ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམ་སྟོན་ཚོགས་འདུ་སྐབས་གཉིས་པ་ཧྲང་ཧེ་གྲོང་ཁྱེར་ནས་བསྡུས་པ་དང་ཞི་ཅིན་ཕིང་གིས་གསུང་བཤད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 11-06



ཟླ་བཅུ་གཅིག་པའི་ཚེས་ལྔ་ཉིན། ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམ་སྟོན་ཚོགས་འདུ་སྐབས་གཉིས་པ་ཧྲང་ཧེ་གྲོང་ཁྱེར་ནས་བསྡུས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འདུ་འགོ་བརྩམས་པའི་མཛད་སྒོར་ཞུགས་པར་མ་ཟད་ཁ་ཡིག་ལ་སྒོ་འབྱེད་མཉམ་ལས་དང་སྐྱིད་སྡུག་མཉམ་མྱོང་ཞེས་པའི་གསུང་བཤད་གནང་། 


ཟླ་བཅུ་གཅིག་པའི་ཚེས་ལྔ་ཉིན། ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམ་སྟོན་ཚོགས་འདུ་སྐབས་གཉིས་པ་ཧྲང་ཧེ་གྲོང་ཁྱེར་ནས་བསྡུས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འདུ་འགོ་བརྩམས་པའི་མཛད་སྒོར་ཞུགས་པར་མ་ཟད་ཁ་ཡིག་ལ་སྒོ་འབྱེད་མཉམ་ལས་དང་སྐྱིད་སྡུག་མཉམ་མྱོང་ཞེས་པའི་གསུང་བཤད་གནང་། 
        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་གཅིག་པའི་ཚེས་ལྔ་ཉིན། ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམ་སྟོན་ཚོགས་འདུ་སྐབས་གཉིས་པ་ཧྲང་ཧེ་གྲོང་ཁྱེར་ནས་བསྡུས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འདུ་འགོ་བརྩམས་པའི་མཛད་སྒོར་ཞུགས་པར་མ་ཟད་ཁ་ཡིག་ལ་སྒོ་འབྱེད་མཉམ་ལས་དང་སྐྱིད་སྡུག་མཉམ་མྱོང་ཞེས་པའི་གསུང་བཤད་གནང་སྟེ་བསྟན་དོན། རྒྱལ་ཁབ་སོ་སོས་སྔར་ལས་སྒོ་འབྱེད་པའི་བྱེད་ཐབས་ལ་བརྟེན་ཏེ་སྒོ་འབྱེད་མཉམ་ལས་དང་སྒོ་འབྱེད་གསར་སྐྲུན། སྒོ་འབྱེད་མཉམ་སྤྱོད་བཅས་ཀྱི་འཛམ་གླིང་དཔལ་འབྱོར་མཉམ་སྐྲུན་བྱེད་དགོས་ལ། གསུང་བཤད་ལས་ཞི་ཅིན་ཕིང་གིས་ཀྲུང་གོས་སྒོ་འབྱེད་ཀྱི་སྒོ་མོ་སྔར་ལས་ཡངས་པར་ཕྱེས་སྲིད་པ་ནན་བཤད་བྱས་ཤིང་། ཀྲུང་གོས་སྒོ་འབྱེད་ལ་བརྟེན་ནས་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། གསར་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པར་མ་ཟད་རྒྱུན་མཐུད་སྒོས་སྔར་ལས་མཐོ་བའི་ཆུ་ཚད་ཀྱི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་གཏོང་བ་ཡིན་ཟེར།
