རྔ་བ་ཁུལ་རིག་དངོས་ཅུས་དངོས་སུ་སྒོ་བྱང་བཀལ་ནས་བཙུགས་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 11-20



 
      ཟླ་11ཚེས་14ཉིན། རྔ་བ་ཁུལ་རིག་དངོས་ཅུས་ཀྱི་སྒོ་བྱང་འགེལ་བའི་མཛད་སྒོ་འབར་ཁམས་སུ་འཚོགས་པ་རེད། སི་ཁྲོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གི་ཐིང་ཀྲང་གཞོན་པ། སི་ཁྲོན་ཞིང་ཆེན་རིག་དངོས་ཅུས་ཀྱི་ཅུས་ཀྲང་ཝང་དབྱི་དང་། ཁུལ་ཨུད་ཀྱི་རྒྱུན་ཨུ། དྲིལ་བསྒྲགས་པུའི་པུའུ་ཀྲང་དབྱང་ཤིང་། ཁུལ་དཔོན་གཞོན་པ་ཀེ་ཉིང་བཅས་སྒོ་བྱང་འགེལ་བའི་མཛད་སྒོར་ཞུགས་པ་དང་འབྲེལ། རྔ་བ་ཁུལ་རིག་དངོས་ཅུས་ཀྱི་སྒོ་བྱང་བཀལ་བ་རེད།
     རྔ་བ་ཁུལ་རིག་དངོས་ཅུས་དངོས་སུ་སྒོ་བྱང་བཀལ་ནས་བཙུགས་པར་སི་ཁྲོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་དང་སི་ཁྲོན་ཞིང་ཆེན་རིག་དངོས་ཅུས་ཀྱིས་དུས་ཡུན་རིང་པོའི་ཐུགས་ཁུར་དང་རྒྱབ་སྐྱོར་གཅིག་སྡུད་བྱས་ཡོད་ལ་ཁུལ་ཨུད་དང་ཁུལ་སྲིད་གཞུང་གིས་ཁུལ་ཡོངས་ཀྱི་རིག་དངོས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ལུགས་གང་ལེགས་མཚོན་ཡོད་པ་དང་། ཁུལ་ཨུད་ཀྱིས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་རེད། དེས་རྔ་བ་ཁུལ་གྱི་རིག་གནས་དངོས་མང་སྟོན་ཚོགས་སྒྲིག་གཞི་སྔར་བས་འཐུས་ཚང་དུ་ཕྱིན་པ་དང་རིག་གནས་འཕེལ་རྒྱས་འཐབ་ལམ་གསར་པར་བསྐྱོད་པ། འགོ་འཛུགས་ས་གསར་པ་བཏོད་པ་བཅས་མཚོན་གྱི་ཡོད་ལ། དེས་རང་ཁུལ་གྱི་རིག་གནས་དངོས་མང་སྟོན་ཚོགས་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་པས་ཁུལ་ཡོངས་ཀྱི་རིག་དངོས་སྲུང་སྐྱོབ་དང་བེད་སྤྱོད་ལ་རྨང་གཞི་ཡག་པོ་ཞིག་འདིང་ཐུབ་ངེས་རེད། དེ་དང་ཆབས་ཅིག་ཁུལ་ཡོངས་ཀྱི་རིག་དངོས་ལས་དོན་ལའང་འགྲན་སློང་གསར་པ་འཕྲད་རྒྱུ་ཡིན་པ་རེད་།
     རྔ་བ་ཁུལ་རིག་དངོས་ཅུས་ཀྱིས་སྒོ་བྱང་འགེལ་བའི་མཛད་སྒོ་དེ་འགོ་འཛུགས་ས་གསར་པར་བརྩིས་ནས་ཐོག་མའི་བསམ་འདུན་མ་བརྗེད་པར། འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས་རང་འགུལ་ངང་ཡུལ་སྐོར་ལས་རིགས་མཉམ་འདྲེས་འཕེལ་རྒྱས་ཀྱི་དུས་རབས་ཀྱི་བླང་བྱ་ཁོང་དུ་ཆུད་པ་བྱས་ནས། རྔ་བ་ཁུལ་གྱི་ཕུན་སུམ་ཚོགས་པའི་རིག་དངོས་ཐོན་ཁུངས་རྒྱུན་ཆད་མེད་པར་སྔོག་འདོན་དང་། འགྲེམས་སྟོན། བེད་སྤྱོད་བཅས་ཡག་པོ་བྱས་ནས་རྔ་བ་ཁུལ་གྱི་རིག་དངོས་སྲུང་སྐྱོབ་དང་བེད་སྤྱོད་ཆུ་ཚད་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་ཏན་ཏིག་བཏང་སྟེ་ཁུལ་ཡོངས་ཀྱི་རིག་གནས་ཡུལ་སྐོར་དཔལ་འབྱོར་འཕེལ་རྒྱས་ཀྱི་འཕར་གཞི་གསར་པ་ནུས་ཤུགས་ཡོད་རྒུས་གཏོད་རྒྱུ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1