གཙོ་ངོས།>> གསར་འགྱུར།>>སི་ཁྲོན་བོད་ཁུལ།

གསང་བདག་སྒྲོལ་མ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༡༠ཚེས་༣༠ཉིན།

མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་ལྷུག་པོར་གྲོལ།

        2017ལོའི་ཟླ་12པར། གཟི་རྩ་སྡེ་དགུ་རྫོང་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་རྫོང་ལ་བདམས་པ་དང་། གཟི་རྩ་སྡེ་དགུ་རྫོང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་རྫོང་བསྐྲུན་པའི་ལས་དོན་དེ་སྐས་རིམ་གསར་པ་ཞིག་ཏུ་བསླེབས་པ་མཚོན་ཡོད།

        ཉེ་བའི་ལོ་ཤས་རིང་། གཟི་རྩ་སྡེ་དགུ་རྫོང་གིས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་ཡར་རྒྱས་གོང་འཕེལ་ཞེས་པ་བརྗོད་དོན་གཙོ་བོར་བྱས་ཤིང་། ཁུལ་ཨུས་མི་རིགས་མཐུན་སྒྲིལ་གྱི་བཀོད་སྒྲིག་བླང་བྱ་ལྟར། ཁོངས་ཡོངས་འཕེལ་རྒྱས་དང་ལྗང་མདོག་དར་སྤེལ་གྱི་འཐབ་ཇུས་ལ་དམིགས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་རྫོང་བསྐྲུན་པའི་བྱེད་སྒོ་རྒྱ་ཆེར་སྤེལ། ད་སྐབས་གཟི་རྩ་སྡེ་དགུ་རྫོང་གི་མི་རིགས་སོ་སོས་མཐུན་སྒྲིལ་འཆམ་མཐུན་དང་སྐྱིད་སྡུག་མཉམ་མྱོང་གིས་ཞི་མཐུན་མཛེས་སྡུག་ལྡན་པའི་མི་རིགས་དགའ་ཚལ་ཞིག་བསྐྲུན་ཡོད།

སེམས་པ་གཅིག་ཏུ་སྦྲེལ་ནས་ཕྱུག་འགྱུར་གྱི་ལམ་དུ་བགྲོད་པ། དབུལ་སྒྲོལ་ལམ་བུའི་ཐོག་མཐུན་སྒྲིལ་གྱི་མེ་ཏོག་རབ་ཏུ་བཞད་ཡོད།
     2017ལོར། རྫོང་རིམ་པའི་འབྲེལ་ཡོད་ལས་ཁུངས་དང་ཆུང་ལའེ་གྲོང་ཁྱེར་གྱིས་རོགས་སྐྱོར་འོག ཆིང་ལུང་གྲོང་ཚོར་གྲོང་གསེབ་ཀྱི་ལྗོངས་སྐོར་ཤིང་འབྲས་ར་བ་མུའུ་70བཙུགས་ཤིང་། གྲོང་ཚོ་དེས་ཞིང་ཆུ་ཅུས་ཀྱི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཐད་ཀྱི་མ་དངུལ་སྒོར་ཁྲི་50དང་ཆུང་ལའེ་གྲོང་ཁྱེར་གྱི་རོགས་སྐྲུན་མ་དངུལ་སྒོར་ཁྲི་111བརྩོན་ལེན་བྱས་པ་དང་། གྲོང་མིའི་ས་ཞིང་མུའུ་6.8ནང་བཤུག་བྱས་ནས་གྲོང་གསེབ་ཀྱི་ལྗོངས་སྐོར་ཞིང་ཁྱིམ་ས་ཚིགས་བསྐྲུན་ཏེ་མཉམ་སྡེབ་དཔལ་འབྱོར་ལ་བརྩིས་ཡོད། ཆིང་ལུང་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཀུའོ་ཨེར་ཆའོ་ཡིས་བཤད་པ་ལྟར་ན། 2014ལོར་ཆིང་ལུང་གྲོང་ཚོའི་ལོ་རེར་མི་རེར་ཆ་སྙོམས་ཀྱི་ཡོང་འབབ་སྒོར་9000ཡང་ལེན་མི་ཐུབ་ལ། ད་སྐབས་ཐོན་ལས་ཀྱི་གྲུབ་ཚུལ་སྙོམས་སྒྲིག་བྱས་པ་བརྒྱུད་ཆིང་ལུང་གྲོང་ཚོའི་ཐོན་ལས་འཕེལ་རྒྱས་སུ་ཕྱིན་པ་དང་། མི་སྡོད་ཁོར་ཡུག་ཀྱང་ལེགས་བཅོས་བྱས་ཡོད་ལ། གྲོང་ཚོའི་རྣམ་པ་ཡང་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། 2018ལོར་ཆིང་ལུང་གྲོང་ཚོའི་ལོ་རེར་མི་རེར་ཆ་སྙོམས་ཀྱི་ཡོང་འབབ་སྒོར་14002ཡོད།
     2014ལོ་ནས་བཟུང་། གཟི་རྩ་སྡེ་དགུ་རྫོང་གི་གྲོང་ཚོ་དབུལ་བོ་48དང་།  ཁྱིམ་ཚང་1588དང་མི་འབོར་5611དབུལ་ཕོངས་ལས་ཐར་བ་དང་། དབུལ་ཕོངས་བྱུང་ཚད་བརྒྱ་ཆ་12ནས་བརྒྱ་ཆ་0.15བར་ཆག ཁུལ་རིམ་པའི་ཐོག་མའི་ཞིབ་བཤེར་དང་ཞིང་ཆེན་རིམ་པའི་ཆེད་དོན་དཔྱད་དཔོག་ཞིབ་བཤེར་གྱི་གོ་རིམ་བརྒྱུད་རྫོང་དབུལ་པོའི་ཞྭ་མོ་བདེ་བླག་ངང་ཕུད།

