༄༅།། བདེ་ཐང་ཡོང་བའི་སྐོར་གྱི་ཤེས་བྱ་འགའ།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 11-04


        གཅིག མིག་མཐའི་ནག་ཐིག་སེལ་ཐབས། སེང་རས་ཀྱི་ཁུག་ཏུ་ཇ་ལོ་གཅུད་ནས་མིག་གི་སྟེང་ལ་བཞག་སྟེ་དུས་ཡུན་སྐར་མ་བཅུ་ནས་བཅོ་ལྔ་ཙམ་འགོར་རྗེས་ཆུ་འཁྱག་གིས་བཀྲུ་དགོས།
        གཉིས། གཟའ་འཁོར་གཅིག་ལ་བྱ་སྒོང་བཞི་ལས་མང་བ་བཟའ་མི་རུང་། མང་དུ་ཟོས་ན་ལུས་པོའི་བདེ་ཐང་ལ་གནོད།
        གསུམ། བྱའི་ཨོང་ཤའི་སྟེང་དུ་ནད་སྐྱེད་རྫས་མང་རྐྱེན། རབ་ཡིན་ན་མ་ཟོས་ན་བཟང་།
        བཞི། དུས་ཡུན་རིང་པོར་གློག་ཀླད་སོགས་ལ་ཅེར་རྗེས། བར་མཚམས་སུ་ངལ་གསོ་བ་དང་མིག་འཕུར་འཕུར་བྱེད་དགོས།
        ལྔ། གཉིད་ཡུར་བའི་དུས་ཚོད་བཟང་ཤོས་ནི་དགོང་མོའི་ཆུ་ཚོད་བཅུ་ནས་ཞོགས་པའི་ཆུ་ཚོད་བདུན་བར་ཡིན།
        དྲུག སྲན་མའི་ཁུ་བ་འཐུང་དུས་བྱ་སྒོང་བཟའ་མི་རུང་ལ། དེའི་ནང་དུ་ཀ་ར་ཡང་འཇོག་མི་རུང་།
        བདུན། ཀྲོ་མ་ཀྲུ་ཟ་མ་མ་ཟོས་པའི་སྔོན་དུ་བཟའ་མི་རུང་བར་ཟ་མ་ཟོས་རྗེས་བཟའ་དགོས།
        བརྒྱད། ཞོགས་པར་ཡར་ལངས་རྗེས་ཆུ་ཕོར་གང་འཐུང་ན་མཁྲིས་རྡོ་ཆགས་པ་སྔོན་འགོག་བྱེད་ཐུབ།
        དགུ། མ་ཉལ་བའི་སྔོན་གྱི་དུས་ཚོད་གསུམ་གྱི་ནང་ཟ་མ་བཟའ་མི་རུང་།
        བཅུ། འོ་ཇ་ཉུང་ཙམ་འཐུང་ན་བཟང་། འོ་ཇའི་ནང་དུ་མངར་ཚད་ཆེན་པོ་འདུས་པ་དང་སྣུམ་ཚད་མཐོ་བས་ཁྲག་ཤེད་མཐོ་བའི་ནད་རིགས་འབྱུང་སླ།
        བཅུ་གཅིག བག་ལེབ་སྲེག་མ་ཐག་ཏུ་བཟའ་མི་རུང་།
        བཅུ་གཉིས། གློག་གསོག་ཆས་དང་བར་ཐག་ངེས་ཅན་ཡོད་དགོས།
        བཅུ་གསུམ། ཉིན་རེར་ཆུ་ཕོར་བ་བཅུ་རེ་འཐུང་ན། ནད་གཞི་སྣ་ཚོགས་རང་སར་འཇོམས།
        བཅུ་བཞི། ཉིན་དཀར་ཆུ་མང་དུ་འཐུང་བ་དང་མཚན་མོར་ཉུང་ཙམ་འཐུང་དགོས།
        བཅོ་ལྔ། རྣ་ས་བསལ་ན་ཀླད་པའི་ཁྲག་རྩའི་འཁོར་སྐྱོད་ལ་ཕན།
        བཅུ་དྲུག ཉི་མ་རེར་ཁོ་ཧྥེ་ཕོར་བ་གཉིས་ཡན་འཐུང་མི་རུང་། མང་པོ་འཐུང་ན་གཉིད་མི་ཡོང་ཞིང་ཁོག་པ་མི་བདེ།
