ཞི་ཅིན་ཕིང་གིས་འཛམ་གླིང་གི་རྩེར་སོན་ཚན་རིག་མཁས་ཅན་གྱི་གླེང་སྟེགས་སྐབས་གཉིས་པར(2019)རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-31



             འཛམ་གླིང་གི་རྩེར་སོན་ཚན་རིག་མཁས་ཅན་གྱི་གླེང་སྟེགས་སྐབས་གཉིས་པ(2019)ཟླ་10ཚེས་29ཉིན་ཧྲང་ཧའེ་རུ་གཉེར་བ་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གླེང་སྟེགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་རེད།
             ཞི་ཅིན་ཕིང་གིས་ཚན་རིག་ལག་རྩལ་ནི་མིའི་རིགས་ཀྱི་གསར་གཏོད་རང་བཞིན་གྱི་བྱ་སྤྱོད་རླབས་ཆེན་ཞིག་ཡིན་པས་ཚན་རིག་ལག་རྩལ་འཕེལ་རྒྱས་གཏོང་བར་ངེས་པར་དུ་གོ་ལ་ཧྲིལ་པོའི་མཐོང་རྒྱ་ལྡན་པ་དང་དུས་རབས་ཀྱི་འཕེལ་ཕྱོགས་ཁོང་དུ་ཆུད་དགོས། ཀྲུང་གོས་འཛམ་གླིང་རྒྱལ་ཁབ་ཁག་དང་མཉམ་དུ་ཚན་རིག་ཞིབ་འཇུག་ལ་ཤུགས་སྣོན་བརྒྱབ་ནས་ཚན་ཞིབ་མཉམ་ལས་ལ་གཞོགས་འདེགས་དམ་ཟབ་བྱེད་པ་དང་ཚན་རྩལ་ཡར་ཐོན་ལ་སྐུལ་འདེད་བཏང་སྟེ་དུས་རབས་ཀྱི་འགྲན་སློང་ལ་ཁ་གཏད་གཅོག་འདོད་ཡོད་ཅེས་བསྟན་གནང་བ་རེད།
             ཞི་ཅིན་ཕིང་གིས་ཀྲུང་གོས་ཚན་རྩལ་གསར་ཤོས་ཀྱི་ཁྱབ་ཁོངས་འཕེལ་རྒྱས་གཏོང་རྒྱུར་མཐོང་ཆེན་བྱས་ཏེ་གོ་ལ་ཧྲིལ་པོའི་ཚན་རྩལ་གསར་གཏོད་མཉམ་ལས་ལ་འབད་བརྩོན་བྱེད་ཀྱི་ཡོད། ཀྲུང་གོས་དེ་བས་སྒོ་དབྱེའི་རྣམ་འགྱུར་ཐོག་ནས་རྒྱལ་སྤྱིའི་ཚན་རྩལ་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་འཛམ་གླིང་གི་རྩེར་སོན་ཚན་རིག་མཁས་ཅན་གྱི་གླེང་སྟེགས་སོགས་ལས་སྟེགས་ལ་བརྟེན་ཏེ་ཀྲུང་གོ་དང་ཕྱི་རྒྱལ་གྱི་ཚན་རིག་མཁས་ཅན་གྱི་བསམ་བློ་བློ་གྲོས་དང་ཞིབ་འཇུག་འབྲས་བུ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྒུལ་ཤུགས་སྟོབས་ཆེན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ་ཡིན། རེ་བར་ཚོགས་ཞུགས་འཐུས་མིས“ཚན་རྩལ། མིའི་རིགས་ཀྱི་ཐུན་མོང་གི་ལས་དབང་ཆེད”ཅེས་པའི་བརྗོད་དོན་དེར་དམིགས་ཏེ་རྨང་གཞིའི་ཚན་རིག་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་སྤྱིའི་མཉམ་ལས་དར་སྤེལ་གཏོང་བ། གཞོན་ནུ་འཚར་ལོངས་ཡོང་བར་རོགས་རམ་བཅས་བྱས་ཐོག་མིའི་རིགས་ཀྱི་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཐུན་མོང་ཐོག་གཏོད་ཆེད་ལེགས་སྐྱེས་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1