    
རྡོག་རྩ་གཅིག་ཏུ་སྒྲིལ་ཏེ་མཐུན་སྒྲིལ་རོགས་རེས་ཀྱི་སྤྱོད་བཟང་སྤེལ་བ། མི་རིགས་མཐུན་སྒྲིལ་གྱི་ས་བོན་བཏབ།
       རིག་གནས་དང་སྙིང་སྟོབས་གཉིས་མཉམ་དུ་སྦྲེལ་ཏེ་མི་རིགས་མཐུན་སྒྲིལ་གྱི་ས་བོན་བཏབ་ཅིང་། མང་ཚོགས་ཕྱི་ཕྱོགས་སུ་གླ་བར་སྐྱོད་རྒྱུར་སྐུལ་ལྕག་བྱ་ཆེད། གཟི་རྩ་སྡེ་དགུ་རྫོང་དང་ཀྲེ་ཅང་གྲོང་ཁྱེར་གྱི་ཅ་ཧྲན་རྫོང་དང་མཉམ་དུ་གླ་བའི་འགྲིམ་འགྲུལ་ཁ་གསབ་དང་ལས་ཞུགས་བརྟན་པོར་ཡོང་བ། རྩལ་ནུས་གསོ་སྦྱོང་། གླ་བའི་བུ་ཕྲུག་གི་སློབ་ཞུགས་སོགས་ཀྱི་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་བཏོན།
གཟི་རྩ་སྡེ་དགུ་རྫོང་གིས་ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་རོགས་ལས་དང་ཞིང་ཆེན་ནང་ཁུལ་གྱི་རིགས་མཐུན་རོགས་སྐྱོར། གནས་འཁེལ་རོགས་སྐྱོར་བཅས་ཀྱི་ནུས་པ་སྔར་བས་འདོན་སྤེལ་གང་ལེགས་བྱས་ཤིང་། སི་ཁྲོན་ཞིང་ཨུ་དང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ལས་དོན་ཨུ་ལྷན། པེ་ཅིང་དུ་བཅའ་སྡོད་སྲིད་གཞུང་གི་གཞུང་དོན་ཁང་། ཁྲེང་ཏུའུ་སློབ་ཆེན་སོགས་ཞིང་ཆེན་ནང་ཁུལ་གྱི་རིགས་མཐུན་རོགས་སྐྱོར་ལས་ཁུངས་ཀྱིས་སློབ་སྐྱོར་སྨན་བཅོས་དང་ཐོན་ལས་འཕེལ་རྒྱས་ཐད་རྒྱབ་སྐྱོར་ཤུགས་ཆེན་བྱ་རྒྱུར་བརྩོན་ལེན་བྱས།
      ཉེ་བའི་ལོ་ཤས་རིང་། གཟི་རྩ་སྡེ་དགུ་རྫོང་དང་སི་ཁྲོན་མན་ཀྲུའུ། ཀྲེ་ཅང་ཅ་ཧྲན་རྫོང་དང་ཕིང་ཧུའུ་གྲོང་ཁྱེར་གྱིས་མ་དངུལ་སྒོར་དུང་ཕྱུར་30བཏང་ནས་བཟོ་ལས་གླིང་ཁུལ་3མཉམ་སྐྲུན་བྱས་ཤིང་། རྣམ་གྲངས་7ནང་འདྲེན་བྱས་པ་དང་། གླིང་ཁུལ་གཉེར་སྐྱོང་བྱས་རྗེས་ནོར་སྲིད་ཡོང་འབབ་བརྟན་པོའི་ངང་མཐོ་རུ་བཏང་ནས་ལས་ཞུགས་ལས་གནས་དེ་བས་མང་བ་མཁོ་འདོན་བྱས།

