གཙོ་ངོས།>> དེང་རབས་མི་སྣ།>>དམངས་ཁྲོད་མི་སྣ།

ཡེ་ཤེས་ཀྱིས་བྲིས་ཤིང་པར་བླངས། རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༡༡ཚེས་༠༡ཉིན།

༄༅།། བསོད་ནམས་རྒྱལ་མཚན།

ཉག་ཨ་ཛི་རོང་ན་སྲོལ་རྒྱུན་བཟོ་རྩལ་རྣམ་པར་བཀྲ། ཉག་རོང་གི་སྨན་འཇིམ་འབག་མགོ་བཟོ་རྩལ་གྱི་བརྒྱུད་འཛིན་པ་བསོད་ནམས་རྒྱལ་མཚན་གྱི་གནས་ཚུལ་རགས་བཀོད།

ཡེ་ཤེས་ཀྱིས་བྲིས་ཤིང་པར་བླངས།     

ཉག་ཨ་ཛི་རོང་ན་སྲོལ་རྒྱུན་བཟོ་རྩལ་རྣམ་པར་བཀྲ། ཉག་རོང་གི་སྨན་འཇིམ་འབག་མགོ་བཟོ་རྩལ་གྱི་བརྒྱུད་འཛིན་པ་བསོད་ནམས་རྒྱལ་མཚན་གྱི་གནས་ཚུལ་རགས་བཀོད།

    ཁོང་ནི་ལོ་ན12ནས16གི་བར་ཉག་རོང་རྫོང་ཉག་སྨད་གྲོང་རྡལ་ཡོངས་ལ་གཤིས་གྲོང་སྡེ་རུ་རང་གི་ཨ་ཁུ་ལ་བསྟེན་ནས་བོད་ཀྱི་རི་མོ་དང་འབག་མགོ་བཅའ་སྟངས་ཀྱི་བཟོ་རྩལ། མི་རིགས་རིག་གནས་ཀྱི་བཟོ་རྩལ་སོགས་ལ་བརྩོན་པ་ལྷུར་ལེན་བྱས་ནས་སྦྱངས། ལོ་ན16ནས30ཡི་བར་ཉག་རོང་རྫོང་རི་དམར་སློབ་ཆུང་མཛེས་རྩལ་དགེ་རྒན་བྱས། ལོ་ན31ནས45ཡི་བར་ཉག་རོང་རྫོང་ཞིབ་དཔྱོད་ཁང་དུ་ལས་དོན་བསྒྲུབས་ནས་བཟོ་སྐྲུན་བྱ་ཡུལ་དུ་རྩད་ཞིབ་སོགས་ཀྱི་ལག་རྩལ་འགན་འཁུར་བ་རེད། ལོ་ན46ནས63གྱི་བར་ཉག་རོང་རྫོང་རིག་གནས་ཡུལ་སྐོར་ཅུས་སུ་བོད་རིགས་ལག་ཤེས་བཟོ་རྩལ་དང་མཛེས་རྩལ་སོགས་མི་རིགས་རིག་གནས་ཞིབ་འཇུག་བྱེད་འགན་འཁུར་བ་རེད།

ཉག་ཨ་ཛི་རོང་ན་སྲོལ་རྒྱུན་བཟོ་རྩལ་རྣམ་པར་བཀྲ། ཉག་རོང་གི་སྨན་འཇིམ་འབག་མགོ་བཟོ་རྩལ་གྱི་བརྒྱུད་འཛིན་པ་བསོད་ནམས་རྒྱལ་མཚན་གྱི་གནས་ཚུལ་རགས་བཀོད།

