༄༅།། ཆུ་འབྲུམ་ནད་ཀྱི་འགོག་བཅོས།

རྩོམ་སྒྲིག་པ།ཡོང་ཁུངས།བོད་ལྗོངས་ཉིན་ཚགས། སྤེལ་དུས། 11-14


        ཆུ་འབྲུམ་ནད་ནི་ཆུ་ལྒང་ནད་དུག་ལས་ཐོན་པའི་འགོས་ནད་ཞིག་རེད། གལ་ཏེ་ཆུ་འབྲུམ་ནད་ཕོག་ཚེ།གཟུགས་པོ་ཡོངས་ལ་ཆུ་ལྒང་འདྲ་བའི་ཐོར་པ་ཞིག་དོན་གྱི་ཡོད་ཅིང་། བྱིས་པར་ན་བ་མང་། ནད་དེ་ནི་དབང་པོའམ་དབུགས་ལམ་བརྒྱུད་ནས་འགོས་འགྲོ་བ་དང་། འགོས་སླ་པོ་ཡོད། 

ནད་རྟགས། 
        ནད་འདི་ཕོག་ཚེ་དང་ཐོག་ཚ་བ་རྒྱས་པ་དང་། མགོ་ན་བ། ཤུགས་མེད་པ། གློ་ལངས་པ། ཟས་ཀྱི་དང་ག་མེད་པ་སོགས་བྱེད་པ་དང་། དེ་ནས་ཉིན་གཅིག་གཉིས་སོང་རྗེས་ཐོར་པ་དོན་གྱི་ཡོད། ནད་འདི་སྤྱིར་དུས་ཚིགས་བཞི་ཀར་ན་ཡི་ཡོད། ཡང་སྒོས་དགུན་དཔྱིད་གཉིས་ལ་ན་མཁན་མང་བ་ཡོད། 

1. ནད་སློང་བའི་རྒྱུ་རྐྱེན། 
        ནད་འདི་ཡོད་པའི་མི་དང་འབྲེལ་འདྲིས་སོགས་བྱས་ན་ལམ་སེང་འགོས་འགྲོ་བ་དང་། འགོས་བྱེད་གཙོ་བོ་ནི་ཁ་རླངས་སམ་ཡང་ན་ཐོར་པའི་ཆུ་སེར་དེ་ཡིན། 
2. འགོས་སླ་པའི་མི་ཚོགས། 
        སྤྱིར་ན་ལོ་2ནས་10བར་གྱི་བྱིས་པར་འགོས་སླ་པོ་ཡོད། 
བཅོས་སྟངས། 
1.ཨ་ཅོར་གྲང་མོ་སོགས་སྦྱར་ནས་ཟ་ཕྲུག་འཇགས་ཐབས་བྱེད་དགོས། 
2.བྱིས་པའི་སེན་མོ་བྲེག་དགོས་པ་དང་། ཕུ་ཐུང་རིང་བའི་གྱོན་གོས་གཡོགས་ཏེ་འཕུར་འཕུར་གཏོང་འཇུག་རྒྱུ་མེད། 
3.གལ་ཏེ་བྱིས་པར་ཚ་བ་ཧྲི་ཧྲི་ཏུའུ་38.5ཡན་བརྒྱབ་ཚེ་ཚ་བ་འཇགས་སྨན་སྟེར་དགོས་ཤིང་། ཟླ་3ཡན་གྱི་བྱིས་པར་ཤན་ཨན་ཅི་ཧྥན(乙酰氨基酚)དང་ཟླ་6ཡན་གྱི་བྱིས་པར་པུའུ་ལུའོ་ཧྥན(布洛芬)སྟེར་ན་འགྲིག
འགོག་སྟངས། 
        ཁྱིམ་བདག་ཚོས་བྱིས་པ་མི་ཚོགས་སྟུག་ས་དང་རླུང་འཁོར་རྒྱུག་ཡག་པོ་མེད་སར་གཏོང་རྒྱུ་མེད། དུས་རྒྱུན་ནས་རླུང་འཁོར་རྒྱུག་ཡག་པོ་ཡོད་སར་སྡོད་པ་དང་། ལག་པ་ཡང་སེ་འཁྲུ་བ། ཆུ་མང་ཙམ་འཐུང་བ། ལུས་རྩལ་མང་ཙམ་རྩེ་བ་སོགས་བྱེད་དགོས། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1