ཨ་རིའི་ཉེའུ་ཡོག་གྲོང་ཁྱེར་གྱི་འཛམ་གླིང་ཚོང་དོན་ཐོག་ཁང་ཆེན་མོའི་བསྐྱར་བཞེངས་ལས་གཞི་དེ་གཞི་རྩའི་ཐོག་ལེགས་འགྲུབ་བྱུང་ཡོད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-04


2014ལོའི་སྤྱི་ཟླ་9པའི་ཚེས་11ཉིན། པར་དུ་བླངས་པའི་འཛམ་གླིང་ཚོང་དོན་ལྟེ་གནས་ཀྱི་ཐོག་ཁང་ཆེན་མོ་ཨང་དང་པོ།

བཟོ་སྐྲུན་བྱས་མ་ཚར་བའི་ཐོག་ཁང་འདིའི་རྒྱང་གཟིགས་སྟེགས་བུ་ནས་བལྟས་ཚེ། བྱང་མཐའི་རི་ཚོགས་མཐོང་ཐུབ།

རྒྱང་གཟིགས་སྟེགས་བུའི་ལྷོ་ངོས་སུ་མཚོ་འགྲམ་གྱི་མཛེས་ལྗོངས་ལ་གཟིགས་ཐུབ།

ཐོག་ཁང་འདིའི་ཐོག་བརྩེགས་102པའི་རྒྱང་གཟིགས་སྟེགས་བུ་དེ་སང་ལོའི་དཔྱིད་ཀར་སྒོ་འབྱེད་རྒྱུ་ཡིན་འདུག

               ཉེ་ཆར། ལོ་ངོ་13གྱི་རིང་དུ་བསྐྱར་བཞེངས་བྱས་པའི་ཨ་རིའི་ཉེའུ་ཡོག་གྲོང་ཁྱེར་གྱི་འཛམ་གླིང་ཚོང་དོན་ལྟེ་གནས་དེ། ད་ལྟ་གཞི་རྩའི་ཐོག་ལེགས་འགྲུབ་བྱུང་ཚར་ཡོད་ལ། སྤྱི་ཟླ་11པའི་ཚེས་3ཉིན། ཐོག་ཁང་འདིའི་ཁང་དུ་ཆེས་ཐོག་མར་དཔེ་སྐྲུན་ལས་རིགས་ཀྱི་སྤྱི་གཉེར་ཁང་ཆེ་ཤོས་ཁང་ཌེ་ནཱ་སི་ཞེས་པ་དེ་གནས་སྤོས་བྱས་ཡོད།

               གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། 2001ལོའི་ཟླ་9པའི་ཚེས་11ཉིན་གྱི་འཇིགས་སྐུལ་དོན་རྐྱེན་བྱུང་རྗེས། ལོ་ངོ་13གྱི་དུས་ཡུན་དང་མེ་སྒོར་དུང་ཕྱུར་39བཏང་ནས་བསྐྱར་བཞེངས་བྱས་པའི་འཛམ་གླིང་ཚོང་དོན་ལྟེ་གནས་གསར་པ་དེ། ད་ལོའི་སྤྱི་ཟླ་11པའི་ཚེས་3ཉིན་དངོས་སུ་སྒོ་འབྱེད་བྱས་ཤིང་། ཆེས་ཐོག་མར་ཐོག་ཁང་འདིའི་ནང་གནས་སྤོ་མཁན་ནི། ལས་མི་3400ཡོད་པའི་དཔེ་སྐྲུན་ལས་རིགས་ཀྱི་སྤྱི་གཉེར་ཁང་ཆེ་ཤོས་ཁང་ཌེ་ནཱ་སི་ཞེས་པ་དེ་ཡིན་ལ། གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། སྤྱི་གཉེར་ཁང་འདི་ནི་ཚོང་དོན་ཐོག་ཁང་ཆེན་མོའི་ཐོག་བརྩེགས་20པ་ནས་ཐོག་བརྩེགས་44པའི་བར་དུ་བསྡད་ཡོད་པ་དང་། བསྐྱར་བཞེངས་བྱས་པའི་ཐོག་ཁང་ཆེན་མོ་འདིར་བསྡོམས་པས་ཐོག་བརྩེགས་108ཡོད་ཅིང་། མཐོ་ཚད་ལ་དབྱིན་ཁྲེ་1776ཡོད་འདུག །(སྨི་ཕལ་ཆེ་541ཡོད།)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1