ཞི་ཅིན་ཕིང་གིས་ཀེ་རི་སེའི་ཙུང་ལི་མི་ཙའོ་ཐ་ཅི་སི་དང་གྲོས་མོལ་གནང་བ།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 11-12



ས་གནས་དེ་གའི་དུས་ཚོད་ཟླ11ཚེས11ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཀེ་རི་སེའི་ཙུང་ལི་མི་ཙའོ་ཐ་ཅི་སི་དང་གྲོས་མོལ་གནང་བ་རེད།

        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་གནས་དེ་གའི་དུས་ཚོད་ཟླ11ཚེས11ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀེ་རི་སེའི་ཙུང་ལི་མི་ཙའོ་ཐ་ཅི་སི་དང་གྲོས་མོལ་གནང་བ་རེད།
        ཞི་ཅིན་ཕིང་གིས་བསྟན་དོན། ཉིན་ཤས་སྔོན་ལ་ཙུང་ལི་མི་ཙའོ་ཐ་ཅི་སི་ཡིས་ཚོགས་པའི་སྣེ་ཁྲིད་དེ་ཧྲང་ཧའེ་རུ་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་གཉིས་པར་ཞུགས་པ་རེད། བསྡོམས་རྩིས་བྱས་པར་གཞིགས་ན། ད་ཐེངས་ཀྱི་དངོས་མང་སྟོན་ཚོགས་ཐོག་ཀེ་རི་སེ་ཕྱོགས་ཀྱི་ཚོང་འགྲིག་ཚད་དེ་སྐབས་སྔོན་མ་ལས་ལྡབ་2.5འཕར་ཡོད་པ་རེད། ཀྲུང་གོས་བློ་བརྟན་འགྱུར་མེད་ངང་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་ནས་ཀེ་རི་སེ་ཚུད་པའི་རྒྱལ་ཁབ་ཁག་གི་འཕེལ་རྒྱས་ལ་དེ་བས་མང་བའི་གོ་སྐབས་བསྐྲུན་འདོད་ཡོད་ཅེས་གསུངས་པ་རེད། ཀྲུང་གོ་དང་ཀེ་རི་སེའི་བར་ལ་འབྲེལ་ཐག་ཆེན་པོ་གཉིས་ཡོད་དེ། གཅིག་ནི་ཤེས་དཔལ་སྤེལ་རེས་དང་གཉིས་ནི་གཉིས་ཕན་མཉམ་ལས་རེད། ཤེས་དཔལ་ལྡན་པའི་གནའ་བོའི་རྒྱལ་ཁབ་གཉིས་པོས་ལག་གདང་སྦྲེལ་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཏེ་མིའི་རིགས་ཡར་ཐོན་ཡོང་རྒྱུར་དེ་བས་སྐུལ་འདེད་གཏོང་དགོས།
        མི་ཙའོ་ཐ་ཅི་སི་ཡིས་ཀྲུང་གོ་ནི་རླབས་ཆེན་གྱི་ཤེས་དཔལ་ལྡན་པའི་གནའ་བོའི་རྒྱལ་ཁབ་ཅིག་ཡིན་པས་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ཐད་ལ་སྐུལ་འདེད་གཏོང་བའི་ཐད་ནུས་པ་གལ་ཆེན་འདོན་བཞིན་ཡོད། ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་གྲུབ་འབྲས་ནི་མིའི་རིགས་སྤྱི་ཚོགས་ཀྱི་ངོ་མཚར་བའི་སྣང་ཚུལ་དུ་གྱུར་ཡོད། ཀྲུང་གོས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་ཤུགས་ཆེ་རུ་བཏང་བ་དེས་ཀེ་རི་སེ་ཚུད་པའི་རྒྱལ་ཁབ་ཁག་ལ་གོ་སྐབས་དེ་བས་མང་བ་མཁོ་འདོན་བྱ་རྒྱུ་རེད། དེས་ཀེ་རི་སེ་དང་ཀྲུང་གོ་མཉམ་ལས་ཐད་ལ་ཐབས་ཇུས་ཀྱི་དོན་སྙིང་ལྡན་པ་རེད། ཀེ་རི་སེའི་མི་དམངས་ཀྱིས་ཀེ་རི་སེའི་དངུལ་རྩའི་ཉམས་ཉེས་བརྒྱུད་སྐབས་ཀྲུང་གོ་ཕྱོགས་ཀྱིས་རྩ་ཆེའི་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ་ཀེ་རི་སེ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བའི་གནད་དོན་ཐད་ཀྲུང་གོར་མུ་མཐུད་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

ས་གནས་དེ་གའི་དུས་ཚོད་ཟླ11ཚེས11ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཀེ་རི་སེའི་ཙུང་ལི་མི་ཙའོ་ཐ་ཅི་སི་དང་གྲོས་མོལ་གནང་བ་རེད། དེ་ནི་གྲོས་མོལ་བྱས་རྗེས་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་མཉམ་དུ་གསར་འགོད་པར་ཐུག་འཕྲད་བྱས། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཧོང་ཅིང་ཝུན་གྱིས།

        གྲོས་མོལ་མཇུག་འགྲིལ་རྗེས་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་ཀྱིས་མཉམ་དུ་གསར་འགོད་པར་མཇལ་འཕྲད་གནང་བ་མ་ཟད་ཕྱོགས་གཉིས་པོའི་མཉམ་ལས་ཡིག་ཆ་བརྗེ་རེས་བྱེད་པར་བདེན་དཔང་བྱས། མཉམ་ལས་ཡིག་ཆ་ནང་མ་འཇོག་དང་། གྲུ་ཁ། དངུལ་རྩ། ནུས་ཁུངས། སློབ་གསོ་སོགས་ཁྱབ་ཁོངས་མང་པོའི་ནང་དོན་འདུས་ཡོད་པ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1