        ཉིན་དེའི་སྔ་དྲོའི་དུས་ཚོད་དགུ་དང་སྐར་མ་སུམ་ཅུའི་སྟེང་། ཞི་ཅིན་ཕིང་ཕྱི་ཕྱོགས་ཀྱི་འགོ་ཁྲིད་པ་དང་ལྷན་དུ་ཚོགས་རར་ཞུགས་པ་དང་། སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲས་ཁྲོད་དུ་ཞི་ཅིན་ཕིང་གིས་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམ་སྟོན་ཚོགས་འདུ་སྐབས་གཉིས་པ་དངོས་སུ་ཚོགས་འགོ་བརྩམས་པ་ཁྱབ་སྒྲོག་མཛད་པར་མ་ཟད་གསུང་བཤད་གནང་།
        ཞི་ཅིན་ཕིང་གིས་གསུངས་རྒྱུར། འཛམ་གླིང་དཔལ་འབྱོར་འཕེལ་རྒྱས་ཀྱི་མདུན་དུ་ལྷགས་པའི་དཀའ་གནད་ནི་རྒྱལ་ཁབ་གང་རུང་གིས་རང་སྒེར་སྒོས་ཐག་གཅོད་ཐུབ་པ་ཞིག་མིན། རྒྱལ་ཁབ་སོ་སོས་མིའི་རིགས་ཀྱི་ཐོག་མའི་འདུ་ཤེས་རྒྱུན་འཁྱོངས་བྱེད་པ་དང་སྔར་ལས་སྒོ་འབྱེད་པའི་བྱེད་ཐབས་ལ་བརྟེན་ནས། འཛམ་གླིང་ཡོངས་ཀྱི་ཚོང་རའི་དགོས་མཁོ་ཡོངས་སུ་སྐོང་བ་དང་འཛམ་གླིང་ཡོངས་ཀྱིས་མཉམ་སྤྱོད་བྱེད་པའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། འཛམ་གླིང་ཡོངས་ཀྱིས་མཉམ་ལས་བྱེད་པའི་བྱེད་ཐབས་སྟབས་བསྟུན་སྣ་མང་དུ་གཏོང་དགོས་པར་མ་ཟད། དཔལ་འབྱོར་འཛམ་གླིང་ཅན་གྱི་སྒུལ་ཤུགས་སྔར་ལས་ཇེ་ཆེར་གཏོང་བ་དང་གེག་དང་བར་ཆད་སྔར་ལས་ཇེ་ཉུང་དུ་བཏང་ན་བཟང་ཟེར།
        ཞི་ཅིན་ཕིང་གིས་གྲོས་འགོ་འགའ་བཏོན། གཅིག སྒོ་འབྱེད་མཉམ་ལས་ཀྱི་འཛམ་གླིང་དཔལ་འབྱོར་མཉམ་སྐྲུན་བྱེད་དགོས། གཉིས། སྒོ་འབྱེད་གསར་སྐྲུན་གྱི་འཛམ་གླིང་དཔལ་འབྱོར་མཉམ་སྐྲུན་བྱེད་དགོས། གསུམ། སྒོ་འབྱེད་མཉམ་སྤྱོད་ཀྱི་འཛམ་གླིང་དཔལ་འབྱོར་མཉམ་སྐྲུན་བྱེད་དགོས་པ་བཅས་རེད།

ཟླ་བཅུ་གཅིག་པའི་ཚེས་ལྔ་ཉིན། ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམ་སྟོན་ཚོགས་འདུ་སྐབས་གཉིས་པ་ཧྲང་ཧེ་གྲོང་ཁྱེར་ནས་བསྡུས། ཚོགས་འདུ་འགོ་མ་རྩོམ་པའི་སྔོན་ལ། ཞི་ཅིན་ཕིང་གིས་ཕྱི་རྒྱལ་གྱི་འགོ་ཁྲིད་པ་དང་མཉམ་དུ་པར་བླངས། 
