གཙོ་ངོས།>> གསར་འགྱུར།>>སི་ཁྲོན་བོད་ཁུལ།

རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༡༡ཚེས་༢༢ཉིན།

2019ལོའི་སི་ཁྲོན་གངས་འཁྱག་དང་རང་བྱུང་ཆུ་ཚན་ཡུལ་སྐོར་དུས་སྟོན་དུང་དཀར་ལུང་པར་སྤེལ་འགོ་བཙུགས།

        

        2019ལོའི་སི་ཁྲོན་གངས་འཁྱག་དང་རང་བྱུང་ཆུ་ཚན་ཡུལ་སྐོར་དུས་སྟོན་དུང་དཀར་ལུང་པར་སྤེལ་འགོ་བཙུགས།

        2019ལོའི་སི་ཁྲོན་གངས་འཁྱག་དང་རང་བྱུང་ཆུ་ཚན་ཡུལ་སྐོར་དུས་སྟོན་དུང་དཀར་ལུང་པར་སྤེལ་འགོ་བཙུགས་ནས།
        2019ལོའི་དགུན་དུས་སི་ཁྲོན་སྐྱིད་པོ་བསྐོར་བའི་ཡུལ་སྐོར་དུས་ཚིགས་དངོས་སུ་སྤེལ་འགོ་ཚུགས་པ།
        སི་ཁྲོན་གྱིས་དགུན་ཁའི་དུས་ཚིགས་ཀྱི་ཡུལ་སྐོར་འཕེལ་རྒྱས་གཏང་རྒྱུའི་ལོ་གསུམ་གྱི་འཆར་གཞི་གསར་དུ་བཏོན།
        སྤྱི་ཟླ11པའི་ཚེས20ཉིན་ལ་དུང་དཀར་ལུང་པའི་མགྲོན་ཁང་གི་ཕྱི་རོལ་དུ་དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་དང་སི་ཁྲོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་གཙོ་གཉེར་བྱས་ཤིང་། ཁུལ་རིག་གནས་རྒྱང་བསྒྲགས་བརྙན་འཕྲིན་དང་ཡུལ་སྐོར་ཅུས། དུང་དཀར་ལུང་པའི་མཛེས་ལྗོངས་ཁུལ་དོ་དམ་ཅུས་ཀྱིས་བསྒྲུབ་འགན་ཁུར་བའི་དགུན་དུས་སི་ཁྲོན་སྐྱིད་པོ་བསྐོར་བའི་ཡུལ་སྐོར་དུས་ཚིགས་སྤེལ་འགོ་ཚུགས་པའི་མཛད་སྒོ་དང་།  2019ལོའི་སི་ཁྲོན་གངས་འཁྱག་དང་ཆུ་ཚན་ཡུལ་སྐོར་དུས་ཆེན་གྱི་འགོ་ཚུགས་མཛད་སྒོ་སྤེལ་བ་རེད།  མཛད་སྒོའི་ཐོག《སི་ཁྲོན་ཞིང་ཆེན་གྱི་དགུན་ཚིགས་ཡུལ་སྐོར་འཕེལ་རྒྱས་མདུན་ལམ་དང་སི་ཁྲོན་ཞིང་ཆེན་གྱིས་དགུན་ཁའི་དུས་ཚིགས་སུ་ཡུལ་སྐོར་འཕེལ་རྒྱས་གཏང་རྒྱུའི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི》ཁྱབ་བསྒྲགས་བྱས་པ་རེད་།
        ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། དྲིལ་བསྒྲགས་པུའུ་ཡི་ཀྲང་ཀན་ལིན་འགོ་ཚུགས་མཛད་སྒོའི་ནང་ཞུགས་ནས་འགོ་ཚུགས་མཛད་སྒོ་ཁྱབ་བསྒྲགས་གནང་བ་རེད།  ཁུལ་ཨུའི་ཧྲུའུ་ཅི་གཞོན་། ཁུལ་དཔོན་ཞའོ་ཡིའུ་ཚའེ་ཡིས་ཤིས་ཚིག་ཕུལ་བ་རེད། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་བྱང་ཆུབ་བྱེད་སྒོའི་ནང་ཞུགས་ཡོད།  ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གི་ཐིང་ཀྲང་གཞོན་པ་ཀྲའོ་ཧུང་ཁྲོན་གྱིས་འགོ་ཚུགས་མཛད་སྒོ་གཙོ་སྐྱོང་གནང་བ་རེད།
