ཆོས་དབྱིངས་སྐྱིད་ཀྱིས་ཡང་བསྐྱར་རྒྱལ་སྤྱིའི་ཨང་དང་པོ་བླངས་འདུག

རྩོམ་སྒྲིག་པ།ཡོང་ཁུངས།ཨ་མདོ་སྨྱན་གསར། སྤེལ་དུས། 11-13



           2019ལོའི་རྒྱལ་སྤྱིའི་མཆོང་རྒྱུག་འཕེན་གསུམ་ལྷན་ཚོགས་འཛམ་གླིང་འགྲན་སྡུར་གྱི་ལོ་འཁོར་མོའི་སྤྱིའི་ཨང་རིམ་ལས་ཆོས་དབྱིངས་སྐྱིད་ལ་སྐྱེས་མའི་ཚན་ཆུང་གི་ལོ་འཁོར་མོའི་ཨང་དང་པོ་ཐོབ་འདུག 

           2019ལོའི་རྒྱལ་སྤྱིའི་མཆོང་རྒྱུག་འཕེན་གསུམ་ལྷན་ཚོགས་འཛམ་གླིང་འགྲན་བསྡུར་གྱི་ལོ་འཁོར་མོའི་སྤྱིའི་ཨང་རིམ་ཕྱིར་བསྒྲགས་བྱས་ཡོད་ཅིང་།ཆོས་དབྱིངས་སྐྱིད་ལ་སྐྱེས་མའི་ཚན་ཆུང་ལས་ལོ་འཁོར་མོའི་ཨང་དང་པོ་ཐོབ་འདུག ཨང་རིམ་འདི་ནི་ད་ལོའི་ལོ་གཅིག་གི་འགྲན་སྡུར་གྱི་སྐར་འབྲས་ལས་ཕྱོགས་བསྡུས་ཀྱིས་ཨང་སྒྲིག་བྱས་པ་རེད།
           1.  སྐྱེས་མའི་ཕྱོགས་ནས།  ལོ་འཁོར་མོའི་ཨང་དང་པོ་ནི་ཀྲུང་གོའི་ལུས་རྩལ་མ་གྲགས་ཅན་ཆོས་དབྱིངས་སྐྱིད་དང་། ཨང་གཉིས་པ་ལིའུ་དཔུང་། ཨང་བཞི་བ་ཀླུ་མོ་མཚོ།  ཨང་དྲུག་པ་མཱ་ཀྲིན་ཞྭ་བཅས་རེད།
           སྐྱེས་མའི་ཨང་དང་པོ་ནས་ལྔ་བའི་བར།
           ཨང་དང་པོ། ཆོས་དབྱིངས་སྐྱིད།(ཀྲུང་གོ ) བསགས་སྐར34རེད།
           ཨང་གཉིས་པ། ལིའུ་དཔུང་།(ཀྲུང་གོ )བསགས་སྐར32རེད།
           ཨང་གསུམ་པ།Erica de Sena (པར་ཙིར) བསགས་སྐར26རེད།
           ཨང་བཞི་བ། ཀླུ་མོ་མཚོ། (ཀྲུང་གོ )བསགས་སྐར26རེད།
           ཨང་ལྔ་བ། Sandra Lorena Arenas (ཀི་ལོན་པིས་ཡ། )བསགས་སྐར 20རེད།
           2. སྐྱེས་པའི་ཕྱོགས་ནས། ལོ་འཁོར་མོའི་ཨང་དང་པོ་ནི་སུའེ་ཏེན་རྒྱལ་ཁབ་ཀྱི་ལུས་རྩལ་པPerseus Karlstromཡིན་ཞིང་། ཀྲུང་གོའི་སྐྱེས་པའི་ལུས་རྩལ་པའི་ཆེས་མཐོའི་ཨང་རིམ་ནི་ཝང་ཁེ་ཧྭ་སྟེ་ཨང་དགུ་བ་རེད། 
           སྐྱེས་པའི་ཨང་དང་བོ་ནས་ལྔ་བའི་བར།
           ཨང་དང་པོ།Perseus Karlstrom(སུའེ་ཏེན། ) བསགས་སྐར32རེད། 
           ཨང་གཉིས་པ།ཧྲན་ཞིས་ལིས་ཧི། (ལྗར་པན། ) བསགས་སྐར30རེད། 
           ཨང་གསུམ་པ། Diego Garcia (སི་ཕེན) བསགས་སྐར24རེད། 
           ཨང་བཞི་བ། ཐེ་མུའུ་ཞུང་ཇེ། (ལྗར་པན། ) བསགས་སྐར23རེད། 
           ཨང་ལྔ་བ། Caio Bonfim (པར་ཙིར )  བསགས་སྐར21རེད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1