གཙོ་ངོས།>> གསར་འགྱུར།>>སི་ཁྲོན་བོད་ཁུལ།

ངེད་དྲ་བ། རྩོམ་སྒྲིག་པ།ཡོང་ཁུངས།གསང་བདག་སྒྲོལ་མ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༡༡ཚེས་༠༨ཉིན།

རྔ་བ་ཁུལ་དུ་A3རིམ་པའི་མཛེས་ལྗོངས་ཁུལ་4ཇེ་མང་དུ་སོང་ཡོད།

      ཉེ་མམ། གསར་འགོད་པས་ཁུལ་རིག་གནས་ལུས་རྩལ་དང་ལྗོངས་སྐོར་ཅུས་ནས་རྒྱུས་ལོན་པ་ལྟར་ན། རྔ་བ་ཁུལ་ལྗོངས་སྐོར་མཛེས་ལྗོངས་ཁུལ་གྱི་སྤུས་ཚད་རིམ་པ་དཔྱད་བསྡུར་གཏན་འབེབས་ཨུ་ཡོན་ལྷན་ཁང་གིས་སྒྲིག་འཛུགས་དང་དཔྱད་བསྡུར་གཏན་འབེབས་བྱས་པ་བརྒྱུད། གཟི་རྩ་སྡེ་དགུ་རྫོང་གི་མཚོ་ལེབ་དང་ཀླུ་གཉན་གསེར་མཚོ། ཅ་ཝོ་མཚོ། ཟུང་ཆུ་རྫོང་གི་ཆུ་ཕྱར་ཁོག་མཛེས་ལྗོངས་ཁུལ་བཅས་རྒྱལ་ཁབ་ཀྱི་A3རིམ་པའི་ལྗོངས་སྐོར་མཛེས་ལྗོངས་ཁུལ་དུ་ཆོག་མཆན་ཐོབ་ཡོད།
      ལྗོངས་སྐོར་གྱི་སྤུས་ཚད་མཐོ་རུ་གཏང་ཆེད། གཟི་རྩ་སྡེ་དགུ་རྫོང་གི་མཚོ་ལེབ་དང་ཀླུ་གཉན་གསེར་མཚོ། ཅ་ཝོ་མཚོ་མཛེས་ལྗོངས་ཁུལ་གྱི་ལྗོངས་སྐོར་རིག་གནས་ཤུགས་ཆེན་སྒོས་དར་རྒྱས་སུ་བཏང་སྟེ། མིག་སྔར། མཛེས་ལྗོངས་ཁུལ་བསྐྲུན་པའི་ལས་དོན་མཇུག་བསྒྲིལ་ལ་ཉེ།
      ད་བར་དུ་ཁུལ་ཡོངས་ལ་Aརིམ་པའི་མཛེས་ལྗོངས་ཁུལ་30ཡོད་ལ། དེའི་ཁྲོད་A5རིམ་པའི་མཛེས་ལྗོངས་ཁུལ་3དང་། A4རིམ་པའི་མཛེས་ལྗོངས་ཁུལ་17། A3རིམ་པའི་མཛེས་ལྗོངས་ཁུལ་10བཅས་ཡོད་དོ།།

      ལྗོངས་ཁུལ་འདིར་རང་བྱུང་གི་ཆུའི་སྐྱེ་ཁམས་མ་ལག་གི་མཛེས་ལྗོངས་དང་བརླན་སའི་མཛེས་ལྗོངས། མཐོ་སྒང་གི་ལྗོངས་སྐོར་ཐོན་ཁུངས། སྣ་མང་ཕུན་སུམ་ཚོགས་པའི་ཡུལ་སྲོལ་གོམས་གཤིས་སོགས་ངོ་མཚར་བའི་ལྟད་མོ་མང་དུ་སྣང་ངོ་།།



39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1