     
རྩོད་གཞི་བསལ་ཏེ་མཐུན་སྒྲིལ་མཉམ་གནས་ལ་སྐུལ་བ། ཐུན་མོང་ཐོག་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱས།
     ཉེ་བའི་ལོ་ཤས་རིང་། གཟི་རྩ་སྡེ་དགུ་རྫོང་གིས་དམངས་འཚོ་དང་དམངས་སེམས་སྦྲེལ་ཞིང་མཐུན་སྒྲིལ་མཉམ་གནས་ཀྱི་འདུ་ཤེས་བཅངས་ཏེ། ཐོག་མའི་བསམ་འདུན་བརྟན་སྲུང་དང་འགན་འཁྲི་ལག་བསྟར་བྱས། གཟི་རྩ་སྡེ་རྫོང་ཝུའུ་ཅའོ་ཡུལ་ཚོ་ཡིང་ཀོ་གྲོང་ཚོའི་ས་མུའུ་8ཀྱི་དཀའ་གནད་ལ་དབང་ཁོངས་ཀྱི་རྩོད་གཞི་ཡོད་པ་དང་ས་ཆ་བསྡུ་སྤྱོད་ཀྱི་སྐྱིན་གསབ་ཇུས་གཞི་མང་ཚོགས་ཀྱི་བློ་ལ་མི་འབབ་པ་སོགས་ཀྱི་གནད་དོན་ཡོད་པས་ཡུན་རིང་ཐག་གཅོད་བྱས་མེད། ཝུའུ་ཅའོ་ཡུལ་ཚོ་ཡིང་ཀོ་གྲོང་ཚོའི་ཧྲུའུ་ཅི་དང་པོ་སི་ཁྲེན་གྱིས་གཞི་རིམ་གྱི་ཏང་ཡོན་ལས་བྱེད་པ་ཞིག་ཡིན་པས་གནད་དོན་ཐག་གཅོད་བྱ་རྒྱུ་དེ་ཡིན་ཞེས་གསར་འགོད་པར་དེ་ལྟར་བཤད།
     2019ལོའི་ཟླ་9པར། ཝུའུ་ཅའོ་ཡུལ་ཚོའི་ཏང་ཨུས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་གོ་སྐབས་སུ་བྱས་ཏེ། ཐོག་མའི་བསམ་འདུན་གླེང་བ་དང་ཁྱིམ་ཚང་དུ་བསྐྱོད་དེ་སྲིད་ཇུས་དྲིལ་སྒྲོག་བཅས་ཀྱི་བྱ་ཐབས་བརྒྱུད། རྒྱ་ཆེའི་མང་ཚོགས་ཀྱིས་རྒྱུན་དུ་སློབ་སྦྱོང་བྱེད་པ་དང་དུས་རྒྱུན་དུ་བྱ་བ་སྒྲུབ་པར་སློབ་གསོ་དང་ཁྲིད་སྟོན་བྱས།
   མིག་སྔར། གཟི་རྩ་སྡེ་དགུ་རྫོང་གི་གྲོང་ཚོ་སོ་སོ་རུ་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་རབ་ཏུ་བཞད་ཡོད་ཅིང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་རྫོང་བསྐྲུན་པའི་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད་པ་དང་། མི་རིགས་ཁག་གི་མི་དམངས་ཀྱིས་ཕན་ཚུན་ལྟ་རེས་དང་ཕན་ཚུན་རོགས་རམ་བྱེད་པ་བཅས་ཀྱི་ཐོག་ནས་ཁྱེད་དང་ངའི་དབར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་བཙུགས་ཏེ་སེ་འབྲུ་རེ་རེ་བཞིན་དམ་པོར་འཁྱུད་ནས་ཀྲུང་གོའི་ཕུགས་འདུན་མཉམ་དུ་བསྐྲུན་ནོ།།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1