《འུན་ཤིང་ཀོང་ཇོ》ཡི་ད་ལོའི་འཁྲབ་སྟོན་ཐེངས་189མཇུག་བསྒྲིལ་བ་དང་། 《གྱིམ་ཤིང་ཀོང་ཇོ》ཡིས་དགུན་དུས་བོད་དུ་ཡུལ་སྐོར་བྱེད་པར་མུ་མཐུད་ནས་རམ་འདེགས་བྱེད་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 11-05


      ཟླ་10ཚེས་31ཉིན་གྱི་དགོང་མོ། ལྷ་སའི་འུན་ཤིང་ཀོང་ཇོའི་ཟློས་གར་ཁང་དུ་འཁྲབ་སྟོན་པ་བརྒྱད་བརྒྱ་ལྷག་ཙམ་གྱིས་འཁྲབ་མཇུག་གུས་འདུད་ཞུ་བ་དང་ཡུལ་དངོས་ཀྱི་ལྟད་མོ་བའི་ཡུན་རིང་པོའི་ཐལ་མོ་རྡེབ་སྒྲའི་ཁྲོད། ད་ལོའི་འཁྲབ་ཐེངས་189པ་སྟེ་ད་ལོའི་དངོས་ལྗོངས་ཟློས་གར་ཆེ་གྲས《འུན་ཤིང་ཀོང་ཇོའི》འཁྲབ་སྟོན་མཐའ་མ་བདེ་བླག་ངང་མཇུག་བསྒྲིལ་བ་རེད།
     གཙོ་སྒྲུབ་ཕྱོགས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། 《འུན་ཤིང་ཀོང་ཇོའི》ཆ་བསྒྲིགས་ཟློས་གར་ཏེ《གྱིམ་ཤིང་ཀོང་ཇོ》ཡིས་མུ་མཐུད་དུ“དགུན་དུས་བོད་དུ་ཡུལ་སྐོར་བྱེད་པར”རམ་འདེགས་བྱེད་རྒྱུ་རེད།
     《འུན་ཤིང་ཀོང་ཇོ》ཞེས་པ་དེས་ལོ་ངོ1300གོང་གི་རྒྱ་བཟའ་ཀོང་ཇོ་དང་སྲོང་བཙན་སྒམ་པོའི་དབར་གཉེན་སྒྲིག་པའི་ལོ་རྒྱུས་གཏམ་རྒྱུད་བརྗོད་ཡོད་ལ། ཁྱོན་འཁྲབ་ཚན་ལྔ་ཡོད་པ་དང་། སྤྱིའི་རིང་ཚད་སྐར་མ་90ཙམ་ཟིན་ཡོད། འཁྲབ་ཐེངས་རེས་ལྟད་མོ་བ་4000ལྷག་ཙམ་ལ་སྣེ་ལེན་བྱེད་ཐུབ། གར་སྟེགས་ཟློས་གར《གྱིམ་ཤིང་ཀོང་ཇོ》ཞེས་པའི་ནང་བཙན་པོ་རྒྱལ་རབས་དུས་ཀྱི་བོད་བཙན་པོ་དང་གཉེན་སྒྲིག་པའི་ཐང་རྒྱལ་རབས་ཀྱི་ཀོང་ཇོ་གཞན་ཞིག་སྟེ་གྱིམ་ཤིང་ཀོང་ཇོ་ཡི་གཏམ་རྒྱུད་བརྗོད་ཡོད། 
     2013ལོར་ཐོག་མར་འཁྲབ་སྟོན་བྱས་པ་ནས་བཟུང་།《འུན་ཤིང་ཀོང་ཇོ》འཁྲབ་ཐེངས་1200ཙམ་བྱས་པ་དང་ལྟད་མོ་བ་མི་ཐེངས་ཁྲི་200ལྷག་ཙམ་སྣེ་ལེན་ཞུས་པ་རེད། འཛུགས་སྐྲུན་ནང་ཞུགས་པ་དང་། འཁྲབ་སྟོན་ནང་ཞུགས་པ། ལས་གཏོད་ལས་སྟེགས་མཁོ་འདོན་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་མི་4000ལྷག་ཙམ་ཀྱི་ལས་ཞུགས་ལ་དངོས་དང་རྒྱུད་ཀྱི་ནུས་པ་ཐོན་པས། ལྷ་སའི་ཉེ་བའི་ལོ་ཤས་རིང་གི་གསར་དར་ཡུལ་སྐོར་མིང་བྱང་གི་གྲས་ཤིག་དང་རིག་གནས་ཐོན་ལས་དབུལ་སྐྱོར་གྱི་དཔེ་མཚོན་ཞིག་ཏུ་གྱུར་ཡོད་པ་རེད། 

     《འུན་ཤིང་ཀོང་ཇོ》ནི་སང་ལོའི་ལྷ་སའི་གནམ་གཤིས་དྲོ་རུ་འགྲོ་བའི་དུས་སུ་སླར་ཡང་ལྟད་མོ་བའི་མིག་ལམ་དུ་བཀྲམ་རྒྱུ་རེད།





དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1