དྲ་བས་ཁེབས་རྒྱ་ཆེ་རུ་བཏང་ནས་དབུལ་ཐར་འགག་སྒྲོལ་ལ་ཤུགས་སྣོན་རོགས་བྱེད།

རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 10-30


དྲ་བས་ཁེབས་རྒྱ་ཆེ་རུ་བཏང་ནས་དབུལ་ཐར་འགག་སྒྲོལ་ལ་ཤུགས་སྣོན་རོགས་བྱེད།


    ཉེ་ཆར།ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གིས་ལས་སྒྲུབ་ཚོ་ཆུང་སྣེ་ཁྲིད་དེ་ཀྲུང་གོའི་གློག་འཕྲིན་སི་ཁྲོན་སྤྱི་གཉེར་ཁང་དུ་ཕེབས་ནས་སྤྱི་གཉེར་ཁང་དེའི་ཏང་ཨུའི་ཧུའུ་ཅི། སྤྱི་ཁྱབ་གཉེར་དཔོན་ཀྲེན་ཁྲེང་ཡུས་དང་དན་གྲངས་ཆེན་པོའི་ཐོན་ལས་འཕེལ་རྒྱས་སྐོར་བཞུགས་མོལ་གནང་བ་རེད།

    ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཏུའུ་ཏེ་ཆིང་དང་ཀྲུང་གོའི་གློག་འཕྲིན་སི་ཁྲོན་སྤྱི་གཉེར་ཁང་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། སྤྱི་ཁྱབ་གཉེར་དཔོན་གཞོན་པ་ཀྲོའུ་ཆིང་ཅུའུ་བཞུགས་མོལ་ཚོགས་འདུའི་ནང་ཞུགས་ཡོད་པ་རེད།

    ལིའུ་ཁྲེང་མིང་གིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཚབ་མཛད་དེ་ཀྲུང་གོ་གློག་འཕྲིན་སི་ཁྲོན་སྤྱི་གཉེར་ཁང་གིས་ཡུན་རིང་པོར་དཀར་མཛེས་བོད་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། ལྷག་པར་དུ་དབུལ་ཐར་འགག་སྒྲོལ་བྱེད་རིམ་ཆ་འཕྲིན་སྐྱེལ་ལས་བྱ་གཞག་འཕེལ་རྒྱས་ལ་རྒྱབ་སྐྱོར་ཤུགས་ཆེན་པོ་གནང་བར་བཀའ་དྲིན་ཆེ་ཞུས་པ་རེད། ཁོང་གིས་ཉེ་བའི་ལོ་ཤས་རིང་དཀར་མཛེས་ཁུལ་གྱི་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་གཏིང་ཟབ་གཏོང་བ་དང་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོ་བཅངས་ནས་གནད་གཅིག་ཕྱོགས་མང་དང་ས་ཁུལ་ལྔ་མཐུན་སྦྱོར་འཕེལ་རྒྱས་ཀྱི་ས་ཁོངས་འཕེལ་རྒྱས་ནང་ཧུར་ཐག་ཞུགས་ཏེ། སི་ཁྲོན་ནུབ་བྱང་སྐྱེ་ཁམས་དཔེ་སྟོན་ས་ཁུལ་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་ཁུལ་ཡོངས་ཀྱི་བྱ་གཞག་ཁག་ལ་སྐུལ་འདེད་ཤུགས་ཆེན་ཐེབས་ཤིང་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། སི་ཁྲོན་དཀར་མཛེས་བོད་ཁུལ་ནི་ས་རྒྱ་ཆེ་ཞིང་མི་ཉུང་བ། དབུལ་ཐར་འགག་སྒྲོལ་གྱི་ལས་འགན་ཧ་ཅང་ལྗིད་པོ་ཡིན་པས་ཀྲུང་གོ་གློག་འཕྲིན་སི་ཁྲོན་སྤྱི་གཉེར་ཁང་གིས་མུ་མཐུད་ནས་དཀར་མཛེས་བོད་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས། ཁྱད་པར་དུ་དབུལ་ཐར་འགག་སྒྲོལ་ལས་ཀར་རྒྱབ་སྐྱོར་དང་ཐུགས་ཁུར་གནང་རོགས་ཞུས་པ་དང་ཆབས་ཅིག གཅིག་ནི་དྲ་བའི་འཕྲིན་སྐྱེལ་ཁྱབ་ཚད་ཐད་ལ་རྒྱབ་སྐྱོར་ཆེན་པོ་གནང་རོགས། གཉིས་ནི་དན་གྲངས་ཆེན་པོའི་ཐོན་ལས་འཕེལ་རྒྱས་ཐད་རྒྱབ་སྐྱོར་དང་རོགས་རམ་གནང་རོགས་ཞེས་ཐུགས་རེ་གནང་བ་རེད།

ཉེ་བའི་ལོ་ཤས་རིང་ལ་ཀྲེན་ཁྲེང་ཡུས་ཀྱིས་དཀར་མཛེས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་གྲུབ་འབྲས་དགའ་འོས་པ་ཐོབ་པར་རྟེན་འབྲེལ་ཞུ་བ་དང་། ཡུན་རིང་པོར་ཀྲུང་གོ་གློག་འཕྲིན་སི་ཁྲོན་སྤྱི་གཉེར་ཁང་ལ་རྒྱབ་སྐྱོར་དང་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུས། ཁོང་གིས་ཀྲུང་གོ་གློག་འཕྲིན་སི་ཁྲོན་སྤྱི་གཉེར་ཁང་གིས་ཁེ་ལས་ཀྱི་བཟང་ཆ་འདོན་སྤེལ་སྔ་ལས་ལྷག་པར་བྱས་ནས་དཀར་མཛེས་བོད་ཁུལ་གྱི་འཕྲིན་གཏོང་དྲྭ་རྒྱ་འཕེལ་རྒྱས་དང་ལྷག་པར་དུ་དབུལ་ཐར་འགག་སྒྲོལ་ལས་ཀ་རྒྱབ་སྐྱོར་ཤུགས་ཆེན་གནང་བར་མ་ཟད། ད་དུང་དཀར་མཛེས་ཁུལ་གྱི་དན་གྲངས་ཆེན་པོའི་ཐོན་ལས་འཕེལ་རྒྱས་ཁྲོད་གཙོ་ཁྲིད་ནུས་པ་དང་འབྲེལ་ཟམ་ནུས་པ་དགེ་མཚན་ལྡན་པ་ཞིག་འདོན་རྒྱུ་ཡིན་ཞེས་བཤད་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1