ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་སྐུལ་འདེད་གཏོང་བར་ཡང་བཅོས་བསྒྱུར་ཟབ་སྤེལ་བྱ་དགོས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-29


          སྤྱི་ཟླ་10པའི་ཚེས་27ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི། ཀྲུང་དབྱང་གི་ཕྱོགས་ཡོངས་ནས་བཅོས་བསྒྱུར་ཟབ་སྤེལ་བྱེད་པའི་འགོ་ཁྲིད་ཚོགས་ཆུང་གི་ཚོགས་དཔོན་ཞི་ཅིན་ཕིང་གིས། ཀྲུང་དབྱང་གི་ཕྱོགས་ཡོངས་ནས་བཅོས་བསྒྱུར་ཟབ་སྤེལ་བྱེད་པའི་འགོ་ཁྲིད་ཚོགས་ཆུང་གི་སྐབས་དྲུག་པའི་གྲོས་ཚོགས་ཀྱི་གཙོ་སྐྱོང་གནང་བ་མ་ཟད། གསུངས་བཤད་གལ་ཆེན་གནང་ཞིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། ཀྲུང་དབྱང་གི་ཕྱོགས་ཡོངས་ནས་བཅོས་བསྒྱུར་ཟབ་སྤེལ་བྱེད་པའི་འགོ་ཁྲིད་ཚོགས་ཆུང་གི་ཚོགས་གཙོ་གཞོན་པ་ལི་ཁེ་ཆང་དང་ལིའུ་ཡུན་ཧྲན་རྣམ་གཉིས་ཀྱང་ཚོགས་ཚོགས་སུ་ཞུགས་ཡོད།

          ཞི་ཅིན་ཕིང་གིས། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་ཐོག་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ཐག་གཅོད་ལ་གྲོས་མཐུན་བྱུང་ཡོད་ཅིང་། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ ཕྱོགས་ཡོངས་བཅོས་བསྒྱུར་ཟབ་སྤེལ་བྱེད་པའི་ཐག་གཅོད་ལ་གྲོས་མཐུན་བྱུང་བ་གཉིས་ཆ་འགྲིག་གི་རྣམ་པ་ཞིག་ཏུ་གྱུར་འདུག ཕྱོགས་ཡོངས་བཅོས་བསྒྱུར་ཟབ་སྤེལ་ལ་ཁྲིམས་སྐྱོང་གི་འགན་སྲུང་དགོས་ལ། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་སྐུལ་འདེད་གཏོང་བར་ཡང་བཅོས་བསྒྱུར་ཟབ་སྤེལ་བྱ་དགོས། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་བྱེད་པ་ནི། ད་ལྟ་དང་མ་འོངས་པའི་དུས་སྐབས་ཤིག་གི་རིང་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་ཆབ་སྲིད་ལས་འགན་གཙོ་བོ་དེ་ཡིན་ལ། ས་ཁུལ་དང་སྡེ་ཁག་སོ་སོས་ངེས་པར་ཏུ་གཟབ་ནན་གྱིས་སློབ་སྦྱོང་དང་ལག་ལེན་བྱ་དགོས་ཤིང་། ཁྲིམས་སྐྱོང་གི་རིགས་ལམ་དང་ཁྲིམས་སྐྱོང་གི་བྱེད་ཐབས་ལག་ལེན་དོན་འཁྱོལ་བྱེད་པ་མཐོར་འདེགས་སུ་བཏང་ནས་བཅོས་བསྒྱུར་གྱི་ནུས་ཤུགས་དང་ཆུ་ཚད་སྐུལ་སྤེལ་གཏོང་དགོས་ཞེས་གསུངས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1