        ཞི་ཅིན་ཕིང་གིས་བསྟན་དོན། ལོ་རྒྱུས་ཀྱི་འགོ་ཚུགས་ས་གསར་བ་ནས་ལངས་ཏེ། ཀྲུང་གོས་སྒོ་འབྱེད་པའི་སྒོ་མོ་སྔར་ལས་ཡངས་བར་ཕྱེས་སྲིད་ངེས་ཡིན། ང་ཚོས་སྒོ་འབྱེད་ལ་བརྟེན་ཏེ་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། གསར་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་རྒྱུན་འཁྱོངས་བྱེད་པར་མ་ཟད་རྒྱུན་མཐུད་སྒོས་སྔར་ལས་མཐོ་བའི་ཆུ་ཚད་ཀྱི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་གཏོང་ངེས་ཡིན། གཅིག ཚོང་རའི་སྒོ་འབྱེད་མུ་མཐུད་རྒྱ་བསྐྱེད་པ་དང་། གཉིས། སྒོ་འབྱེད་རྣམ་པ་མུ་མཐུད་དུ་འཐུས་ཚང་དུ་གཏོང་བ། གསུམ། ཚོང་གཉེར་ཁོར་ཡུག་མུ་མཐུད་དུ་ལེགས་སྒྱུར་བྱེད་པ། བཞི། ཕྱོགས་མང་མཉམ་ལས་མུ་མཐུད་དུ་གཏིང་ཟབ་ཏུ་སྤེལ་བ། ལྔ། རྒྱུད་གཅིག་ལམ་གཅིག་མུ་མཐུད་དུ་མཉམ་སྐྲུན་བྱེད་པར་སྐུལ་འདེད་གཏོང་ངེས་ཡིན་ཟེར།
        ཞི་ཅིན་ཕིང་གིས་བསྟན་དོན། མ་འོངས་པར་ཁ་ཕྱོགས་ཏེ་ཀྲུང་གོས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་རྒྱུན་འཁྱོངས་བྱས་ཏེ། གསར་སྐྲུན་འདེད་སྐུལ་འཕེལ་རྒྱས་འཐབ་ཇུས་མུ་མཐུད་དུ་ལག་བསྟར་བྱེད་པ་དང་། སྒུལ་ནུས་གསར་བ་གསོ་སྐྱོང་དང་འཕེལ་རྒྱས་སུ་གཏོང་དགོས་ལ། རྣམ་པ་སྒྱུར་བ་དང་གྲུབ་ཚུལ་ལེགས་སྒྲིག སྒུལ་ཤུགས་ཇེ་ཆེར་འགྲོ་བར་མུ་མཐུད་དུ་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། འཛམ་གླིང་དཔལ་འབྱོར་འཕར་སྣོན་ལ་སྔར་ལས་མང་པོའི་གོ་སྐབས་སྐྲུན་དགོས། ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་མདུན་ལྗོངས་ལ་ཅིས་ཀྱང་སྔར་ལས་འོད་སྟོང་ལྡན་པ་དང་ཅིས་ཀྱང་སྔར་ལས་འོད་སྟོང་ལྡན་སྲིད་པར་ཡིད་ཆེས་ཡོད་ཟེར།
        ཧྥ་རན་སིའི་ཙུང་ཐུང་མ་ཁི་ལུང་དང་ཞི་ལའི་ཙུང་ལི་མུས་ཙོ་ཐ་ཅི་སི། ཅ་མེ་ཁའི་ཙུང་ལི་ཧའོ་ཨར་ཉི་སི། སེར་ཝེ་ཡའི་ཙུང་ལི་པུའུ་ཨར་ན་པུས་ཆི། དབྱི་ཐ་ལིའི་ཕྱི་འབྲེལ་པུའུ་ཀྲང་ཏིས་མ་ཡོ། འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་སྤྱི་ཁྱབ་ཀན་ཧྲི་ཨ་ཙི་ཝེ་ཏོ་བཅས་ཀྱིས་ཤིས་ཚིག་ཕུལ། ཁོ་ཚོས་ཀྲུང་གོས་དངོས་མང་འགྲེམ་སྟོན་ཚོགས་འདུ་སྐབས་གཉིས་པ་བསྡུས་པར་གདེང་འཇོག་ཆེན་པོ་གནང་བར་མ་ཟད། ཐེངས་འདིའི་ཚོགས་འདུ་སྐབས་གཉིས་པ་ལས་ཀྲུང་གོའི་འགོ་ཁྲིད་པའི་མིག་རྒྱང་རིང་ཞིང་ཐུན་མིན་གྱི་བསམ་བློ་ལྡན་པ་དང་། ཀྲུང་གོའི་སྒོ་འབྱེད་དང་བཟོད་སྒོམ་སྙིང་སྟོབས་མཚོན་ཡོད་པར་མ་ཟད། དོན་དངོས་ཀྱི་འགུལ་སྐྱོད་ལ་བརྟེན་ནས་དཔལ་འབྱོར་འཛམ་གླིང་ཅན་དང་རང་མོས་ཉོ་ཚོང་དངུལ་གཏོང་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ཆོད་སེམས་དང་ལྷག་བསམ་མཚོན་ཡོད་པར་བསྟན།

ཟླ་བཅུ་གཅིག་པའི་ཚེས་ལྔ་ཉིན། ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམ་སྟོན་ཚོགས་འདུ་སྐབས་གཉིས་པ་ཧྲང་ཧེ་གྲོང་ཁྱེར་ནས་བསྡུས། ཚོགས་འདུ་འགོ་མ་རྩོམ་པའི་སྔོན་ལ། ཞི་ཅིན་ཕིང་གིས་ཕྱི་རྒྱལ་གྱི་འགོ་ཁྲིད་པ་དང་མཉམ་དུ་པར་བླངས། 
        ཏེའུ་ཞའོ་ཞང་དང་ལིས་ཆང་། དབྱང་ཅེ་ཁྲི། ཧུའུ་ཁྲུན་ཧྭ། ཧོང་ཁུན་མེན། ཝང་དབྱི། ཀྲའོ་ཁི་ཀྲི། ཧི་ལིས་ཧྥིན་སོགས་གོང་གི་བྱ་འགུལ་ཞུགས། ཧུའུ་ཁྲུན་ཧྭ་ཡིས་ཚོགས་འདུ་འགོ་བརྩམས་པའི་མཛད་སྒོར་འགོ་འཛིན་བྱས།
        ཚོགས་འདུ་འགོ་མ་རྩོམ་པའི་སྔོན་ལ། ཞི་ཅིན་ཕིང་གིས་ཕྱི་རྒྱལ་གྱི་འགོ་ཁྲིད་པ་དང་མཉམ་དུ་པར་བླངས་པར་མ་ཟད་འཛམ་གླིང་གི་སྟོབས་ལྡན་ཁེ་ལས་ལྔ་བརྒྱའི་ཁྲོད་དུ་ཚུད་པའི་ཁེ་ལས་པའི་འཐུས་ཚབ་དང་ལོ་ངོ་བདུན་ཅུའི་ཀྲུང་གོའི་འཕེལ་རྒྱས་དང་མིའི་རིགས་ཀྱི་ལས་སྐལ་ཕུང་བོ་གཅིག་དྲིལ་ཅན་གྱི་གླེང་སྟེགས་ལ་ཞུགས་པའི་ཕྱི་རྒྱལ་གྱི་རིག་མཛོད་སྨྱན་བྱད་འཐུས་མི། འཛམ་གླི་ཉོ་ཚོང་རྩ་འཛུགས་ཀྱི་རྣམ་པ་ཆུང་བའི་པུའུ་ཀྲང་གྲོས་ཚོགས་སུ་ཞུགས་པའི་ཕྱི་རྒྱལ་གྱི་པུའུ་ཀྲང་དང་འཐུས་ཚབ་ཚོགས་པའི་ཚོགས་གཙོ་བཅས་ལ་མཇལ་འཕྲད་གནང་།
        ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམ་སྟོན་ཚོགས་འདུ་སྐབས་གཉིས་པ་ཟླ་བཅུ་གཅིག་པའི་ཚེས་ལྔ་ཉིན་ནས་ཚེས་བཅུའི་ཉིན་བར་ཚོགས་བཞིན་ཡོད་པ་དང་། བསྡོམས་པས་རྒྱལ་ཁབ་དང་ས་ཁུལ། རྒྱལ་སྤྱིའི་རྩ་འཛུགས་བརྒྱད་དང་གྱ་གཅིག་ནས་ཡོང་བའི་ཁེ་ལས་སྟོང་གསུམ་དང་བརྒྱད་བརྒྱ་ལྷག་འགྲེམ་སྟོན་ལ་ཞུགས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1