ལི་ཁེ་ཆང་གིས་ཆེ་ཁིའི་སྲིད་འཛིན་ལ་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-30


 

                སྤྱི་ཟླ་10པའི་ཚེས་27ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་ཆེ་ཁི་རྒྱལ་ཁབ་ཀྱི་སྲིད་འཛིན་ཙེ་མན་ལ་མཇལ་འཕྲད་གནང་།  ལི་ཁེ་ཆང་གིས། ད་སྐབས་ཀྲུང་གོ་དང་ཆེ་ཁི་གཉིས་ཀྱི་འབྲེལ་བ་བཟང་ཕྱོགས་སུ་འཕེལ་རྒྱས་འགྲོ་བཞིན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྲིད་འཛིན་སྐུ་ཞབས་དང་ལྷན་དུ་ལས་དོན་གྲོས་མོལ་མཛའ་བརྩེའི་ངང་སྤེལ་ཞིང་། ཀྲུང་གོ་དང་ཆེ་ཁི་རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་བཙུགས་ནས་ལོ་ངོ་65འཁོར་བའི་དུས་དང་བསྟུན་ནས། རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེའི་མཉམ་ལས་འབྲེལ་བ་དེ་གནས་བབ་གསར་བ་ཞིག་ཏུ་སྐུལ་འདེད་གཏོང་ཐུབ་པའི་ཡིད་ཆེས་ཡོད་ཅེས་བསྟན།

                  ལི་ཁེ་ཆང་གིས་བསྟན་དོན། ཀྲུང་གོ་དང་ཆེ་ཁི་རྒྱལ་ཁབ་གཉིས་བར་གྱི་ལས་དོན་མཉམ་འབྲེལ་གྱི་གཏིང་ཤུགས་ཆེན་པོ་ཡོད་པ་མ་ཟད། འདུན་ལམ་རྒྱ་ཆེན་པོ་འདུག ཀྲུང་གོའི་ཕྱོགས་ནས་གློག་རྡུལ་དང་མཐོ་ལྕགས་སོགས་སྒྲིག་ཆས་བཟོ་ལས་ཐད་དུ་སྔོན་ཐོན་གྱི་ལག་རྩལ་དང་ཉམས་མྱོང་ཕུན་སུམ་ཚོགས་པ། ནུས་ཤུགས་རྒྱ་ཆེན་པོ་བཅས་ལྡན་པས། ཀྲུང་གོའི་སྲིད་གཞུང་གིས་ནུས་ཤུགས་ལྡན་པའི་ཀྲུང་གོའི་ཁེ་ལས་དག་གིས་ཧུར་བརྩོན་ཆེན་པོས་ཆེ་ཁིའི་གློག་རྡུལ་སྒྲིག་ཆས་ལེགས་བཅོས་ལས་གཞི་སོགས་ལ་ཞུགས་པར་སྐུལ་འདེད་གཏོང་བཞིན་ཡོད། ཀྲུང་གོ་དང་ཡོ་རོབ་ཤར་དབུས་རྒྱལ་ཁབ་ཀྱི་མཉམ་ལས་ནི་ཕན་ཚུན་བར་གྱི་སྤྱི་བའི་ཁེ་ཕན་དང་འཚམས་ཤིང་། ཡོ་རོབ་དབུས་མའི་ཕྱོགས་ཡོངས་དོ་མཉམ་འཕེལ་རྒྱས་ལའང་ཕན་པ་ཡོད། ཀྲུང་གོའི་ཕྱོགས་ནས་ཆེ་ཁི་ཐེ་བའི་ཡོ་རོབ་དབུས་ཤར་གྱི་རྒྱལ་ཁབ་ཚང་མར་ལས་དོན་མཉམ་འབྲེལ་བྱེད་ཤུགས་ཆེ་རུ་བཏང་ནས། གཉིས་ཕན་མཉམ་ཁེ་མངོན་འགྱུར་ཡོང་བ་བྱ་འདོད་ཡོད་ཅེས་གསུངས། །

 

 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1