    ཁོང་གིས་སྨྱུག་འཛིན་པར་གསུངས་དོན། སྨན་འཇིམ་འབག་མགོ་ནི་ལོ་ངོ་བཞི་སྟོང་ལྷག་གི་ལོ་རྒྱུས་ཡོད་པ་དང་། དེའི་ལོ་རྒྱུས་ནི་རྒྱལ་རབས་གསལ་བའི་མེ་ལོང་ནང་བྲིས་ཡོད་པ་དང་། གཞན་ཡང་སྲོང་བཙན་སྒམ་པོའི《ཤེས་བྱ་ཀུན་བཏུས》ཞེས་པའི་རྩོམ་ཡིག་ནང་སྨན་འཇིམ་འབག་མགོ་ནི་ལོ1300སྔོན་ལ་སྲོང་བཙན་སྒམ་པོའི་དུས་སུ་ནས་དར་ཡོད་པ་རེད། དེའི་བཤད་སྲོལ་ལྟར་ན་དགོན་པ་ཞིག་ལ་མི་སེར་ཞིག་གིས་སྤོས་སྒྲོན་ནས་མེ་སྐྱོན་ཐེབས་པས་དེའི་རྗེས་རྒྱ་བཟའ་ཀོང་ཇོ་ཡིས་སླར་ཡང་དགོན་པ་བསྐྱར་སྐྲུན་བྱ་རྒྱུའི་གཏན་འབེབས་བྱེད་སྐབས་དགོན་པའི་འཇིམ་བརྙན་དང་འབག་མགོའི་ནང་རྩ་ཆེའི་བོད་སྨན་དང་། ཀྲུང་ལུགས་སྨན་རྫས། སྤོས་རྫས། ནོར་བུ། ཆོས་ལུགས་ཀྱི་མཆོག་ནོར་བཅས་མཉམ་བསྲེས་བྱས་ཤིང་དགེ་འདུན་པར་ཆོས་འདོན་བཅུག དེ་ནས་བཟུང་སྨན་འཇིམ་དང་སྨན་འཇིམ་འབག་མགོ་ཡོད་པས་དགོན་སྡེ་ལ་ཡང་སྤོས་སྒྲོན་མི་དགོས་ལ། མི་སེར་གྱིས་ཀྱང་དེའི་མཆོག་ཏུ་གྱུར་པའི་ལྷ་མཆོད་ཀྱི་ནུས་པ་དང་སྨན་སྤྱོད་ཀྱིས་དད་གུས་ཆེན་པོ་བྱས་སྲོལ་ཆགས་པ་རེད།

    སྨན་འཇིམ་འབག་མགོ་ནི་བོད་རང་གི་ཁྱད་ཆོས་འབུར་དུ་ཐོན་པའི་བཟོ་རྩལ་ཞིག་ཡིན་ཞིང་ཁམས་ཁུལ་ལ་ཆ་བཞག་ནས་བཤད་ན། ཉག་རོང་རྫོང་དུ་ལག་རྩལ་དེ་མ་ཉམས་གོང་འཕེལ་དུ་འགྲོ་བཞིན་ཡོད་པ་དང་། སྨན་འཇིམ་འབག་མགོ་ནི་ཤིང་གི་གྲི་དང་དབྱུག་གུ ཐོ་བ། འབིག་སོགས་ལག་ཆ་ཉི་ཤུ་ཙམ་ལས་བཟོས་པ་ཞིག་ཡིན་པ་དང་། སྨན་འཇིམ་འབག་མགོའི་རྒྱུ་ཆ་ནི་མཚོ་འཕགས་སྨི4600ཡན་གྱི་ས་ཁད་མཐོ་སའི་ས་དང་ཆུ་གཉིས་སྦྱར་རྗེས་དེའི་ནང་དུ་རིང་བསྲེལ་དང་བྱུ་རུ། མུ་ཏིག གཟི་དགུ་མིག་ཅན་བཅས་བསྲེས་པས་མ་ཚད་རྩ་ཆེ་བའི་བོད་སྨན་དང་རྩྭ་སྨན། རིན་པོ་ཆེ་སོགས་སྦྱར་ཡོད་པ་རེད།

ཉག་ཨ་ཛི་རོང་ན་སྲོལ་རྒྱུན་བཟོ་རྩལ་རྣམ་པར་བཀྲ། ཉག་རོང་གི་སྨན་འཇིམ་འབག་མགོ་བཟོ་རྩལ་གྱི་བརྒྱུད་འཛིན་པ་བསོད་ནམས་རྒྱལ་མཚན་གྱི་གནས་ཚུལ་རགས་བཀོད།

    འབག་མགོ་བཟོས་ཚར་རྗེས་རབ་གནས་བྱས་ཏེ་ཉིན་བདུན་གྱི་རིང་ལ་ཆུ་ནང་སྦངས་ན་བཀྲག་མདངས་ལྡན་ཞིང་དྲི་ཞིམ་འཐུལ་བ་ཞིག་ཏུ་གྱུར། སྨན་འཇིམ་འབག་མགོ་ལ་རུལ་རྒྱུ་མེད་ལ་མདོག་ཀྱང་ཡལ་རྒྱུ་མེད་ཅིང་། ཁྱེར་བདེ་བའི་ཁྱད་ཆོས་ཡོད་པ་ཞིག་རེད། འབག་མགོ་ལ་རབ་གནས་ཐོབ་པས་སྲུང་མའི་འབག་མགོ་དང་སྐུ་འདྲ་གང་ཡིན་རུང་བགེགས་འགོག་བར་ཆད་སེལ་ཞིང་དངོས་གྲུབ་སྩོལ་བའི་ནུས་པ་ལྡན་པར་མ་ཟད་རྒྱུ་ཆའི་ནང་དུ་སྨན་རིགས་མང་པོ་འདུས་ཡོད་པས་ཆམ་ནད་དང་ངལ་དུབ་སེལ་བའི་ནུས་པ་ཆེན་པོ་ཡོད་པ་རེད།

