པེ་ཅིང་ནས་བྱི་རིམས་ཕོག་པའི་ནད་པ་2ངོས་བཟུང་བ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 11-14


     ཟླ་11ཚེས་12ཉིན། པེ་ཅིང་གྲོང་ཁྱེར་ཁྲའོ་དབྱང་ཆུས་མི་དམངས་སྲིད་གཞུང་གཞུང་ལས་ཁང་གི་དྲ་ཚིགས་“པེ་ཅིང་ཁྲའོ་དབྱང་”གཞུང་གི་དྲ་ཚིགས་ཀྱི་གནས་ཚུལ་ལྟར་ན། 2019ལོའི་ཟླ་11ཚེས་12ཉིན། རིགས་གཅིག་མཁས་པས་ནད་བརྟག་བྱས་པར་བརྒྱུད་ནང་སོག་རང་སྐྱོང་ལྗོངས་ཞི་ལིང་ཁའོ་ལེ་ཁུལ་སུའུ་ཉི་ཐེ་ཙའོ་རྫོང་གི་མི་2ལ་བྱི་རིམས་ཕོག་པ་ངོས་བཟུང་ཡོད། མིག་སྔར། ནད་པ་པེ་ཅིང་གྲོང་ཁྱེར་ཁྲའོ་དབྱང་ཆུས་ཀྱི་འབྲེལ་ཡོད་སྨན་ཁང་དུ་ནད་བཅོས་བྱེད་ཀྱིན་ཡོད་པ་དང་། འབྲེལ་ཡོད་འགོག་སྲུང་ཚོད་འཛིན་ལག་བསྟར་དོན་འཁྱོལ་བྱུང་ཡོད། 
    བརྡ་ཁྱབ་ནི་ “ནང་སོག་ཞི་ལིང་ཁའོ་ལེ་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་”དང་“པེ་ཅིང་གྲོང་ཁྱེར་ཁྲའོ་དབྱང་ཆུས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་”གཉིས་ཀྱིས་མཉམ་འབྲེལ་བྱས་ནས་སྤེལ། 
     ཅི་ཞིག་ལ་བྱི་རིམས་ཟེར་བ་དང་། བྱི་རིམས་ལ་གནོད་པ་གང་གང་ཡོད་དམ་ཞེ་ན། 
     བྱི་རིམས་ནི་བྱི་རིམས་གཡོད་ཨར་སན་ཕྲ་ཕུང་གིས་བསླངས་པའི་རང་བྱུང་རིམས་ཁུངས་རང་བཞིན་གྱི་ནད་ཅིག་ཡིན་ཞིང་། དུས་རྒྱུན་དུ་སོ་མི་བརྗེ་བའི་སྲོག་ཆགས་བར་འགོ་བ་དང་།  མཚམས་རེར་མི་དང་མིའི་བར་ཡང་འགོ་སྲིད་པ་ཞིག་ཡིན་ལ།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོས་ནད་འགོག་བཅོས་བཅའ་ཁྲིམས》ལས་གཏན་འབེབས་བྱས་པའི་འགོས་ནད་ཀ་བའི་རིགས་རེད། པེ་ཅིང་ནི་བྱི་རིམས་རང་བྱུང་རིམས་ཁུངས་ལ་མི་གཏོགས་ནའང་བྱི་རིམས་འགོས་བ་དང་ཁྱབ་པའི་ཉེན་ཁ་ཡོད། 
     བྱི་རིམས་ནད་འགོས་མགྱོགས་ཤིང་ཁྱབ་ཆེ་བ་དང་། ནད་ཐག་ཐུང་ལ་ཤི་ཚད་མཐོ། ཁྱད་པར་དུ་བྱི་རིམས་ནད་སྲིན་དང་བྱི་རིམས་གློ་ནད་ལ་ནད་བཅོས་མ་བྱས་ཚེ། ཤི་ཚད་ 30%-100%བར་ཡིན། བྱི་རིམས་བག་ཉལ་དུས་ཡུན་ཐུང་ཞིང་། སྤྱིར་བཏང་ཉིན་1-6བར་རེད། ཡིན་ནའང་། མི་ལ་ལར་ཉིན་8-9བར་བག་ལ་ཉལ་དུས་ཀྱང་ཡོད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1