གཙོ་ངོས།>> འཕྲོད་བསྟེན།>>བདེ་ཐང་ཤེས་བྱ།

རྩོམ་སྒྲིག་པ།ཡོང་ཁུངས།བོད་ལྗོངས་ཉིན་ཚགས། སྤེལ་དུས། ༢༠༡༩ལོའི་ཟླ་བ་༡༡ཚེས་༠༡ཉིན།

༄༅།། མ་ཉལ་གོང་འདི་འདྲ་གནང་དང་བདེ་ཐང་ལ་ཕན།


        ཞིབ་འཇུག་ལས་མངོན་དོན། གཉིད་དང་ཚེ་ཚད་དབར་ཐད་ཀར་འབྲེལ་བ་ཡོད་ཅིང་། དགོང་ལྟར་གཉིད་ཆུ་ཚོད་4ལས་མི་ཁུག་ན་ཚེ་ཐུང་དུ་80%འགྲོ་ཡི་ཡོད། གཞན་ཡང་། ཨ་རིའི་འབྲེལ་ཡོད་ཞིབ་འཇུག་མཐུན་ཚོགས་ཀྱིས་ལོ་65ཡན་གྱི་མི་ཚོགས་ཁྲོད་དུ་གཉིད་ཐེབས་ཆག་མཁན་ཕྱེད་ཀ་ཡན་ཡོད་ཅེས་ངོས་འཛིན་བྱས་འདུག 

        གལ་ཏེ་གཉིད་ཡག་པོ་ཞིག་ཁུག་འདོད་ན། མ་ཉལ་གོང་འདི་དག་བྱེད་དགོས་པ་མ་ཟད། ཉིན་ལྟར་རྒྱུན་འཁྱོངས་ཚེ། ལུས་ཀྱི་ནད་དུག་རྣམས་ཕྱིར་འབུད་ནས། གཉིད་ཡག་པོ་ཁུག་ཐུབ་པ་མ་ཟད། ཚེ་ཡང་རིང་དུ་འགྲོ་ངེས། 
        ད་འོ་ན། མ་ཉལ་གོང་ཅི་ཞིག་ལས་དགོས་སམ། 


1.སྐྲ་ཤད་པ།
        ཀྲུང་ལུགས་གསོ་རིག་གི་དགོངས་པ་ལྟར་ན་གཟུགས་པོའི་རྩ་ལམ་ཚང་མ་མགོ་དང་སྦྲེལ་ཡོད་པས། མགོ་བོའི་ཁྲག་རྩར་འཕུར་མཉེད་འོས་འཚམ་བཏང་ཚེ། བསམ་བློ་གཏོང་བར་ཕན་ཐོགས་ལ། གཟུགས་པོའི་རྩ་ལམ་ཡོངས་གཤོང་བར་ཕན་པའང་ངེས་ཅན་ཐོན་པས། ནད་གཞི་སྔོན་འགོག་དང་ལུས་གསོའི་ནུས་པ་ཐོན་ཐུབ། དེས་ན། ཁྲག་ཤེད་མཐོ་བ་དང་། འཕར་རྩ་རེངས་འགྱུར། དབང་རྩ་ཉམས་པ་སོགས་ཀྱི་ནད་པས་དགོང་ཞོགས་གཉིས་ཀར་སྐྲ་ཤད་རྒྱུ་སྐར་མ་10རྒྱུན་བསྐྱངས་ན་གཟུགས་པོར་ཕན་ཐོགས་ཧ་ཅང་ཆེན་པོ་ཡོད། 