     ཁོང་གིས་གཤམ་དུ་ཉག་རོང་རྫོང་བྱ་རྒོད་བོད་རྒྱུད་སྨན་འཇིམ་འབག་མགོ་འགན་འཁྲི་ཚད་ཡོད་སྤྱི་གཉེར་ཁང་གི་བཟོ་གྲྭ་ཡིས་བཟོས་པའི་སྨན་འཇིམ་འབག་མགོའི་བརྩམས་ཆོས་འགྲེམས་ཚོང་དང་བྱ་དགའ་ཐོབ་པའི་གནས་ཚུལ་ལྷུག་བརྗོད་བྱས་པ་སྟེ།

    2004ལོར་བོད་བཟོའི་སྨན་འཇིམ་འབག་མགོ་ཁམས་པའི་གསེར་གྱི་རྩ་འཛུགས་བྱ་དགའ་ཐོབ་པ་དང་།

    2009ལོར་བོད་བཟོའི་སྨན་འཇིམ་འབག་མགོ་ལ་སི་ཁྲོན་ཞིང་ཆེན་གྱི་གཙོ་གནད་ལག་རྩལ་གསར་གཏོད་ལས་གཞིའི་གཟི་བརྗིད་ཀྱི་ལག་ཁྱེར་ཐོབ།

    2009ལོར་ཁྲེང་ཏུའུ་རྒྱལ་སྤྱིའི་གཟུགས་མེད་རིག་གནས་ཤུལ་བཞག་འདུ་ཚོགས་ནང་དཀར་མཛེས་ཁུལ་གྱི་བོད་སྨན་འབག་མགོ་ཚང་མ་འགྲེམས་སྟོན་ཐེངས་གཉིས་པར་ཞུགས་ནས་ཕན་འབྲས་ཡག་ཤོས་ཀྱི་ཐོག་ནས་བྱ་དགའ་མཐོ་ཤོས་ཤུལ་བཞག་ཉིན་མོའི་བྱ་དགའ་དང“ཉི་མའི་ལྷ་བྱའི་བྱ་དགའ”ཐོབ་པ་རེད།

    2009ལོའི་སྤྱི་ཟླ10པར་བསོད་ཉམས་རྒྱལ་མཚན་ནི་སི་ཁྲོན་ཞིང་ཆེན་གཟུགས་མེད་རིག་གནས་ཤུལ་བཞག་ལས་གཞིའི་ཉག་རོང་བོད་བཟོའི་སྨན་འཇིམ་འབག་མགོ་བཟོ་རྩལ་གྱི་མཚོན་བྱེད་ཅན་གྱི་བརྒྱུད་འཛིན་པ་གྱུར།

    2010ལོར་དཀར་མཛེས་ཁུལ་སྐབས་དང་པོའི་ཚོང་དོན་ཁྱབ་ཁོངས་ཀྱི་གྲགས་ཅན་སྤུས་རྟགས་དང་ཁྱད་ཆོས་ཐོན་རྫས་འགྲེམས་ཚོང་འདུ་ཚོགས་ཐོག་སྨན་འཇིམ་འབག་མགོ་ལ་ཁྱད་ཆོས་ཐོན་རྫས་ཀྱི་བྱ་དགའ་ཐོབ་པ་རེད།

    2011ལོར་སྐབས་བཅུ་གཉིས་པའི་ནུབ་རྒྱུད་དངོས་མང་སྟོན་ཚོགས་ཐོག་ལ་མངོན་གསལ་དོད་པའི་འགྲེམས་སྟོན་ཁང་དང་། མངོན་གསལ་དོད་པའི་དྲིལ་བསྒྲགས་བཅས་ཀྱི་བྱ་དགའ་གསུམ་ཐོབ་པ་དང་ཆབས་ཅིག དཀར་མཛེས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ནུབ་རྒྱུད་དངོས་མང་སྟོན་ཚོགས་ཐོག་མི་སྒེར་གྱི་སྔོན་ཐོན་མི་སྣའི་མཚན་སྙན་ཐོབ་པ་རེད།

