2020ལོར་སྨན་བཅོས་འགན་བཅོལ་ཐད་རྒྱལ་ཡོངས་སུ“ཨང་གཅིག་ཀུན་སྤྱོད”མངོན་འགྱུར་ཡོང་རྒྱུ་རེད།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 10-31


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར་གསར་འགོད་པར་རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ཀྱིས་སྒྲིག་འཛུགས་བྱས་པའི་སྨན་བཅོས་འགན་བཅོལ་གྱི་ཆ་འཕྲིན་ལས་སྒོའི་ཨང་སྒྲིག་ཚད་གཞིའི་གསོ་སྦྱོང་འཛིན་གྲྭ་ནས་ཤེས་རྟོགས་བྱུང་བར། ནད་གཞི་བརྟག་དཔྱད་དང་། གཤགས་བཅོས་བཀོལ་སྤྱོད། སྨན་བཅོས་ཞབས་ཞུའི་རྣམ་གྲངས། སྨན་རྫས། སྨན་བཅོས་ཀྱི་མཁོ་ཆས་སོགས་སྨན་བཅོས་འགན་བཅོལ་གྱི་ཆ་འཕྲིན་ལས་སྒོའི་ཨང་སྒྲིག་ཚད་གཞི་ཁག་15སྔོན་དཔག་བྱས་ན་2020ལོར་རྒྱལ་ཡོངས་སུ་རིམ་བཞིན་དོན་འཁྱོལ་གྱིས་སྤྱོད་རྒྱུ་ཡིན་ཞིང་། རྒྱལ་ཡོངས་སུ“ཨང་གཅིག་ཀུན་སྤྱོད”མངོན་འགྱུར་ཐུབ་སྟེ་ཡུལ་གཞན་དུ་སྨན་བཅོས་ཀྱི་མཇུག་རྩིས་དང་སྲིད་ཇུས་སྦྲེལ་མཐུད་ལ་ཕན་ཐོགས་ཡོད་པ་མ་ཟད། སྨན་བཅོས་འགན་བཅོལ་གྱི་ཞབས་ཞུ་དེ་བས་སྟབས་བདེ་དང་། རིག་ནུས། ནུས་ཆེ་བཅས་ཀྱང་ཡོང་རྒྱུ་རེད།
        ཨང་སྒྲིག་ཚད་གཞི་ནི་ས་གནས་ཁག་གི་སྨན་བཅོས་འགན་བཅོལ་མ་ལག་དང་སྦྲེལ་མཐུད་དང་གྲངས་གཞི་སྤེལ་རེས་བྱེད་པའི་རྨང་གཞིའི་སྐད་བརྡ་ཞིག་ཡིན་ལ་རྒྱལ་ཡོངས་གཅིག་གྱུར་གྱི་སྨན་བཅོས་འགན་བཅོལ་ཆ་འཕྲིན་མ་ལག་འཛུགས་པའི་རྨང་རྡོའང་ཡིན། རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཧྲེ་ཙི་ཧའེ་ཡིས“གལ་ཏེ་ཆ་འཕྲིན་ཅན་ནི་སྨན་བཅོས་འགན་བཅོལ་མ་ལག་གི‘མྱུར་བགྲོད་ལྕགས་ལམ་དྲ་བ’རེད་ཅེས་བརྗོད་ན། ཚད་གཞི་ཅན་ནི‘ཚད་ལྡན་གྱི་ཤུགས་འགྲེམས་མེ་འཁོར’རེད་ཅེས་བརྗོད་ཆོག ལམ་གདན་གཅིག་པ་དང་འཁོར་ལམ་གཅིག་པ་ཡིན་ན་གཞི་ནས་སྟབས་བདེ་ལ་མྱུར་བའི་འགྲིམ་འགྲུལ་དྲ་བ་ཞིག་ཆགས་ཐུབ”སྨན་བཅོས་འགན་བཅོལ་གྱི་ཚད་གཞི་ཅན་ལས་སྨན་བཅོས་འགན་སྲུང་བཅོས་སྐྱོང་གི་ནུས་པ་དང་སྤྱི་པའི་ཞབས་ཞུའི་སྤུས་ཚད་མཐོ་རུ་སོང་སྟེ་སྤུས་ལེགས་སྟབས་བདེའི་སྨན་བཅོས་འགན་སྲུང་ཞབས་ཞུའི་མི་དམངས་མང་ཚོགས་ཀྱི་དགོས་མཁོ་སྐོང་ཐུབ་ཅེས་བརྗོད་པ་རེད།
        ད་ལོའི་ཟླ9པའི་ཟླ་མཇུག་ཏུ། ཨང་སྒྲིག་ཚད་གཞི་ཁག15ཚང་མ་ལེགས་གྲུབ་ཟིན་ནས་བེད་སྤྱོད་བྱས་པ་དང་། ཟླ10པ་ནས་བཟུང་། རྒྱལ་ཡོངས་ས་གནས་ཁག་གིས་ཨང་སྒྲིག་ཚད་གཞིའི་ཆ་འཕྲིན་གྱི་བབ་བསྟུན་སྲུང་སྐྱོང་ལས་དོན་སྒྲིག་འཛུགས་བྱེད་འགོ་བཙུགས་ཤིང་། སྔོན་དཔག་བྱས་ན2020ལོའི་ཟླ4པའི་ཟླ་མཇུག་གོང་ཞིང་ཆེན་སོ་སོའི་ལས་སྒོའི་ཨང་སྒྲིག་ཆ་འཕྲིན་སྲུང་སྐྱོང་ལས་དོན་ལེགས་འགྲུབ་ཟིན་རྒྱུ་ཡིན་པ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1