ཡོ་རོབ་མནའ་འབྲེལ་གྱིས་དབྱིན་ཇི“ཡོ་རོབ་མནའ་འབྲེལ་ནས་ཁ་བྲལ་རྒྱུ”སླར་ཡང་ཕྱི་སྣུར་བྱ་རྒྱུའི་རེ་ཞུ་ལ་མོས་མཐུན་བྱས་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 10-30


འདི་ནི་ཟླ་10ཚེས་28ཉིན་དབྱིན་ཇིའི་ལོན་ཏོན་གྲོས་ཚོགས་ཀྱི་ཐོག་བརྩེགས་ཁང་ཆེན་ཕྱིའི་ཡོ་རོབ་མནའ་འབྲེལ་གྱི་དར་ཆ་དང་དབྱིན་ཇིའི་རྒྱལ་དར་ཡིན།

འདི་ནི་ཟླ་10ཚེས་28ཉིན་དབྱིན་ཇིའི་ལོན་ཏོན་གྲོས་ཚོགས་ཀྱི་ཐོག་བརྩེགས་ཁང་ཆེན་ཕྱིའི་ཡོ་རོབ་མནའ་འབྲེལ་གྱི་དར་ཆ་དང་དབྱིན་ཇིའི་རྒྱལ་དར་རེད།
     ཚེས་28ཉིན། ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཐུའུ་སི་ཁེས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐུའེ་ཐེ་ཐོག་ཡོ་རོབ་མནའ་འབྲེལ་གྱི་ཁོངས་མིའི་རྒྱལ་ཁབ་27གྱིས་དབྱིན་ཇིས་བཏོན་པའི“ཡོ་རོབ་མནའ་འབྲེལ་ནས་ཁ་བྲལ་རྒྱུའི”དུས་བཀག་2020ལོའི་ཟླ་1ཚེས་31ཉིན་བར་ཕྱི་སྣུར་བྱ་རྒྱུའི་རེ་ཞུ་ལ་མོས་མཐུན་བྱས་ཡོད་ཅེས་བཤད་པ་རེད། 
     དབྱིན་ཇིའི་གྲོས་ཚོགས་ཀྱི་གྲོས་ཁང་འོག་མས་ཚེས་19ཉིན་དག་བཅོས་འཆར་ཟིན་ཞིག་ལ་གྲོས་འཆམ་བྱས་ནས་དབུ་བཞུགས་བློན་ཆེན་གྱིས་ཡོ་རོབ་མནའ་འབྲེལ་དང་གྲོས་མཐུན་བྱུང་བའི“ཡོ་རོབ་མནའ་འབྲེལ་ནས་ཁ་བྲལ་བའི”གྲོས་མཐུན་གསར་པར་བརྡས་ཐག་གཅོད་རྒྱུ་ཕྱི་སྣུར་བྱས་པ་མ་ཟད། ཇོང་སེན་ལ་ཡོ་རོབ་མནའ་འབྲེལ་ལ་འཕྲིན་ཡིག་སྐུར་དུ་བཅུག་ནས“ཡོ་རོབ་མནའ་འབྲེལ་ནས་ཁ་བྲལ་རྒྱུ”སླར་ཡང་ཕྱི་སྣུར་བྱ་རྒྱུ་བརྩོན་ལེན་བྱས་པ་རེད། ཉིན་དེར་ཇོང་སེན་གྱིས་ཐུའུ་སི་ཁེར་འཕྲིན་ཡིག་བསྐུར་ནས་དེ་སྔའི“ཡོ་རོབ་མནའ་འབྲེལ་ནས་ཁ་བྲལ་རྒྱུའི”དུས་བཀག་དེ་ཟླ་10ཚེས་31ཉིན་ནས་2020ལོའི་ཟླ་1ཚེས་31ཉིན་བར་ཕྱི་སྣུར་བྱ་རྒྱུའི་རེ་ཞུ་བྱས་པ་རེད། 
     2016ལོའི་ཟླ་6པར། དབྱིན་ཇིའི་དམངས་ཡོངས་ཀྱིས་འདེམས་ཤོག་འཕངས་ནས“ཡོ་རོབ་མནའ་འབྲེལ་ནས་ཁ་བྲལ་རྒྱུའི”ཐག་བཅད་པ་རེད། 2017ལོའི་ཟླ་3ཚེས་29ཉིན“ཡོ་རོབ་མནའ་འབྲེལ་ནས་ཁ་བྲལ་རྒྱུའི”གོ་རིམ་དངོས་སུ་སྤེལ་འགོ་ཚུགས་པ་རེད། དབྱིན་ཇི་དང་ཡོ་རོབ་མནའ་འབྲེལ་དབར་གྱི་གྲོས་མཐུན་གཞིར་བཟུང་། དབྱིན་ཇིས་2019ལོའི་ཟླ་3ཚེས་29ཉིན“ཡོ་རོབ་མནའ་འབྲེལ་ནས་ཁ་བྲལ་རྒྱུ”དངོས་སུ་ལག་ལེན་བསྟར་དགོས། 2019ལོའི་ཟླ་4ཚེས་10ཉིན། ཡོ་རོབ་མནའ་འབྲེལ་གྱི་ཁོངས་མིའི་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་དམིགས་བསལ་དབུ་ཚོགས་འཚོགས་ནས་དབྱིན་ཇི“ཡོ་རོབ་མནའ་འབྲེལ་ནས་ཁ་བྲལ་རྒྱུའི”གནད་དོན་ལ་གྲོས་བསྡུར་བྱས་པ་དང་མཐར“ཡོ་རོབ་མནའ་འབྲེལ་ནས་ཁ་བྲལ་བའི”དུས་བཀག་དེ་ཟླ་10ཚེས་31ཉིན་བར་ཕྱི་སྣུར་བྱེད་རྒྱུར་མོས་མཐུན་བྱས་པ་རེད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1