༄༅།། རྒྱལ་ཡོངས་ཀྱི་ཆེས་ཐོག་མའི་མི་སྒེར་སྨན་བཅོས་ཀྱི་ཞལ་འདེབས་དྲ་ཐོག་ནས་བསྡུས་པའི་རྩོད་གཞིའི་གྱོད་དོན།

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 11-14


        གྱོད་གཞིའི་གཞི་རྩའི་གནས་ཚུལ། སྐུ་ཞབས་སྨོ་ལགས་དང་མཁྱེན་ལྡན་མ་ཞུས་ལགས་གཉིས་བཟའ་ཚང་ཡིན་ཞིང་། ཁོང་གཉིས་ཀྱི་ཕྲུ་གུར་ན་ཚ་ཚབས་ཆེན་ཕོག་ནས་ཆུ་ཐིག་བསགས་ལམ་བརྒྱུད་དེ་ཞལ་འདེབས་རེ་འདུན་ཕུལ་ཡོད། སྐུ་ཞབས་སྨོ་ལགས་ལ་འཕྲིན་སྟེགས་དེ་ནས་ཐོབ་པའི་བསྡུས་དངུལ་ལག་འབྱོར་བྱུང་འཕྲལ་ཕྲུ་གུ་དེ་ཡང་རྐྱེན་ལམ་དུ་ཤོར་སོང་བ་རེད།
        ཁྲིམས་ཁང་གིས་ངོས་འཛིན་གནང་གསལ། སྐུ་ཞབས་སྨོ་ལགས་དང་སྦྱིན་སྟེར་བྱེད་མཁན་དབར་གྱི་འབྲེལ་བ་ནི་འོས་འགན་ལྡན་པའི་སྦྱིན་སྟེར་གན་རྒྱའི་འབྲེལ་བ་ཡིན་ཞིང་། གན་རྒྱ་ཡང་ཁྲིམས་མཐུན་ནུས་ཡོད་ཡིན་ཕྱིར་ཕྱོགས་གཉིས་ཀས་ཆ་ཚང་ལག་བསྟར་བྱ་བར་འོས། སྐུ་ཞབས་སྨོ་ལགས་ཀྱིས་ཁྱིམ་ཀྱི་རྒྱུ་ནོར་ཆ་འཕྲིན་དང་སྤྱི་ཚོགས་རོགས་སྐྱོར་གནས་ཚུལ་བཅས་སྦ་གསང་བྱས་པ་དེས་སྤྱིར་བཏང་གནས་ཚུལ་དོན་དངོས་དང་འཛོལ་བར་གྲུབ་ཡོད་ལ། ཁ་དན་ལས་འགལ་ཏེ་བསྡུས་དངུལ་སྤྱད་པའི་བྱ་སྤྱོད་ནི་བསྡུས་དངུལ་གཞན་སྤྱོད་དུ་གཏོགས་པས་འབའ་འགལ་བྱ་སྤྱོད་ཀྱང་གྲུབ་ཡོད།《ཆུ་ཐིག་བསགས་ལམ་གྱི་མི་སྒེར་རོགས་ཞུའི་ཆ་འཕྲིན་ཁྱབ་བསྒྲགས་དོན་ཚན》གཞིར་བཟུང་ན། ཞལ་འདེབས་ཞུ་ཡིག་སྤེལ་མཁན་ཕྱོགས་ལ་རྫུན་ལྷད་གསང་གསུམ་གྱི་བྱ་སྤྱོད་བྱུང་བ་དང་། རོགས་སྐྱོར་རེ་འདུན་ཞུ་མཁན་ནས་རོགས་དངུལ་ཐོབ་རྗེས་སྨན་བཅོས་མི་བྱེད་པའམ་ཡང་ན་བསྡུས་དངུལ་གཞན་སྤྱོད་དང་། རྐུ་སྤྱོད། བསླུ་སྤྱོད་སོགས་ཀྱི་བྱ་སྤྱོད་སྤེལ་སྐབས། ཆུ་ཐིག་བསགས་ལམ་འཕྲིན་སྟེགས་ཀྱིས་ཞལ་འདེབས་ཞུ་ཡིག་སྤེལ་མཁན་ལ་བསྡུས་དངུལ་ཕྱིར་སློག་བྱེད་དགོས་པའི་རེ་བ་འདོན་དབང་ཡོད། དེར་བརྟེན་ཆུ་ཐིག་བསཊ་ལམ་ཀུང་སིས་བསྡུས་དངུལ་ཕྱིར་སློག་བྱེད་དགོས་པའི་གཏུག་བཤེར་རེ་འདུན་ཞུས་པར་ཁྲིམས་ཁང་ནས་རྒྱབ་སྐྱོར་བྱས་ཡོད།