        ཞའོ་ཡིའུ་ཚའེ་ཡིས་ཤིས་ཚིག་འབུལ་སྐབས་གསུང་དོན། ཐེངས་འདིར2019ལོའི་སི་ཁྲོན་གངས་འཁྱག་དང་ཆུ་ཚན་ཡུལ་སྐོར་དུས་ཆེན་དེ་དུང་དཀར་ལུང་པར་འགོ་ཚུགས་དང་།  2019ལོའི་དགུན་དུས་སི་ཁྲོན་སྐྱིད་པོ་བསྐོར་བའི་ཡུལ་སྐོར་དུས་ཚིགས་དངོས་སུ་སྤེལ་འགོ་ཚུགས་པ་དེ་ནི་སི་ཁྲོན་གྱིས་ཡུལ་སྐོར་ལ་བརྟེན་ནས་ཞིང་ཆེན་སྟོབས་ལྡན་བསྐྱང་པའི་གལ་ཆེའི་ཐབས་ཇུས་ཤིག་ཡིན་ལ།  དཀར་མཛེས་ཁུལ་གྱི་ས་ཁོངས་ཡོངས་སུ་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ཀྱང་རེད།  ཁོང་གིས་དཀར་མཛེས་ཁུལ་དུ་གངས་རི་དང་འཁྱགས་ཀླུང་། ཁ་བ་དང་ཆུ་ཚན་སོགས་རང་བྱུང་གི་མཛེས་ལྗོངས་ཁྱད་དུ་འཕགས་པ་ཡོད་ཅིང་།  བཅུད་ལྡན་ལྷད་མེད་ཀྱིས་ཁམས་པའི་བོད་ཟས་དང་འཛམ་བུ་གླིང་དུ་སྐད་གྲགས་ཡོད་པའི་ཁམས་པའི་མཛེས་མ་དང་ཕོ་རྒོད་སོགས་ཀྱིས་ཡུལ་སྐོར་བའི་ཡིད་དབང་འཕྲོག་པར་བརྟེན། དཀར་མཛེས་ཁུལ་ནི་མཛེས་ལྗོངས་དང་འཆམ་མཐུན་མཉམ་གནས་ཀྱི་ཡུལ་གྲུ་མཆོག་ཏུ་གྱུར་པ་ཞིག་རེད།  ཞའོ་ཡིའུ་ཚའེ་ཡིས་གསུངས་དོན། དཀར་མཛེས་ཁུལ་ཨུ་དང་ཁུལ་སྲིད་གཞུང་། ཁུལ་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་མུ་མཐུད་ནས་འཛམ་གླིང་རིམ་པའི་ཡུལ་སྐོར་ཐོན་རྗས་འབེལ་པོར་དམིགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རི་ཀླུང་ཁ་བས་གཡོགས་པའང་གསེར་རི་དངུལ་རི་ལྟ་བུ་ཡིན་ཞེས་པའི་གལ་ཆེའི་རྣམ་བཤད་མཐའ་གཅིག་ཏུ་ལག་བསྟར་བྱས་ཏེ་ཁྱོན་ཡོངས་ནས་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་དགུན་ཁའི་དུས་ཚིགས་ཡུལ་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱས་ནས་རི་ཀླུང་ཁ་བས་གཡོགས་པའི་དུས་ཚིགས་དེ་ཡུལ་སྐོར་ཆེས་འབེལ་བའི་དུས་ཚིགས་སུ་གྱུར་བ་བྱ་རྒྱུ་ཡིན། 
        འགོ་ཚུགས་མཛད་སྒོའི་ཐོག་སི་ཁྲོན་ཞིང་ཆེན་ཡུལ་སྐོར་མཐུན་ཚོགས་ཀྱི་ཚོགས་དཔོན་ཝང་ཀྲའོ་ཞོས་ཀྱིས་སི་ཁྲོན་ཡུལ་སྐོར་སྐོར་ལམ་སྤུས་དག་མང་པོ་དང་ཁྱད་ཆོས་ལྡན་པའི་ཐོན་རྫས་སོགས་ངོ་སྤྲོད་བྱས་པ་རེད།
