། ཀུ་ཤུ་ཚད་ལྡན་ཅན་གྱི་འདེབས་འཛུགས་ལས་ཐོན་རྫས་རིམ་སྤོར་བྱུང་བ་མ་ཟད། ཞིང་པའི་འབབ་འཕར་ཕྱུག་འགྱུར་ལ་ཐབས་ལམ་གསར་པ་བཏོད་པ་རེད།
འདི་ནི་ཟླ10ཚེས26ཉིན་པར་བླངས་པའི་ཀུ་ཤུའི་ཚད་གཞི་མཐོ་བའི་འདེབས་འཛུགས་དཔེ་སྟོན་ར་བའི་ནང་གི་ཀུ་ཤུ་རེད།
འདི་ནི་ཟླ10ཚེས26ཉིན་ལག་རྩལ་མི་སྣས་ཀུ་ཤུའི་ལྡུམ་རའི་ནང་ལག་རྩལ་སྤེལ་རེས་བྱེད་བཞིན་པའི་ཚུལ་རེད།
འདི་ནི་ཟླ10ཚེས26ཉིན་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་ཆབ་ནག་ཤང་གླིང་བར་གྲོང་ཚོའི་གྲོང་མིས་ཀུ་ཤུ་བཏོག་བཞིན་པ་རེད།
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1