        བཅུ་བདུན། སྣུམ་དང་ཚིལ་གྱི་འདུས་ཚད་མཐོ་བའི་ཟས་རིགས་ཉུང་བསྟེན་བྱས་ན་བཟང་། ཕོ་བའི་ནང་དུ་དེའི་རིགས་ཞུ་བར་དུས་ཚོད་ལྔ་ནས་བདུན་ཙམ་དགོས།
        བཅོ་བརྒྱད། ཕྱི་དྲོའི་དུས་ཚོད་ལྔའི་རྗེས་ནས་ཟ་མ་མང་པོ་ཟོས་ན་མི་བཟང་། དུས་ཚོད་ལྔའི་རྗེས་སུ་མིའི་ལུས་ལ་ནུས་ཤུགས་མང་པོ་མི་དགོས།
        བཅུ་དགུ། གཉིད་འདང་ངེས་ཤིག་དགོས། རབ་ཡིན་ན་ཉིན་གུང་ཅུང་ཙམ་གཉིད་ན་བཟང་།
        ཉི་ཤུ། བུད་མེད་ལ་ཟླ་མཚན་འབབ་པའི་དུས་སུ་ཇའི་རིགས་འཐུང་མི་རུང་།
        ཉེར་གཅིག ཆང་མང་དུ་འཐུང་ན་ལུས་པོའི་སྟེང་གི་ཕྲ་ཕུང་མང་པོར་བཀག་འགོག་ཐེབས་ནས། འབུ་ཕྲས་ནད་བསྐྱེད་ངེས།
        ཉེར་གཉིས། སྨན་ནི་མ་ཉལ་བའི་སྔོན་གྱི་སྐར་མ་སུམ་ཅུའི་ནང་འཐུང་ན་བཟང་།
        ཉེར་གསུམ། སྐྲ་ལྷུང་བའི་རྒྱུ་རྐྱེན་ནི་མཚན་སྐྱེལ་བ་དང་། གནོན་ཤུགས་ཆེ་བ། དུ་ཆང་བསྟེན་པ། སྣུམ་འདུས་ཚད་མཐོ་བའི་ཟ་མ་དང་བྲོ་རྫས་མང་བའི་ཟས་རིགས་བསྟེན་དྲགས་པ་སོགས་ཡིན།
        ཉེར་བཞི། སྐྲ་སྐྱེ་དགོས་ན་སྲན་མའི་རིགས་དང་སྔོ་ཚོད་རིགས་བཟའ་དགོས། མངར་ཆའི་རིགས་བཟའ་མི་རུང་།
        ཉེར་ལྔ། ཉིན་རེར་ཚ་ལུ་མའི་ཁུ་བ་ཕོར་བ་གང་རེ་འཐུང་ན་གདོང་གི་ནག་ནོག་འཇོམས།
        ཉེར་དྲུག ཀུ་ཤུ་རྒྱུན་དུ་ཟོས་ན་གློ་བར་ཕན།
        ཉེར་བདུན། དུ་བ་ནི་སྐྲན་ནད་ཀྱི་འབྱུང་ཁུངས་ལྟ་བུ་ཡིན་པས་དུ་བ་བཅད་ན་རང་གཞན་ཀུན་ལ་ཕན།
        ཉེར་བརྒྱད། ཟླ་མཚན་འབབ་པ་དང་མངལ་སྦྲུམ་པ། ཕྲུ་གུ་བཙའ་རན་ཡོད་པ། ཕྲུ་གུ་བཙས་མ་ཐག་པའི་སྐབས་བཅས་སུ་བུད་མེད་ཀྱིས་ཇ་མ་འཐུང་ན་བཟང་།
        ཉེར་དགུ། ཆང་མང་དུ་འཐུང་ན་མཆིན་པ་སྲ་འགྱུར་གྱི་སྐྲན་ནད་འབྱུང་སླ།
        སུམ་ཅུ། ཚིལ་སྣུམ་གྱི་འདུས་ཚད་མཐོ་བའི་ཟས་རིགས་བརྟེན་ཚད་མང་ན་ཕོ་བར་སྐྲན་ནད་འབྱུང་ངེས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1