        ཤེས་རྟོགས་བྱུང་བར་གཞིགས་ན། 《སི་ཁྲོན་ཞིང་ཆེན་གྱི་དགུན་ཁའི་དུས་ཚིགས་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་འདུན་ལམ་དང་སི་ཁྲོན་ཞིང་ཆེན་དགུན་ཁའི་དུས་ཚིགས་ཡུལ་སྐོར་འཕེལ་རྒྱས་གཏང་རྒྱུའི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི》ནང་གཙོ་གནད་་སི་ཁྲོན་ཞིང་ཆེན་གྱི་དགུན་ཁའི་དུས་ཚིགས་ཡུལ་སྐོར་འཕེལ་རྒྱས་གཏང་རྒྱུའི་སྐོར་གྱི“123”འཆར་གཞི་དང་བྱ་སྤྱོད་ཆེན་པོ་དྲུག་ངོ་སྤྲོད་བྱས་ཡོད་པ་རེད།
        འགོ་ཚུགས་མཛད་སྒོའི་ཐོག་རིག་རྩལ་འཁྲབ་སྟོན་བྱེད་སྒོ་སྣ་མང་ཕུགས་སུམ་ཚོགས་པོ་སྤེལ་བ་རེད། གར་སྟབས་ཆུ་རྐྱལ་དང་ཁམས་པའི་ཕོ་རྒོད་དང་ཁམས་པའི་མཛེས་མའི་འཁྲས་སྟོན་དང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གླུ་གར་འཁྲབ་སྟོན་སོགས་ཀྱི་ལྟད་མོའི་ནང་ཁ་བ་དང་རང་བྱུང་ཆུ་ཚན་གྱི་རྒྱུ་ཆ་བརྒྱུད་ནས་ཡ་མཚན་ཆེ་བའི་ཁམས་པའི་རིག་གནས་མངོན་སྟོན་བྱས་པ་རེད།
        མཚན་མོའི་ཆུ་ཚོད9དང་སྐར་མ20ཐོག་འགོ་ཚུགས་མཛད་སྒོ་དེ་《ང་དང་ངའི་མེས་རྒྱལ་》ཞེས་པའི་མཉམ་ལེན་གླུ་དབྱངས་ཁྲོད་མཇུག་བསྒྲིལ་བ་རེད། འགོ་ཚུགས་མཛད་སྒོ་ནང་ད་དུང་འབོ་ཞབས་གྲོང་རྡལ་གངས་དཀར་ཐང་ཆེན་ཐོག་ཡན་ལག་ཚོགས་ར་གཉེར་ནས་མི་སྟོང་སྐོར་བྲོ་འཁྲབ་སྟོན་བྱེད་སྒོ་སྤེལ་ནས་ཡུལ་དེ་གའི་ཡུལ་སྲོལ་དང་ཟས་རིགས་སོགས་ཡུལ་སྐོར་བར་གསོལ་སྟོན་ཕུལ་བ་རེད།
        ཤེས་རྟོགས་བྱུང་བར་གཞིགས་ན། ཁ་བ་དང་ཆུ་ཚན། ཉི་འོད། དུས་ཆེན་དགའ་སྟོན་སོགས་ནི་རང་རེའི་ཞིང་ཆེན་གྱི་དགུན་ཁའི་དུས་ཚིགས་ཡུལ་སྐོར་གྱི་མིང་བྱང་བཞི་ཡིན་ཞིང་། རང་རེའི་ཞིང་ཆེན་གྱིས་ད་ལོའི་སྤྱི་ཟླ11པའི་ཚེས20ཉིན་ནས་སང་ལོའི་སྤྱི་ཟླ2པའི་ཚེས29ཉིན་བར་ལ2019ལོའི་དགུན་དུས་སི་ཁྲོན་སྐྱིད་པོ་བསྐོར་བའི་ཡུལ་སྐོར་དུས་ཚིགས་ཀྱི་བྱེད་སྒོ་སྤེལ་རྒྱུ་ཡིན་པ་རེད། བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། དེའི་དུས་སུ་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་སོ་སོར་དགུན་ཚིགས་རིག་གནས་ཡུལ་སྐོར་བྱེད་སྒོ་ཐེངས་མ240ལྷག་ཙམ་སྤེལ་རྒྱུ་ཡིན་པ་རེད།།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1