ཀྲེ་ཅང་ཐུང་ཤང་གི་ཡ་རབས་སྲོལ་བཟང་དེ་སི་ཁྲོན་རྔ་པར་དར་བ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 11-21



 
     གྲོས་བསྡུར་བྱས་ནས་གྲོང་གསེབ་ཀྱི་རྣམ་པ་གསར་པའི་སྐོར་གླེང་བ།
     ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་མཉམ་ལས་རྣམ་གྲངས་ཡིན་པའི་ངོས་ནས་འདི་ལོ་ཚུན་སི་ཁྲོན་ཞིང་ཆེན་རྔ་པ་ཀྲོའུ་ཁྲོ་ཆུ་རྫོང་དང་ཆ་སྒྲིག་བྱས་པའི་ཀྲེ་ཅང་ཞིང་ཆེན་ཅ་ཤིན་གྲོང་ཁྱེར་ཐུང་ཤང་གྲོང་ཁྱེར་གྱིས“གསུམ་བཅོས་མཉམ་འདྲེས”ཀྱི་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་གི་བྱེད་སྟངས་དང་འདུ་ཤེས་ཁྲོ་ཆུ་རྫོང་དུ་སྤྱད་དེ་མི་རིགས་མང་པོ་མཉམ་སྡོད་ཁུལ་དང་གྲོང་རྡལ(གྲོང་ཚོ)བརྒལ་བའི་གཅིག་སྡུད་ཁུལ་དུ་ལག་ལེན་ཚོད་ལྟ་དང་འཚོལ་ཞིབ་བྱས་པ་དང་ལས་ཀའི་ནང་དོན་རྒྱ་ཆེ་རུ་བཏང་བའི་ཁར་སྤྱི་ཚོགས་དེའི་ནང་ཞུགས་རྒྱུའི་སྐུལ་སློང་བྱས་ནས་ཁྱབ་ཁོངས་མང་པོར་གནད་སྨིན་དབུལ་སྐྱོར་བྱས་ཡོད།
     “མང་ཚོགས་ཀྱི་གྲོས་བསྡུར་ཚོགས་འདུ”འཚོགས་ཡུལ་དུ་གཞིས་སྲུང་བགྲེས་སོང་ཏང་ཀྲི་པུའུ་ཧྲུའུ་ཅི་ཨ་ཝ་ཅིས་གསར་འགོད་པར། ཟླ་རེར“མང་ཚོགས་ཀྱི་གྲོས་བསྡུར་ཚོགས་འདུ”ཐེངས་རེ་འཚོག་གི་ཡོད། དེ་རིང་གི་གྲོས་བསྡུར་ནང་དོན་ནི“བཙོག་ཆུའི་མདོང་དྲ་གཙང་སེལ་གྱི་གནད་དོན”ཡིན་ཞེས་བརྗོད་བྱུང་།
     ཤེས་རྟོགས་བྱུང་བར་གཞིགས་ན། ཁྲོ་ཆུ་རྫོང་ནི་སི་ཁྲོན་ཞིང་ཆེན་གྱི་ནུབ་བྱང་རྒྱུད་དང་བོད་རིགས་དང་ཆའང་རིགས་འབྲེལ་མཚམས་སུ་གནས་ཤིང་། དེ་གར་ས་བབ་མཐོ་ཚད་སྨི་3544ཟིན་གྱི་ཡོད། 1994ལོ་ནས་2011ལོ་བར་རྒྱལ་ཁབ་ཀྱི་དབུལ་སྐྱོར་གསར་སྤེལ་ལས་དོན་སྤེལ་སའི་གཙོ་གནད་རྫོང་ལ་ངོས་འཛིན་ཐེངས་གསུམ་བྱས་ཁར་དེ་གའི་དབུལ་པོའི་སྣང་ཚུལ་གྱི་གནས་མང་ལ་ཁྱོན་ཆེ་བ་དང་། ཚབས་ཆེ་ལ་བསྐྱར་ལོག་ཐེབས་སླ་པོ་ཡོད། “5·12”དབུན་ཁྲོན་གྱི་ས་ཡོམ་ཆེན་པོའི་ནང་རྫོང་ཡོངས་ཀྱི་ཞིང་པའི་ཁང་པ་མང་པོ་བརྡིབས་པ་དང་རྨང་གཞིའི་སྒྲིག་བཀོད་ལ་གཏོར་སྐྱོན་ཚབས་ཆེན་ཐེབས་ནས་ཐད་ཀར་དཔལ་འབྱོར་གྱོང་གུན་སྒོར་དུང་ཕྱུར་47.6ཕོག་ཡོད།
