གཙང་གསུམ་འབྱུང་ཡུལ་བཀྲག་མདངས་རབ་ཏུ་འཚེར།

རྩོམ་སྒྲིག་པ།ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 11-08



           དགུན་གྱི་དུས་ཚིགས་མ་སླེབས་གོང་།  ང་ཚོ་གཙང་གསུམ་འབྱུང་ཡུལ་དང་འབྲི་གཡག་གི་ཕ་ས། གླུ་གར་གྱི་རྒྱ་མཚོ། ཐང་བོད་གནའ་ལམ་དང་ཀྲུང་ཧྭའི་ཆུ་མཛོད་ཞེས་མཚན་སྙན་གྱི་བ་དན་ཀུན་ལ་གྲགས་པའི་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ལ་ཐོན་པ་དང་། གནས་འདི་ནི་མཐོ་སྒང་གི་དཀྱིལ་དབུས་ས་ཁུལ་གཙང་གསུམ་འབྱུང་ཡུལ་ཡིན་པ་མ་ཟད། དགོ་བ་དང་གནའ་བ། ཤྭ་བ་མཆུ་དཀར་སོགས་ཀྱི་ཕ་ས་ཀྱང་ཡིན། 
           ཡུལ་ཤུལ་ལ་བསྐྱོད་པ་དང་འགྱུར་ལྡོག་ལ་བལྟ་བ། ཚོར་སྣང་འཚོལ་བ་སོགས་གསར་འགོད་པར་བག་ཆགས་ཟབ་མོ་བཞག་པ་ནི་སྐྱེ་ཁམས་སྲུང་སྐྱོང་དང་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་འབྲོག་ཁུལ་དུ་ཁྱབ་གདལ་དུ་གཏོང་བ་དང་།  ནན་ནན་ཏིག་ཏིག་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པ། རྩ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་དང་ཁོར་ཡུག་བཅོས་སྐྱོང་ལ་ཤུགས་བསྣན་པ། ཞིང་ཕྱུགས་ལས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པ་བཅས་གཙང་གསུམ་འབྱུང་ཡུལ་གྱི་རིགས་སོ་སོའི་མང་ཚོགས་ཀྱིས་ལྗང་མདོག་འཕེལ་རྒྱས་རྩ་དོན་དུ་བཟུང་ཞིང་། ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་སྲ་བརྟན་དུ་བཏང་ནས་སྐྱེ་ཁམས་དང་ཁོར་སྲུང་། ལྗང་མདོག་བཅས་ལ་ཤུགས་བསྣན་ནས་དམངས་ལ་ཕན་བདེ་སྐྲུན།
 


           དེར་བརྟེན་ང་ཚོས་གཡའ་དག་པའི་གནམ་མཁའ་་དང་། ཡུལ་ལྗོངས། གངས་རི་བཅས་ཀྱིས་བཟོས་པའི་རི་མོ་ལྟ་བུ་ཞིག་མཐོང་ཐུབ་པ་མ་ཟད། སྲོག་ཆགས་ཀྱིས་ཁྱུ་ཚོགས་སྒྲིག་པ་དང་། གླག་རྒོད་མཁའ་དབྱིངས་སུ་ལྡིང་བ། ཉ་མོས་འཁྱུག་རྩལ་ངོམ་པའི་མཛེས་སྡུག་བཅས་ཀྱང་མཐོང་ཐུབ། དེ་དག་ཚང་མ་གཙང་གསུམ་འབྱུ་ཡུལ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་གཅེས་སྐྱོང་ཞིབ་ཚགས་བྱས་པ་དང་ཁ་བྲལ་ཐབས་མེད།
 
 

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1