ཡུལ་བབ་ཁྱད་ཆོས་ལ་བརྟེན་ནས་འབྱོར་འབྲིང་ཕྱོགས་སུ་སྐྱོད་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 11-04


     ཉེ་བའི་ལོ་ཤས་རིང་། བོད་ལྗོངས་མཚོ་སྣ་རྫོང་གིས་སྔ་རྗེས་སུ་སྲིང་མོ་བྲག་དང་སྤྱང་རོང་སོགས་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས་མང་དག་ཅིག་ལག་བསྟར་བྱས་པ་དང་སྦྲགས། ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་ནས། ཞིང་འབྲོག་པ་ཡུལ་སྐོར་ཐོན་ལས་ལ་ཞུགས་པའི་སྤྲོ་སེམས་འཕེལ་བར་བྱས་པས། ཡུལ་སྐོར་སྣེ་ལེན་དོ་དམ་གྱི་འཇོན་ཐང་དང་ཞབས་འདེགས་སྤུས་ཚད་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད། 2018ལོར་ལེགས་པོ་རོང་གི་མཛེས་ལྗོངས་ཁུལ་གྱིས་ཁྱོན་ཡུལ་སྐོར་བ་མི་ཐེངས་55943ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་2564བྱུང་བ་དེ་དུས་མཚུངས་ལས་སོ་སོར་41.6%དང་60.5%འཕར་ཡོད། འདི་ལོའི་ཟླ་7པར་ལེགས་པོ་རོང་མཛེས་ལྗོངས་ཁུལ་ལ་2019ལོའི“ཀྲུང་གོའི་རང་བྱུང་གསོ་རླུང་ཁང”གཏོད་པའི་ས་ཁུལ་གྱི་མཚན་སྙན་ཐོབ་ནས། 2016ལོར“ཀྲུང་གོའི་རང་བྱུང་གསོ་རླུང་ཁང”གཏོད་པའི་བྱེད་སྒོ་དངོས་སུ་སྤེལ་ཚུན། བོད་ཀྱི་མཚན་སྙན་དེ་ཐོབ་མཁན་མཛེས་ལྗོངས་ཁུལ་དང་པོ་དེར་གྱུར་ཡོད་ཅིང་། འདི་ནི་ཉེ་དུས་མག་མག་མོན་པ་མི་རིགས་ཤང་གི་མང་ཚོགས་ཚོས་མོན་པའི་གཟབ་མཆོར་སྤྲས་ཏེ་ཡུལ་སྐོར་བར་སྒོར་གཞས་འཁྲབ་བཞིན་པ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1