གཙོ་ངོས།>> གསར་འགྱུར།>>རྒྱལ་ནང་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༡༡ཚེས་༠༡ཉིན།

རྒྱལ་ཡོངས་ཀྱི་སློབ་གྲྭའི་ཟ་ཁང་གི“དྭངས་གསལ་ཐབ་ཚང”ནང་ཞུགས་ཚད84%ཟིན་པ།

        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སློབ་གསོ་པུའུ་ཡིས་ཚེས29ཉིན་ཀོང་ཏུང་ཀྲུའུ་ཧའེ་རུ་འཚོགས་པའི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་སྟེང་བསྒྲགས་དོན། རྒྱལ་ཡོངས་སློབ་གྲྭའི“དྭངས་གསལ་ཐབ་ཚང”ཟ་ཁང་ཁྲི31.86ལ་སླེབས་པས། ཟ་ཁང་ཡོད་པའི་སློབ་གྲྭའི་ཁྱབ་ཚད་ཀྱི84%ཟིན་པ་རེད། 
        ད་ལོའི་ཟླ9པར་སློབ་གསོ་པུའུ་ཡིས་ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་དང་། སྤྱི་བདེ་པུའུ། ཞིང་ལས་གྲོང་གསེབ་པུའུ་བཅས་དང་མཉམ་དུ་བཟའ་བཅའི་བདེ་འཇགས་གནད་དོན་བཅོས་སྒྲིག་གི་མཉམ་འབྲེལ་བྱ་འགུལ་སྤེལ་རྒྱུ་བཀོད་སྒྲིག་བྱས་ཤིང་། སློབ་གསོ་པུའུ་ལུས་རྩལ་འཕྲོད་བསྟེན་དང་སྒྱུ་རྩལ་སློབ་གསོ་སིའི་སི་ཀྲང་ཝང་ཏེང་ཧྥིན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར། རང་རྒྱལ་གྱི་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ་དང་བུ་བཅོལ་ཁང་ཁྱོན་ཁྲི51ལྷག་ཙམ་ནང་ཟ་ཁང་བཙུགས་ཡོད་པའི་སློབ་གྲྭ་ཁྲི38ཡོད་པ་དེས་རྒྱལ་ཡོངས་ཀྱི་སློབ་གྲྭའི་བསྡོམས་འབོར་གྱི74.51%ཟིན་ཡོད་པ་རེད།
        2019ལོའི་ཟླ10པའི་ཚེས14ཉིན་བར་རྒྱལ་ཡོངས་ཀྱི་སློབ་གྲྭའི་ཟ་ཁང་གི“དྭངས་གསལ་ཐབ་ཚང”ཟ་ཁང་ཁྲི31.86ཟིན་པས། ཟ་ཁང་ཡོད་པའི་སློབ་གྲྭ་ཡི་གྲངས་འབོར་གྱི84%ཟིན་ཡོད་པ་དང་། ཐད་གཏོགས་གྲོང་ཁྱེར་དང་། ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར། འཆར་གཞི་རྐྱང་བཀོད་གྲོང་ཁྱེར་བཅས་སུ་སློབ་གྲྭའི་ཟ་ཁང་གི“དྭངས་གསལ་ཐབ་ཚང”ཟ་ཁང་ཁྲི5.28ཟིན་པས་སློབ་གྲྭའི་ཟ་ཁང་གི91%ཟིན་ཡོད་པ་རེད། ཆེད་དོན་བཅོས་སྒྲིག་བྱེད་པའི་སྐབས། ས་གནས་ཁག་གིས་སློབ་གྲྭའི་ཟ་ཁང་དང་། བཟའ་བཅའ་མཁོ་འདོན་ལས་ཁུངས། དེ་བཞིན་སློབ་གྲྭའི་ཉེ་འཁོར་གྱི་བཟའ་བཅའ་གཉེར་སྐྱོང་བྱེད་མཁན་ཟ་ཁང་དང་ཚོང་ཁང་ཁྲི63.1ལ་ཞིབ་བཤེར་བྱས་པ་དང་། ཟ་ཁང་ཁྲི2.7ལ་དུས་བཅད་གླེང་མོལ་བྱས་ལ། གྱོད་དོན2667ལ་ཐོ་འགོད་དང་ཞིབ་བཤེར་ཐག་གཅོད་བྱས། ཟ་ཁང་ཁྲི1.14ལ་ཐ་ཚིག་བསྒྲགས། ལག་འཁྱེར་མེད་པའི་ཚོང་གཉེར་ཟ་ཁང496མེད་པར་བཟོས་པ་དང་། བཟའ་བཅའི་རྒྱུ་ཆ་མཁོ་འདོན་ཚོང་ཁང2352བརྗེ་འཐེན་བྱས་ཤིང་། བཟའ་བཅའ་མཁོ་འདོན་ལས་ཁུངས536བརྗེས་ཡོད། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1