༄༅།། ཐེམ་ཐོ་སྒྱུར་བར་དེ་སྔོན་ལྟར་རྙོག་དྲ་འདི་འདྲ་མི་འདུག གཟིགས་དང་།

རྩོམ་སྒྲིག་པ།ཡོང་ཁུངས།བོད་ལྗོངས་ཉིན་ཚགས། སྤེལ་དུས། 11-06




2018ལོའི་གོང་།
          ཐེམ་ཐོ་སྤོ་སྒྱུར་གྱི་འགྲོ་ལུགས་གཉེར་སྐབས། དང་ཐོག་རེ་འདུན་ཞུ་མཁན་གྱིས་ཐེམ་ཐོ་སྤོ་སྒྱུར་གྱི་དཔྱད་གཞི་བསྡུ་རུབ་བྱས་རྗེས། ཐེམ་ཐོ་སྒྱུར་ཡུལ་གྱི་སྤྱི་བདེ་ལས་ཁུངས་ལ་རེ་འདུན་ཞུ་དགོས། སྤྱི་བདེ་ལས་ཁུངས་ཀྱིས་དཔྱད་གཞིར་ཞིབ་བཤེར་བྱས་རྗེས་ཐེམ་ཐོ་སྒྱུར་ཡུལ་གྱི་སྤྱི་བདེ་ལས་ཁུངས་ནས་ཐེམ་ཐོ་སྒྱུར་ཆོག་པའི་དཔང་ཡིག་སྤྲོད་ཀྱི་ཡོད། དེ་ནས་རེ་འདུན་ཞུ་མཁན་གྱིས་ཐེམ་ཐོ་སྒྱུར་ཆོག་པའི་དཔང་ཡིག་དེ་སྔོན་མའི་ཐེམ་ཐོ་ཡོད་སའི་སྤྱི་བདེ་ལས་ཁུངས་ལ་ཐེམ་ཐོ་སྤོ་སྒྱུར་གྱི་དཔང་ཡིག་འགྲོ་ལུགས་གཉེར་བར་སྐྱེལ་དགོས། དེ་རྗེས་རེ་འདུན་ཞུ་མཁན་གྱིས་ཐེམ་ཐོ་སྤོ་སྒྱུར་དཔང་ཡིག་ཐེམ་ཐོ་སྒྱུར་ཡུལ་གྱི་སྤྱི་བདེ་ལས་ཁུངས་ལ་སྤྲད་ནས་ཐེམ་ཐོ་གསར་པ་བཟོ་དགོས། 
          སྔོན་ཆད་ཐེམ་ཐོ་སྤོ་སྒྱུར་གྱི་རེ་འདུན་ཞུ་མཁན་གྱིས་སྤྱི་བདེ་ལས་ཁུངས་ལ་ཉུང་མཐར་ཡང་ཐེངས་4བསྐྱོད་དགོས་ཀྱི་ཡོད། 

2019ལོ་ནས་བཟུང་།
          “དྲ་ཐོག་གི་གཅིག་འཐུས་རྣམ་པའི”འགྲོ་ལུགས་གཉེར་སྟངས་ལག་ལེན་བསྟར་རྗེས། ལྷ་ས་གྲོང་ཁྱེར་ནང་ཁུལ་གྱི་རྫོང་ཁག་ཏུ་ཐེམ་ཐོ་སྤོ་སྒྱུར་གྱི་འགྲོ་ལུགས་གཉེར་སྐབས། རེ་འདུན་ཞུ་མཁན་གྱིས་རེ་ཞུའི་དཔྱད་གཞི་ཆ་ཚང་པོ་ཞིག་ཐེམ་ཐོ་སྒྱུར་ཡུལ་གྱི་སྤྱི་བདེ་ལས་ཁུངས་ལ་སྤྲད་ན་འགྲིག་གི་ཡོད། གོ་རིམ་སྟབས་བདེ་རུ་བཏང་རྗེས་མང་ཚོགས་ལ་སྟབས་བདེ་བསྐྲུན་ཡོད།
          གོམ་སྟབས་རྗེས་མར་ལྷ་ས་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱིས“གློད་སྡོམ་ཞབས”གསུམ་སྒྱུར་བཅོས་ཟབ་ཏུ་གཏོང་བར་མུ་མཐུད་དམིགས་ཏེ་དམངས་ཕན་ཞབས་ཞུའི་བྱ་ཐབས་ཟམ་མི་ཆད་པར་མང་དུ་གཏོང་བ་དང་། སྤྱི་བདེའི་ལས་དོན་ལ་མི་དམངས་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ནས་མང་ཚོགས་ལ་བྱ་བ་བཟང་པོ་དང་བྱ་བ་དངོས་མང་ཙམ་བསྒྲུབ་ཁར། ཁོང་ཚོའི་དཀའ་གནད་བསལ་ནས་མི་དམངས་མང་ཚོགས་ཀྱི་རེ་འགུག་གསར་པ་དང་རེ་བ་གསར་པ་སྐོང་རྩིས་ཡོད། 

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1