        དུས་མཚུངས་ཁྲིམས་ཁང་གིས་དཔྱད་མཚམས་ཀྱི་ནང་དུའང་ཆུ་ཐིག་བསགས་ལམ་ཀུང་སིས་ཞིབ་བཤེར་ནན་ཏན་བྱེད་པའི་འོས་འགན་མ་ཁུར་པ་དང་། ལྟ་སྐུལ་ཞིབ་ནན་བྱེད་པའི་འོས་འགན་འཚམ་པོ་མ་བསྒྲུབ་པ། ཞིབ་བཤེར་ལྷོད་གཡེང་ཤོར་བའི་ལྷག་གནད་བཅས་བཏོན་ཡོད། འོན་ཀྱང་ཞིབ་བཤེར་སྐབས་ཀྱི་ལྷག་གནད་དེ་དག་སྐུ་ཞབས་སྨོ་ལགས་ཀྱི་འབའ་འགལ་འགན་འཁྲི་རྩ་ཆག་ཡང་འཁྲི་གཏོང་བའི་ལུགས་མཐུན་ཁག་དཀྲི་དང་ཁྲིམས་མཐུན་ཡིན་པའི་གཞི་འཛིན་ས་བྱེད་མི་རུང་། སྐུ་ཞབས་སྨོ་ལགས་ལ་ད་བར་བདའ་འདེད་བྱས་ཀྱང་ད་དུང་བསྡུས་དངུལ་ཕྱིར་སློག་བྱས་མེད་པའི་རྒྱུ་མཚན་ལ་གཞིགས་ཏེ། ཆུ་ཐིག་བསགས་ལམ་ཀུང་སི་ཕྱོགས་ནས་སྐྱེད་ཀ་འཇལ་དགོས་པའི་བཏུག་བཤེར་རེ་འདུན་བཏོན་པར་ཁྲིམས་ལྟར་རྒྱབ་སྐྱོར་བྱས་ཡོད།
        མཐར་ཁྲའོ་ཡང་ཁྲིམས་ཁང་གི་བཤེར་རིམ་དང་པོས་སྐུ་ཞབས་སྨོ་ལགས་ལ་ཆུ་ཐིག་བསགས་ལམ་ཀུང་སིའི་བསྡུས་དངུལ་སྒོར་153136ཆ་ཚང་ཕྱིར་སློག་བྱེད་དགོས་པ་མ་ཟད། 2018ལོའི་ཟླ་8ཚེས་31ཉིན་ནས་རྩིས་པའི་གོང་གསལ་དངུལ་གྱི་སྐྱེད་ཀ་ཡང་འཇལ་སྤྲོད་བྱེད་དགོས་པའི་ཁྲུན་ཐག་བཅད་ཡོད་པ་རེད།
        ཕྱིར་སློག་བྱས་པའི་བསྡུས་དངུལ་དེའང་ཁྲིམས་ཁང་ནས་ཆུ་ཐིག་བསགས་ལམ་ཀུང་སིས་《བསྡུས་དངུལ་སྤྱོད་སྐོར་གྲོས་མཐུན་ཡི་གེ》དང་། 《ཆུ་ཐིག་བསགས་ལམ་གྱི་མི་སྒེར་རོགས་ཞུའི་ཆ་འཕྲིན་ཁྱབ་བསྒྲགས་དོན་ཚན》བསྡུར་ཚད་རྩ་དོན་བཅས་གཞིར་བཟུང་ནས། ཐོག་མའི་སྦྱིན་སྟེར་བྱེད་མཁན་ནས་ཡང་བསྐྱར་མི་གཞན་ལ་སྦྱིན་སྟེར་བྱ་རྒྱུར་མོས་མཐུན་ཁ་གསལ་བྱས་རིགས་ཕུད། དེ་བྱིངས་ཡོངས་བསྒྲགས་དང་། དུས་ཐོག འཆུགས་མེད་བཅས་ཀྱི་ངང་ནས་སྦྱིན་སྟེར་བྱེད་མཁན་ལ་ཕྱིར་སློག་བྱ་དགོས་པའི་བླང་བྱ་བཏོན་ཡོད།
        ཁྲིམས་ཁང་གིས་དེ་དང་དུས་མཚུངས་དམངས་སྲིད་པུའུ་དང་། ཆུ་ཐིག་བསགས་ལམ་ཀུང་སི་བཅས་ལ་ཁྲིམས་འཛིན་གྲོས་གཞིའི་ཡི་གེ་བསྐྱལ་ནས། འབྲེལ་ཡོད་བཅའ་ཁྲིམས་བཟོ་བ་དང་། ལས་རིགས་རང་གཅུན་ཐད་ཤུགས་སྣོན་རྒྱག་པ། དྲ་ལམ་དངུལ་བསྡུའི་རྩིས་ཐོ་ཁག་བགོས་དོ་དམ་དང་སྤྱི་བསྒྲགས་ཀྱི་ལམ་ལུགས་འཛུགས་རྒྱུ། ཕྱོགས་གསུམ་པར་མངག་བཅོལ་ལྟ་སྐུལ་བྱེད་པའི་ལམ་ལུགས། སྨན་བཅོས་སྒྲིག་གཞིའི་མ་དངུལ་འགྲོ་འོང་ལམ་ལུགས་སོགས་འཐུས་ཚང་ལེགས་བཅོས་བྱས་ཏེ། བྱམས་སེམས་སྙིང་རྗེའི་རྒྱུད་ལས་བསགས་པའི་མ་དངུལ་རྣམས་ལྟ་སྐུལ་དོ་དམ་དང་བེད་སྤྱོད་ལུགས་མཐུན་ཡོང་བར་ཤུགས་སྣོན་རྒྱག་དགོས་པའི་གྲོས་འགོ་བཏོན་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1