     བྷ་ཏོ་སྡེ་ཁུལ་ནི་དབུན་ཁྲོན་ལ་ས་ཡོམ་ཆེན་པོ་བརྒྱབ་རྗེས་གེགས་ཁུལ་ས་ཕྱོགས་ཁག་ནས་སྤོས་པའི་གྲོང་མི་ལས་གྲུབ་པ་དང་མིག་སྔར་བྷ་ཏོ་སྡེ་ཁུལ་དུ་ཁྱོན་བསྡོམས་དུད་ཚང་339ཡི་གྲོང་མི་1339ཡོད། དང་ཐོག་དེ་གར་ས་ཕྱོགས་ཁག་གི་འཚོ་བའི་གོམས་གཤིས་དང་རིག་གནས་ཀྱི་ཁྱད་པར་མི་འདྲ་བས་གྲོང་མི་དབར་དེ་ཙམ་འདྲེས་པོ་མེད། “མང་ཚོགས་ཀྱི་གྲོས་བསྡུར་ཚོགས་འདུ”ནི་ཐུང་ཤང་གི“གསུམ་བཅོས་མཉམ་འདྲེས”ཀྱི་བྱེད་སྟངས་དཔྱད་གཞིར་འཛིན་པའི་ལས་ཀའི་བྱ་ཐབས་ཤིག་ཡིན།
     གསར་འགོད་པས་བཅར་འདྲི་བྱེད་སྐབས《ཁྲོ་ཆུ་རྫོང་གི་གསུམ་བཅོས་མཉམ་འདྲེས་ཀྱི་ལག་བསྟར་ཇུས་གཞི》འདི་ལོ་དངོས་སུ་བཀྲམ་པ་ཤེས་རྟོགས་བྱུང་། 《ཇུས་གཞི》དེས་ཐུང་ཤང་གི“ཆིངས་ཡིག་གཅིག་དང་། ཚོགས་འདུ་གཉིས། ཚོགས་པ་གསུམ”གྱི་བྱེད་སྟངས་དཔྱད་གཞིར་གང་ལེགས་འཛིན་ནས་ཁྲོ་ཆུའི་ཕྱི་ཕྱོགས་སུ་གླ་པར་སྐྱོད་མཁན་དང་ཚོང་རྒྱག་མཁན་མང་ཚོགས་མང་བ་དང་ཡིད་རྟོན་འཛུགས་སྐྱོང་ཁ་ཚ་དགོས་གཏུག་གི་གནས་སུ་གྱར་བའི་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ་གྲོང་གསེབ་ཀྱི་གཞི་རིམ་ཏང་རྩ་འཛུགས་ལྟེ་བར་འཛིན་ནས་སྣེ་ཁྲིད་བྱས་པ་དང་། རང་སྐྱོང་དང་། ཁྲིམས་སྐྱོང་། སྤྱོད་སྐྱོང་བཅས་ཟུང་དུ་འབྲེལ་བའི“ཆིངས་ཡིག་གསུམ་དང་། ཚོགས་འདུ་གསུམ། ཚོགས་པ་གསུམ”(ཁྲིམས་སྲུང་ཚུལ་ལྡན་མི་སེར་གྱི་ཆིངས་ཡིག་དང་། གྲོང་སྲོལ་དམངས་ཆིངས། ཡིད་རྟོན་སྤྱི་ཆིངས་དང་། མང་ཚོགས་ཀྱི་གྲོས་བསྡུར་ཚོགས་འདུ་དང་། གྲོང་ཚོའི་སྤྱོད་ཡོན་གཉིས་ལྡན་མི་སྣའི་གྲོས་བསྡུར་ཚོགས་འདུ། ཁྱིམ་མཚེས་རོགས་རེས་ཚོགས་འདུ། བཅའ་ཁྲིམས་ཞབས་ཞུ་ཚོགས་པ་དང་། དམངས་ཕན་ཞབས་ཞུ་ཚོགས་པ། ཀུན་སྤྱོད་ཤན་འབྱེད་ཚོགས་པ)གྱི་ལས་ཀའི་གཞི་རྟེན་གཏོད་པ་བརྒྱུད་མི་རིགས་མང་པོའི་མང་ཚོགས་ཐབས་ཇུས་དང་བཅོས་སྐྱོང་གི་བརྒྱུད་རིམ་ཧྲིལ་པོའི་ནང་ཞུགས་པའི་ཧུར་བརྩོན་རང་བཞིན་སྐོང་འཐེན་གང་ལེགས་བྱས་ཡོད་ལ་མཉམ་སྐྲུན་དང་མཉམ་བཅོས། མཉམ་སྤྱོད་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་གི་ཆགས་སྟངས་ཤིག་ཀྱང་བཏོད་ཡོད།
     ཡུལ་སྲོལ་གོམས་གཤིས་བསྒྱུར་ནས་ཡ་རབས་སྲོལ་གསར་བཏོད་པ།
