གཙོ་ངོས།>> གསར་འགྱུར།>>སི་ཁྲོན་བོད་ཁུལ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༡༡ཚེས་༠༡ཉིན།

ཡིད་དུ་འོང་བའི་མཛོད་དགེ།

     སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་མཛོད་དགེ་རྫོང་ནི་སི་ཁྲོན་དང་ཀན་སུའུ། མཚོ་སྔོན་བཅས་ཞིང་ཆེན་གསུམ་གྱི་འདུས་མཚམས་སུ་ཆགས་ཤིང་། སི་ཁྲོན་གཞོང་ས་དང་གྲང་ངར་ཆེ་བའི་མཐོ་སྒང་གི་བར་བརྒལ་ས་ཁུལ་དུ་གནས་ཡོད། མངའ་ཁོངས་སུ་རྩྭ་ཐང་དང་ནགས་ཚལ། བདེ་ཐང་དང་རི་ཁུལ། ཆུ་བོ་དང་མཚེའུ་སོགས་ཡོད་ཅིང་། ས་ཁམས་ཀྱི་གནས་བབ་བཟང་བ་དང་། སྐྱེ་ཁམས་ཀྱི་དགེ་མཚན་དང་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ལྡན་པས། “ཡུལ་དུས་ཀུན་གྱི་ཡིད་འོང་ན་ཐང་ཆེན་མོ”ཡི་མཛེས་ལྗོངས་གྲུབ་ཡོད།  
    གནམ་སྔོན་པོའི་འོག་གི་དྭངས་གཙང་གི་ཞིང་ཁམས་འདི་ནི་འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་ཁུངས་གལ་ཆེན་ཞིག་ཡིན་ཞིང་། གནའ་ནས་“གོ་ལའི་མཁལ་མ་”དང་། “ཀྲུང་གོའི་ཆེས་མཛེས་པའི་མཐོ་གྲང་ན་ཐང་།” “ཀྲུང་གོའི་ཁྲུང་ཁྲུང་སྐེ་ནག་གི་ཕ་ཡུལ”ཞེས་པའི་མཚན་སྙན་ཐོབ་ཡོད། 

    ད་ལོའི་ཟླ་10པར། མཛོད་དགེ་རུ་དགུན་ཁ་སྔ་ས་ནས་སླེབས་སོང་། མཛེས་པའི་རི་ཀླུང་ཐམས་ཅད་ཚོན་མདོག་རྣམ་པར་བཀྲ་བའི་རི་མོ་ལྟར་ཀུན་གྱིས་མིག་གི་ལོངས་སུ་སྤྱོད་ཡུལ་དུ་གྱུར།  










39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1