གཙོ་ངོས།>> གསར་འགྱུར།>>སི་ཁྲོན་བོད་ཁུལ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༡༡ཚེས་༠༥ཉིན།

ལི་ཐང་རྫོང་ཁྲིམས་ཁང་གིས་སྐད་འཕྲིན་ཐོག་ཁྲིམས་ར་འཚོགས་ནས་གྱོད་གཞི་འདྲི་གཅོད་བྱས་པར་བསྔགས་བརྗོད་ཐོབ་པ།


     ཉིན་ཤས་གོང་ལི་ཐང་རྫོང་ཁྲིམས་ཁང་དམངས་ཁྲིམས་ཁང་གིས“དྲ་སྦྲེལ+”བེད་སྤྱོད་གང་ལེགས་བྱས་ཏེ་སྐད་འཕྲིན་གྱི་བརྙན་ལམ་དང་ཟུང་འབྲེལ་བྱས་ཏེ་རྒྱང་རིང་ནས་འཛུགས་སྐྲུན་ལས་གྲྭའི་ཨར་ལས་གན་རྒྱ་ཞིག་གི་རྩོད་གཞིའི་གྱོད་གཞི་ཞིབ་གཅོད་བྱས་པ་རེད། 
     གྱོད་གཞིའི་དོ་བདག་ས་ཆ་གཞན་དུ་ཡོད་པ་དང་། ཞུ་སྦྱོར་སྔ་མ་དང་ཞུ་སྦྱོར་ཕྱི་མའི་ངོ་ཚབ་ཁྲིམས་རྩོད་པ་ཡང་ས་ཆ་གཞན་གྱི་ཁྲིམས་རྩོད་པ་ཡིན་པས། ཕྱོགས་གཉིས་ཀའི་མོས་མཐུན་ཐོབ་རྗེས། ཁྲིམས་དཔོན་གྱིས་དྲ་ཐོག་གི་ཁྲིམས་ར་དང་སྐད་འཕྲིན་གྱི་བརྙན་ལམ་སྤྱད་དེ་ཁྲིམས་ར་འཚོགས་ནས་གྱོད་གཞི་འདི་ཞིབ་གཅོད་བྱ་རྒྱུའི་ཐག་བཅད། ཉིན་དེའི་སྔ་དྲོའི་ཆུ་ཚོད་9པར། ཁྲིམས་དཔོན་དང་ཞུ་སྦྱོར་སྔ་མ་དང་ཞུ་སྦྱོར་ཕྱི་མས་སྐད་འཕྲིན་ཚོགས་པ་བཙུགས་ནས་སྐད་འཕྲིན་གྱི་བརྙན་ལམ་ཐོག་ནས་སྐད་ཆ་ཤོད་རེས་བྱས་པ་རེད། དོ་བདག་གི་ཐོབ་ཐང་ཆ་འཕྲིན་གཏན་འཁེལ་བྱས་རྗེས། ཐག་རིང་ཁྲིམས་ར་འཚོགས་འགོ་ཚུགས་པ་རེད། ཁྲིམས་སའི་འདྲི་གཅོད་ཀྱི་བདེན་པའི་རང་བཞིན་དང་དཔང་རྟགས་ཉར་ཚགས་བྱེད་བདེ་བ་འགན་ལེན་ཡོང་ཆེད། ཁྲིམས་སའི་འདྲི་གཅོད་ཀྱི་བརྒྱུད་རིམ་ཧྲིལ་པོ་དྲ་ཐོག་ནས་ཐད་གཏོང་བྱས་པ་བརྒྱུད་དུས་གཅིག་ཏུ་སྒྲ་ཕབ་བརྙན་ཕབ་བྱས་པ་རེད། ཁྲིམས་དཔོན་གྱིས་ཁྲིམས་ཐག་བཅད་ཅིང་དོ་བདག་ཕྱོགས་གཉིས་ཀྱིས་ཁྲིམས་རའི་འདྲི་གཅོད་ཟིན་ཐོར་ནོར་སྐྱོན་མེད་པ་གཏན་འཁེལ་བྱུང་བའི་བར་གྱི་ཁྲིམས་རའི་འདྲི་གཅོད་བརྒྱུད་རིམ་ཧྲིལ་པོར་ཆུ་ཚོད་གཅིག་ཀྱང་འགོར་མེད། 
     ཁྲིམས་སའི་འདྲི་གཅོད་མཇུག་བསྒྲིལ་རྗེས། དོ་བདག་ཕྱོགས་གཉིས་པོས་སྐད་འཕྲིན་གྱི་བརྙན་ལམ་ཐོག་ནས་ཁྲིམས་ར་འཚོགས་པའི་བྱ་ཐབས་ལ་བསྔགས་བརྗོད་ཆེན་པོ་བྱས་པ་དང་། ཞུ་སྦྱོར་སྔ་མའི་ཁྲིམས་བཀོད་འཐུས་ཚབ་སུང་ཆེ་གེ་མོས“སྐད་འཕྲིན་ཐོག་ནས་ཁྲིམས་ར་འཚོག་པའི་བྱ་ཐབས་དེས་དོ་བདག་གི་དུས་ཚོད་དང་མ་གནས་གྲོན་ཆུང་ཆེན་པོ་བྱས་ཡོད”ཅེས་བསྔགས་བརྗོད་བྱས་ཡོད་ལ། ཞུ་སྦྱོར་ཕྱི་མའི་ལས་ཚབ་ཁྲིམས་རྩོད་པས་ཀྱང་ལི་ཐང་རྫོང་ཁྲིམས་ཁང་དམངས་ཁྲིམས་ཁང་གི་མི་གཤིས་ཅན་གྱི་བྱེད་ཐབས་དེས་ཐག་རིང་དུ་གནས་པའི་དོ་བདག་གིས་ཀྱང་རང་གི་བསམ་འཆར་དུས་ཐོག་དང་ནུས་ལྡན་ངང་བརྗོད་ཐུབ་པ་དང་རང་གི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་ཐུབ་ཡོད་ཅེས་བསྔགས་བརྗོད་བྱས་ཡོད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1