༄༅།། ཡུལ་ཤུལ་གྱི་བོད་གྲིའི་རྒྱུན་འཛིན་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 11-20


      མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་བོད་གྲི་བཟོ་རྩལ་ད་བར་ལོ་བརྒྱ་ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད། བོད་གྲི་རྡུང་བཟོ་བྱེད་པར་དམིགས་བསལ་གྱི་རྒྱུ་ཆ་དང་ཕུལ་བྱུང་གི་ལག་རྩལ་ལྡན་དགོས་པ་དང་། རྟག་ཏུ་གསེར་དང་། དངུལ། ཟངས་དམར། ལི་སེར། ཤིང་ཆ། ལྕགས། རྭ་ཅོ་སོགས་ཀྱི་རྒྱུ་ཆ་སྤྱོད་ཀྱི་ཡོད། བོད་གྲིའི་རྣམ་པ་སྤུས་ལེགས་པས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བས་དགའ་པོ་བྱེད་ཀྱི་ཡོད། 

     ད་ལོ་ལོ་51ལ་སླེབས་པའི་དཀོན་མཆོག་ཕུན་ཚོགས་ནི་བོད་གྲིའི་རྒྱུན་འཛིན་པ་མི་རབས་བཞི་པ་དེ་ཡིན་ཞིང་། བོད་པའི་བཟོ་རྩལ་རྒྱུན་འཛིན་བྱེད་པ་དང་ཆབས་ཅིག་ཁོང་གིས་ད་དུང་ཉེ་འཁོར་གྱི་ཞིང་འབྲོག་མི་སེར་ཚོར་སློབ་ཡོན་མི་དགོས་པར་ལག་རྩལ་ཁྲིད་པ་རེད། ད་བར་རིམ་རྩིས་བྱས་ན་མི་བརྒྱ་ལྷག་ཙམ་ལ་བོད་གྲི་བཟོ་བའི་བཟོ་རྩལ་བསླབས་ནས་ཉེ་འཁོར་གྱི་གྲོང་མིའི་སྣེ་ཁྲིད་དེ་ཕྱུག་འགྱུར་ལམ་བུའི་ཐོག་བསྐྱོད་པ་རེད།








དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1