གཙོ་ངོས།>> གསར་འགྱུར།>>རྒྱལ་སྤྱི་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༡༡ཚེས་༡༥ཉིན།

ཐེ་རོམ་ཕུ་ལ་ཐེར་འདོན་བྱེད་པ་དེ་དཔང་ཉན་དུས་རིམ་ལ་སླེབས་པ།

     ཟླ་11ཚེས་13ཉིན། ཨ་རི་རྒྱལ་ཚོགས་དམངས་གཙོ་ཏང་གི་གཙོར་བྱས་པའི་ཙུང་ཐུང་ཐེ་རོམ་ཕུ་ཡི་ནག་ཉེས་ཞིབ་བཤེར་དཔང་ཉན་ཡོངས་བསྒྲགས་དུས་རིམ་ལ་སླེབས་པ་རེད། 
     ཐོག་མའི་དཔང་ཉན་ཚོགས་འདུ་ནི་ཨ་རི་རྒྱལ་ཚོགས་གྲོས་ཁང་འོག་མའི་གསང་འཕྲིན་ཨུ་ཡོན་ལྷན་ཁང་གིས་སྒྲུབ་པ་སྟེ། ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་དང་། དམངས་གཙོ་ཏང་གི་ཁོངས་མི་ཞི་ཧྥུུའུ་ཡིས་གཙོ་སྐྱོང་བྱས། དཔང་མི་ནི་ཡོ་རོབ་དང་ཨེ་ཤ་ཡ་ཡོ་རོབ་ལས་འགན་འཁུར་བའི་སྲིད་བློན་གྱི་ལས་རོགས་ཁེན་ཐེ་དང་།  ཨ་རིའི་ཡུག་རེན་དུ་བཅའ་སྡོད་གནས་སྐབས་ལས་ཚབ་ཐའེ་ལེ་གཉིས་རེད། 

    ཞི་ཧྥུའུ་ཡིས་འགོ་ཚུགས་ཞིབ་བརྗོད་ནང་དུ། འདས་ཟིན་པའི་གཟའ་འཁོར་ཁ་ཤས་ནང་གྲོས་ཁང་འོག་མའི་བརྟག་དཔྱད་མི་སྣར་ནག་ཉེས་ཞིབ་བཤེར་ཁྲོད་ཆ་འཕྲིན་མང་པོ་ཐོབ་བྱུང་། ཡིན་ནའང་། ཕོ་བྲང་དཀར་པོའི་བཀག་འགོག་བྱས་པས། ད་དུང་སྔར་བཞིན་ཆ་འཕྲིན་ཁ་ཤས་ཆད་འདུག་ཟེར། དེའི་རྗེས་གྲོས་ཁང་འོག་མའི་གསང་འཕྲིན་ཨུ་ཡོན་ལྷན་ཁང་གི་འབྲིང་རིམ་ཆེས་མཐོའི་སྤྱི་མཐུན་ཏང་མི་ནུའུ་ནེ་སི་ཡིས། ནག་ཉེས་ཞིབ་བཤེར་ཞེས་པ་དེ་རྐང་འཛུགས་ཐུབ་པ་ཞིག་མིན་ལ། དེ་ནི་ཐེ་རོམ་ཕུ་ལ་དམིགས་པའི་“ནག་བཟོ་བྱེད་སྒོ”ཞིག་རེད་ཅེས་བསྟན། 



39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1