     མི་ཕན་ཚུན་གྱི་ངོ་སོ་ནི་མི་སེར་ཚོས་ནམ་ཡང་གཡོལ་ཐབས་མེད་པའི་གནད་དོན་ཞིག་ཡིན། མནའ་མ་བསུ་ལེན་དང་གཤིན་པོ་དུར་སྐྱེལ་ཐད་ངོ་སོ་བསྡུར་བའི་སྲོལ་ངན་དེ་སྔ་བྷ་ཏོ་སྡེ་ཁུལ་དུ་ཁྱབ་ཆེན་དར་ནས་གྲོང་མི་མང་པོ་སྡུག་སྐད་ཚད་མེད་ཤོར་ཡོད། ཡུལ་སྲོལ་གོམས་གཤིས་སྒྱུར་རྒྱུ་དེ་ངེས་པར་དུ་སྒྲུབ་དགོས་པའི་བྱ་བ་ཞིག་ཏུ་གྱུར་ཡང་མི་ཕན་ཚུན་གྱི་འབྲེལ་བའི་ངན་འཁོར་དེ་ཇི་ལྟར་བྱས་ནས་གཏོར་དགོས་སམ། ཁྲོ་ཆུའི“ལྟེ་གཅིག་གསུམ་སྐྱོང”གི་ཚོད་ལྟའི་གྲོང་ཚོ(སྡེ་ཁུལ)ཡིན་པའི་བྷ་ཏོ་སྡེ་ཁུལ་ངོས་ནས་བརྗོད་ན། ཇི་ལྟར་བྱས་ནས་བསྡུར་རེས་ཀྱི་སྲོལ་ངན་གཏན་འགོག་བྱེད་དགོས་པ་དང་། ཇི་ལྟར་བྱས་ནས་མི་སེར་གྱིས་དང་ལེན་ཐུབ་པའི་བྱེད་སྟངས་སྤྱད་ནས་ཡ་རབས་ཀྱི་འདུ་ཤེས་བརྒྱུད་སྤྲོད་བྱེད་དགོས་པ་དེ་ཁོང་ཚོར་འཕྲད་པའི་དཀའ་གནད་ཅིག་ཏུ་གྱུར་ཡོད།
     “ངས་རང་རྟོགས་ངང་འགོ་ཁྲིད་དེ་ཡ་རབས་གསོལ་ལྕོག་དང་ཡ་རབས་འབུལ་རྟེན་གྱི་འབྲེལ་ཡོད་གཏན་འབེབས་བརྩི་སྲུང་བྱ་རྒྱུ་དང་། རང་ཉིད་ཀྱི་སྤྱོད་ཚུལ་དང་ལངས་ཕྱོགས་ཁ་གསལ་བཏོན་ནས་བག་མ་བསུ་ལེན་དང་གཤིན་པོ་དུར་སྐྱེལ་གྱི་ཤན་འབྱེད་ལས་དོན་ཡག་པོ་བསྒྲུབ་རྒྱུའི་དམ་བཅའ་བཞག་གི་ཡིན”དེ་གོང་བྷ་ཏོ་སྡེ་ཁུལ་གྱི་ཀུན་སྤྱོད་ཤན་འབྱེད་ཚོགས་པའི་ཤན་འབྱེད་པ་6གིས་གྲོང་མིའི་འཐུས་མི་དང་། ཚོགས་ཆུང་གི་ཙུའུ་ཀྲང་། ཏང་ཡོན་གྱི་འཐུས་མི་བཅས་མཉམ་ཞུགས་ཀྱི་ཚོགས་འདུའི་ཐོག་རྔམ་བརྗིད་ལྡན་པའི་དམ་བཅའ་དེ་བཞག་པ་རེད། དེ་ཐོག་ནས་གྲོང་མིས་གླེང་མང་བའི་གནད་དོན་དེ་ཐག་གཅོད་བྱེད་ཐབས་རྙེད་པ་མཚོན་ཐུབ།
     འདི་ལོའི་ཟླ་5པར་བྷ་ཏོ་སྡེ་ཁུལ་གྱི་ཝང་ཆེ་གེ་མོའི་ཁྱིམ་དུ་བཤམས་པའི་གཉེན་སྟོན་དེ་གྲོང་མི་ཚོས་བསྟོད་བསྔགས་ཡང་ཡང་བྱེད་སར་གྱུར་ཡོད། གཉེན་སྟོན་མཛད་སྒོར་གསོལ་ལྕོག་གཅིག་ཐོག་ཤ་རིགས་སྣ་ཚོགས་དང་སྔོ་ཚལ་སྣ་ཚོགས་ལུགས་མཐུན་ངང་སྒྲིག་གཤོམས་བྱས་པ་མ་ཟད། ད་དུང་ཁྲོ་ཆུའི་རོ་བཅུད་ཡོངས་སུ་འདུས་ཡོད། གསོལ་ལྕོག་རེའི་རིན་གོང་སྒོར་500ལས་བརྒལ་མེད་ལ། འབུལ་རྟེན་ལེན་པའི་གཏན་འབེབས་གཞིར་བཟུང་། ཁྱིམ་ཚང་རེ་ནས་འབུལ་རྟེན་སྒོར་300ལས་བླངས་མེད། ཁོང་ཚོའི་གཉེན་སྟོན་མཛད་སྒོ“སྐྱོ་མདོག་ཁ་པོ”ཡོད་ཀྱང་སྐུ་མགྲོན་མང་པོའི་བསྔགས་བརྗོད་ཐོབ་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1