བརྩེ་བར་ཕྱོགས་ཞེན་བྲལ། དུང་བར་དུས་བཀག་མེད།

ཨོ་རྒྱན་བཀྲ་ཤིས། རྩོམ་སྒྲིག་པ།ཡོང་ཁུངས།རྔ་བའི་གསར་འགྱུར་དྲ་བ། སྤེལ་དུས། 11-07


           ཉེ་ཆར། ཏེ་དབྱང་དང་ཙི་ཀོང་གི་པའོ་ཞི་ནེའོ་ཆེད་ཚོང་ཁང་གི་VIPའཛད་སྤྱོད་པའི་རུ་དཔུང་སྟག་ཚ་གྲོང་རྡལ་གྱི་སློབ་ཆུང་དུ་ཡོང་སྟེ། བརྩེ་བར་ཕྱོགས་ཞེན་བྲལ། དུང་བར་དུས་བཀག་མེད། ཅེས་པ་བརྗོད་དོན་དུ་བྱས་ནས་བརྩེ་བའི་རོགས་སྐྱོར་བྱེད་སྒོ་ཞིག་སྤེལ།

         བྱེད་སྒོའི་ཁྲོད་དུ། རོགས་སྐྱོར་རུ་དཔུང་དང་སྟག་ཚ་གྲོང་རྡལ་གྱི་སློབ་ཆུང་གི་དགེ་སློབ་ཡོངས་ནས། མེས་རྒྱལ་ནི་ངའི་སེམས་ན་ཡོད། ཅེས་པའི་བསྒྲགས་གཏམ་སྤེལ།

          རོགས་སྐྱོར་རུ་དཔུང་གིས་སྟག་ཚ་གྲོང་རྡལ་གྱི་སློབ་ཆུང་ལ་རོགས་དངུལ་སྒོར་ཁྲི་གཉིས་དང་ཅ་ལག་སྒོར་ཁྲི་གཅིག་སྟོང་ལྔ་ཡི་རིན་གྱིས་རོགས་སྐྱོར་བྱས་པས། སྟག་ཚ་གྲོང་རྡལ་གྱི་སློབ་ཆུང་གིས་ཁོང་ཚོར་དྲིན་མཚོན་བྱེད་དུ་གཟེངས་བསྟོད་དར་ཆའང་སྦྱིན་པ་རེད།

          སྟག་ཚ་གྲོང་རྡལ་གྱི་སློབ་ཆུང་གིས་རོགས་སྐྱོར་རུ་དཔུང་ལ་དྲིན་གཟོ་ཞེས་པའི་རིག་རྩལ་འཁྲབ་སྟོན་བྱེད་བཞིན་པ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1