    2012ལོའི་སྤྱི་ཟླ9པའི་ཚེས7ཉིན་ནས14ཉིན་བར་ཁྲེང་ཏུའུ་རུ་འཚོགས་པའི་རྒྱལ་ཡོངས་བཟོ་རྩལ་མཛེས་རྩལ་གྱི་སྤུས་དག་འགྲེམས་སྟོན་འདུས་ཚོགས་ཐོག་བོད་བཟོའི་སྨན་འཇིམ་འབག་ལ་གསེར་གྱི་བྱ་དགའ་ཐོབ་པ་རེད།

    2012ལོའི་སྤྱི་ཟླ9པར་བསོད་ནམས་རྒྱལ་མཚན་ལ་སི་ཁྲོན་ཞིང་ཆེན་གྱི་བཟོ་རྩལ་མཛེས་རྩལ་ཆེན་མོའི་གཟི་བརྗིད་མཚན་སྙན་ཐོབ་ཡོད་པ་རེད།

    2013ལོའི་སྤྱི་ཟླ9པར་དཀར་མཛེས་ཁུལ་གྱི་ཕུལ་བྱུང་མི་རིགས་དམངས་ཁྲོད་ལག་ཤེས་བཟོ་རྩལ་མཁས་ཅན་གྱི་མཚན་སྙན་ཐོབ་པ་རེད།

    2014ལོའི་ལོ་འཁོར་གྱི་ལས་ཀའི་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས་དཀར་མཛེས་ཁུལ་གྱི་ཁམས་པའི་ཤེས་ལྡན་པ་ཁྲི་སྟོང་མང་པོའི་འདུ་འགོད་ཀྱི་རྩེར་སོན་ཤེས་ལྡན་མི་སྣར་བདམས།

    2015ལོར་སི་ཁྲོན་ཞིང་ཆེན་རྩ་འཛུགས་པུའུ་དང་། དཔལ་འབྱོར་དང་ཆ་འཕྲིན་ཨུ་ལྷན། ཚན་རྩལ་ཐིང་། ནོར་སྲིད་ཐིང་བཅས་ཀྱིས་ལག་ཤེས་བཟོ་རྩལ་གྱི་རྩལ་ནུས་མཁས་ཅན་ལ་བདམས་པ་རེད།

    2017ལོར་སི་ཁྲོན་ཞིང་ཆེན་གྱི་བཟོ་རྩལ་མཛེས་རྩལ་གྱི་སྤུས་ལེགས་ཐོན་རྫས་འགྲེམས་སྟོན་སྐབས་དྲུག་པའི་ཐོག་གསེར་གྱི་བྱ་དགའ་གཉིས་ཐོབ་ཡོད་པ་རེད།

    2018ལོའི་ཉི་མའི་ལྷ་བྱའི་བུམ་པའི་ཐེན་ཕུའུ་པའོ་གླིང་ཕྲན་བཟོ་ལས་ཇུས་འགོད་འགྲན་བསྡུར་ཆེན་མོའི་ཐོག་བཟོ་རྩལ་བརྐོས་མའི་གསེར་གྱི་བྱ་དགའ3དང་དངུལ་གྱི་བྱ་དགའ3རག་ཡོད་པ་རེད།

    2019ལོར་ཀྲུང་གོ་ཁྲེང་ཏུའུ་རྒྱལ་སྤྱིའི་གཟུགས་མེད་རིག་གནས་ཤུལ་བཞག་འདུ་ཚོགས་སྐབས་བདུན་པའི་ནང་ཁམས་ཀྱི་བཟོ་རྩལ་མཁས་པའི་སློབ་དཔོན་ཆེན་མོ་བཅུའི་མཚན་སྙན་ཐོབ་པ་རེད།

    སྨན་འཇིམ་འབག་མགོ་དེ་ས་གནས་ཁག་ལ་འགྲེམས་ཚོང་བྱས་པའི་གནས་ཚུལ།

    2010ལོའི་སྤྱི་ཟླ5པའི་ཚེས1ཉིན་ཧྲང་ཧའེ་འཛམ་གླིང་དངོས་མང་སྟོན་ཚོགས་ཐོག་བོད་བཟོའི་སྨན་འདམ་འབག་མགོའི་ཚབ་ཞུས་ནས་སི་ཁྲོན་ཞིང་ཆེན་གྱི་ཐོན་རྫས་འགྲེམས་སྟོན་ནང་ཞུགས་པ་རེད།