2.རྐྱོང་ཤད་བྱེད་པ། 
        རྐྱོང་ཤད་ནི་ལུས་ཟུངས་གསོ་བའི་སྒུལ་སྟངས་སྟབས་བདེ་ཞིག་ཡིན་མོད། དམངས་ཁྲོད་དུ་རྒྱུན་པར་རྐྱོང་ཤད་བྱས་པས། ངལ་དུབ་སེལ་ལ་ལུས་ཟུངས་གསོ་ཞེས་བརྗོད་སྲོལ་འདུག གཞན་ཡང་། རྐྱོང་ཤད་བྱས་པས་གཟུགས་པོའི་དབང་རྩ་གཤོང་བར་རམ་འདེགས་དང་། ལུས་ཟུངས་འཁོར་རྒྱུག་ལ་སྐུལ་ནས་དོན་སྣོད་ཀྱི་ཚ་གྲང་སྙོམས་པས་ལུས་གསོའི་ཐབས་ཤེས་ཡག་ཤོས་ཤིག་རེད། 


3.གྲོད་ཁོག་འཕུར་བ། 
        གཉིད་མ་ཉལ་གོང་གྲོད་ཁོག་འཕུར་ཚེ། ཁོག་སྨད་ཀྱི་ཚིལ་བཞུར་བར་ཧ་ཅང་ཕན། གང་ལགས་ཤེ་ན། གྲོད་ཁོག་འཕུར་བ་ལས་རྒྱུ་ལམ་ལ་འཕུར་གཉེད་ཐེབས་ནས་ཁ་རླུང་སོས་པ་རྩ་ལམ་ལ་རྒྱུ་བས་བཙོག་པ་གཤོང་སླ་རུ་འགྲོ་བ་མ་ཟད། ཁོག་སྨད་ཀྱི་ཚིལ་ཡང་ཉུང་དུ་འགྲོ་བར་ཕན་པ་ཆེའོ།


4.ཆུ་ཚ་པོར་རྐང་པ་སྦོང་བ། 
        གཟུགས་པོའི་ཡན་ལག་ནས་སྙིང་དང་ཐག་རིང་ཤོས་རྐང་པ་ཡིན་པས། ཁྲག་རྒྱུན་འཁོར་རྒྱུག་དང་ལྷག་དོན་དུ་ལུས་སྨད་ལ་ཁྲག་འཁོར་རྒྱུག་བྱེད་པར་སྙིང་ནི་ཧ་ཅང་གི་གལ་ཆེ་བའི་ལུས་པོའི་ཆ་ཤས་ཤིག་ཡིན་སྟབས། གཉིད་མ་ཉལ་གོང་། ཆུ་ཚ་པོར་རྐང་པ་སྦངས་ན་ངལ་དུབ་སེལ་བ་མ་ཟད། གཉིད་ཁུག་པར་ཕན་ཐོགས་ཆེན་པོ་ཡོད། ཆུ་ཚ་པོར་རྐང་པ་སྦངས་ཚེ། ལུས་ཀྱི་ཆ་ཤས་ཀྱི་ཁྲག་འཁོར་རྒྱུག་ཐུབ་པ་དང་གྲང་ངར་འགོག་པའི་ཁར། ལུས་པོའི་རྙིང་དོར་གསར་ལེན་ལའང་དེ་མཚུངས་ཀྱི་སྐུལ་གྱི་ཡོད། 


5.ཆུ་དཀར་ཡོལ་གང་འཐུང་བ། 
        མ་ཉལ་གོང་རྟག་ཏུ་ཆུ་བཏུངས་ན་ཁྲག་སླ་རུ་གཏོང་ཐུབ་པ་མ་ཟད། ཁྲག་འཁོར་རྒྱུག་ལ་ཕན་ཅིང་། ཀླད་པའི་ཁྲག་རྩ་རེངས་འཁུམས་ཀྱི་ནད་འགོག་ཐུབ། གཞན་ཡང་། གཉིད་ལ་ཡུར་སྐབས་གཟུགས་པོ་ནས་རྔུལ་ནག་འདོན་པས་ལུས་པོའི་ཆུ་རྣམས་སྐེམ་སྲིད། དེས་ན། གལ་ཏེ་མ་ཉལ་གོང་ཆུ་དཀར་ཡོལ་གང་བཏུངས་ན། ཁྲག་སླ་རུ་འགྲོ་ལ་གློ་བུར་དུ་སྙིང་ནད་ཕོག་པའི་ཉེན་ཁའང་འཕྲད་མི་སྲིད། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1