༄༅།། ལམ་འགྲམ་གྱི་དོན་རྐྱེན།

རྩོམ་སྒྲིག་པ།ཡོང་ཁུངས།རྔ་བའི་གསར་འགྱུར་དྲ་བ། སྤེལ་དུས། 11-11



          ཁ་ལོ་བ་ཚོས་རླངས་འཁོར་གཏོང་སྐབས་མཚམས་རེར་རླངས་འཁོར་ལམ་འགྲམ་ལ་བཞག་ནས་ངལ་གསོ་རྒྱུ་དང་ཡང་ན་སར་བབས་ནས་གསང་སྤྱོད་ལ་འགྲོ་རྒྱུ་ནི་རྒྱུན་དུ་མཐོང་བའི་བྱ་སྤྱོད་ཅིག་རེད། འོན་ཀྱང་བྱ་སྤྱོད་དེ་རང་གཞན་གཉིས་ཀྱི་བདེ་འཇགས་དང་འབྲེལ་བ་ཡོད་མེད་ལ་བསམ་བློ་གཏོང་མཁན་ཤིན་ཏུ་ཉུང་།  
བཅའ་ཁྲིམས་དཔྱད་བརྗོད།
          རྒྱུན་ལྡན་ལྟར་བགྲོད་པའི་གཞུང་ལམ་དུ་རླངས་འཁོར་བསྡད་པས་གཞུག་ནས་ཡོང་བའི་རླངས་འཁོར་གྱིས་གདོང་ཐུག་བརྒྱབ་པའི་དོན་རྐྱེན་བྱུང་ཚེ་རླངས་འཁོར་སྔ་མ་བོས་འགན་ཚང་མ་འཁུར་དགོས།གལ་ཏེ་རླངས་འཁོར་ལ་ཆགས་སྐྱོན་བྱུང་ནས་མི་འདུག་ཐབས་མེད་པ་ཡིན་ཚེ་གློག་བརྡ་རྒྱག་པ་འམ་ཡང་ན་རླངས་འཁོར་གྱི་རྗེས་སུ་ཟུར་གསུམ་བརྡ་རྟགས་འཇོག་དགོས། དེ་ལྟར་མ་བྱས་པར་རྗེས་འདེད་དོན་རྐྱེན་བྱུང་ཚེ་རླངས་འཁོར་སྔ་མས་འགན་ཚང་མ་འཁུར་དགོས།
བཅའ་ཁྲིམས་གཏན་འབེབས།
          འགྲིམ་འགྲུལ་དོན་རྐྱེན་འགན་འཁུར་དབྱེ་འབྱེད་ཚད་གཞི་ལྟར་ན། རྒྱུན་ལྟར་བགྲོད་པའི་གཞུང་ལམ་དུ་རླངས་འཁོར་བཞག་པས་རྗེས་འདེད་དོན་རྐྱེན་བྱུང་ཚེ་རླངས་འཁོར་སྔ་མ་བས་འགན་ཚང་མ་འཁུར་དགོས། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1