གཙོ་ངོས།>> གསར་འགྱུར།>>རྒྱལ་སྤྱི་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༡༡ཚེས་༠༨ཉིན།

ཨུ་རུ་སུར་1941ལོའི་ཐང་ཆེན་དམར་པོའི་དམག་གཟིགས་སྤེལ་ནས་ལོ་ངོ་78འཁོར་བར་དྲན་གསོ་ཞུ་བའི་ཆས་སྤྲས་སྔོན་སྦྱོང་བྱས་པ།

     ཟླ་11ཚེས་5ཉིན། 1941ལོའི་ཟླ་11ཚེས་7ཉིན་སྤེལ་བའི་མོ་སི་ཁོ་ཐང་ཆེན་དམར་པོའི་དམག་གཟིགས་ལ་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད། སྐབས་དེར། སུའུ་ལེན་གྱི་རྒྱལ་སྲུང་དམག་འཁྲུག་དཀའ་ཚེགས་ཆེ་བའི་དུས་མཚམས་སུ་སླེབས་ཡོད། ན་ཙི་འཇར་མན་དམག་དཔུང་གིས་མོ་སི་ཁོ་གྲོང་ཁྱེར་མཐའ་སྐོར་ཡོད་པ་རེད། སུའུ་ལེན་གྱི་དམག་མིས་ཐང་ཆེན་དམར་པོའི་དམག་གཟིགས་ནང་ཞུགས་རྗེས་ཐད་ཀར་སྤྱི་ལེ་བཅུ་ཕྲག་སའི་མོ་སི་ཁོའི་གྲོང་འདབས་སུ་བསྐྱོད་ནས་བཙན་འཛུལ་པ་དང་དམག་འཐབ་བྱས་པ་རེད། འདི་ནི་ཨུ་རུ་སུའི་མོ་སི་ཁོ་ཐང་ཆེན་དམར་པོར་1941ལོའི་ཐང་ཆེན་དམར་པོའི་དམག་གཟིགས་སྤེལ་ནས་ལོ་ངོ་78འཁོར་བར་དྲན་གསོ་ཞུ་བའི་ཆས་སྤྲས་སྔོན་སྦྱོང་བྱེད་བཞིན་པའི་རྣམ་པ་རེད། 







39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1