    2012ལོའི་སྤྱི་ཟླ6པའི་ཚེས12ནས22ཉིན་བར་བོད་བཟོའི་སྨན་འདམ་འབག་གི་ཚབ་བྱས་ཏེ་སི་ཁྲོན་ཞིང་ཆེན་གྱི་ཐོན་རྫས《ཤིས་ཧྲུའུ་གནམ་རྩེའི》སི་ཁྲོན་གྱི་གཟུགས་མེད་རིག་གནས་ཤུལ་བཞག་ཤང་ཀང་དུ་འགྲེམས་སྟོན་བྱས་པའི་བྱེད་སྒོའི་ནང་ཞུགས་ཡོད་པ་རེད།

    2012ལོའི་སྤྱི་ཟླ5པར་སི་ཁྲོན་ཞིང་ཆེན་མི་རིགས་ས་ཁུལ་གྱིས་ཀྲུང་གོ་གུང་ཁྲན་ཏང་སི་ཁྲོན་ཞིང་ཆེན་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་རྒྱལ་ཁའི་ངང་འཚོགས་པར་རྟེན་འབྲེལ་ཞུས་ཤིང་། དམིགས་བསལ་ལེ་ཚན་ཐོག་བོད་བཟོའི་སྨན་འབག་གི་ཚབ་བྱས་ནས་འགྲེམས་སྟོན་ནང་ཞུགས་པ་རེད།

    2013ལོའི་དཔྱིད་གསར་དུས་ཆེན་རིང་བཟོ་གྲྭ་དེའི་བོད་བཟོའི་སྨན་འབག་གི་ཚབ་བྱས་ནས་སི་ཁྲོན་ཞིང་ཆེན་གྱི་ཐོན་ཟོག་ཨའོ་མེན་དུ་འགྲེམས་སྟོན་བྱས་པའི་ནང་ཞུགས་ཡོད་པ་རེད།

    2014ལོའི་ཧྲེན་ཀྲེན་རྒྱལ་སྤྱིའི་འགྲེམས་ཚོགས་ལྟེ་གནས་འགྲེམས་སྟོན་ནང་ཞུགས་པ་རེད།

    2014ལོའི་སྤྱི་ཟླ6པར་པེ་ཅིང་མི་རིགས་རིག་གནས་ཕོ་བྲང་གི་འགྲེམས་སྟོན་ནང་ཞུགས་པ་རེད།

    2015ལོར་ཧྲེན་ཀྲེན་རིག་གནས་འགྲེམས་ཚོགས་ནང་ཞུགས་ཡོད་པ་རེད།

    སྨན་འཇིམ་འབག་ལ་གསར་འགྱུར་སྨྱན་སྦྱོར་གྱིས་དོ་ཁུར་བྱས་པའི་གནས་ཚུལ།

    ཀྲུང་དབྱང་སྒྲ་བརྙན་བརྒྱུད་ལམ་བདུན་པ་དང་། ཀྲུང་དབྱང་སྒྲ་བརྙན་བརྒྱུད་ལམ་བཅུ་པ། སི་ཁྲོན་བརྙན་འཕྲིན་ཁང་། ཁམས་པའི་བརྙན་འཕྲིན། ཤང་ཀང་ཧྥུང་ཧོང་བརྙན་འཕྲིན་བཅས་ཀྱིས་བོད་བཟོའི་སྨན་འཇིམ་འབག་མགོའི་རིག་གནས་ལ་བཅར་འདྲི་དུ་མ་བྱས་མྱོང་ཞིང་། གསར་འགྱུར་སྨྱན་སྦྱོར་གྱི་མི་རིགས་ཚགས་པར་སོགས་ཚགས་པར30ཡི་ཐོག་བཀོད་ཡོད་པ་དང་། ཀྲུང་གོའི་ས་ཁམས་དུས་དེབ་སོགས་དུས་དེབ11ནང་བཀོད་ཡོད། རྒྱལ་ཡོངས་སྲིད་གྲོས་ཀྱི་དུས་དེབ་དང་། ཀྲུང་དབྱང་མི་རིགས་དུས་དེབ། རྒྱལ་སྤྱིའི་ཚགས་པར། དུས་དེབ་སོགས་སུ་སྤེལ་གཏོང་བྱས་ཡོད་པ་རེད། 

    ད་ལྟར་ཉག་རོང་གི་སྨན་འཇིམ་འབག་མགོའི་རྒྱུན་འཛིན་པ་བསོད་ནམས་རྒྱལ་མཚན་དང་བཅས་པའི་སྐུ་དྲིན་ལ་བརྟེན་ནས་བཟོ་རྩལ་དེ་མ་ཉམས་རྒྱུན་མཐུད་ཀྱིས་འཕེལ་རྒྱས་སུ་འགྲོ་དང་འགྲོ་བཞིན་ཡོད་པ་རེད།།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1