གཙོ་ངོས།>> གསར་འགྱུར།>>བོད་ཁུལ་གཞན་དག

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༡༡ཚེས་༢༢ཉིན།

ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ།


          2019ལོའི་ལོ་ཐོ་ནི་མི་འགྱངས་པར་རྫོགས་ལ་ཉེ་ཞིང་། མི་ཚང་མས་ཀྱང་ལུགས་རྙིང་གི་ལོ་སར(དཔྱིད་གསར་དུས་ཆེན)དང་། བོད་ཀྱི་ལོ་སར་སླེབས་པར་རེ་སྒུག་བྱེད་མགོ་བརྩམས་བྱུང་། དེས་ན། 2020 ལོའི་བོད་ཀྱི་ལོ་སར་ནི་དུས་ནམ་ཞིག་ལ་ཡིན་ནམ་ཞེ་ན། ཟླ11པའི་ཚེས20ཉིན། གསར་འགོད་པ་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གི་གནམ་དཔྱད་སྐར་རྩིས་ཞིབ་འཇུག་ཁང་དུ་སོང་ཞིང་། ནས་ཆེད་མཁས་པའི་ས་ནས་དབང་གྲགས་ལྡན་པའི་དྲིས་ལན་འཐོབ་འདུག

          བོད་ཡུལ་དུ་ཁྱིམ་ཚང་སོ་སོར《བོད་ལྗོངས་སྨན་རྩིས་ཁང་གི་ལོ་ཐོ》རེ་ཡོད་ཅིང་། དེ་ནི་ཞིང་ལས་དང་། དུས་ཆེན་ལ་རྟེན་འབྲེལ་ཞུ་བ་དང་། བག་མ་བསུ་ལེན། ་དང་གཤིན་པོ་དུར་སྐྱེལ་སོགས་རྒྱུན་གཏན་གྱི་ལས་དོན་རབ་དང་རིམ་པ་བཀོད་སྒྲིག་བྱེད་པའི་གཞི་འཛིན་ས་ཡིན་ཞིང་། བོད་ཀྱི་ལོ་སར་ཡང་ལོ་ཐོ་དེའི་ཁྲོད་ཀྱི་དུས་ཚོད་གཞིར་བཟུང་ནས་གཏན་ཁེལ་བྱས་ཡོད་པ་དང་རེད། ལོ་རེའི《བོད་ལྗོངས་སྨན་རྩིས་ཁང་གི་ལོ་ཐོ》ནི་རང་སྐྱོང་ལྗོངས་སྨན་རྩིས་ཁང་གི་གནམ་དཔྱད་སྐར་རྩིས་ཞིབ་འཇུག་ཁང་གི་ཆེད་མཁས་པ་ཚོས་རྩོམ་སྒྲིག་བྱས་པ་ཡིན། པ་ཞིག་རེད། 
          བོད་ཀྱི་ལོ་སར་ནི་བོད་རིགས་མི་དམངས་ཀྱི་སྲོལ་རྒྱུན་གྱི་དུས་ཆེན་ཞིག་ཡིན་ཞིང་། དེ་ནི་བོད་ཟླ་དང་པོའི་ཚེས་གཅིག་ནས་འགོ་ཚུགས་ཏེ་ཉིན་བཅོ་ལྔ་རིང་བསྟུད་མར་རོལ་བ་ཡིན། བོད་ཀྱི་ལོ་སར་དང་ལུགས་རྙིང་གི་ལོ་སར་གཉིས་ཀྱི་བར་སྤྱིར་བཏང་དུ་བར་ཁྱད་རིགས་གསུམ་ཡོད་དེ། དེ་ནི་ཉིན་གཅིག་ལ་རོལ་བཡིན་པ་དང་། ཉིན་གཅིག་གི་བར་ཁྱད་ཡོད་པ། ཟླ་གཅིག་གི་བར་ཁྱད་ཡོད་པ་བཅས་སོ། །
          “2020ལོའི་དཔྱིད་གསར་དུས་ཆེན་ནི་ཟླ1པོའི་ཚེས25ཉིན་ཡིན་ཞིང་། བོད་ཀྱི་ལོ་སར་ནི་ཟླ2པའི་ཚེས24ཉིན་ཡིན” ལོ་ཐོའི་ཁ་ཕྱེས་ནས་དུས་ཚོད་གཏན་འཁེལ་བྱས་རྗེས། རང་སྐྱོང་ལྗོངས་སྨན་རྩིས་ཁང་གི་གནམ་དཔྱད་སྐར་རྩིས་ཞིབ་འཇུག་ཁང་གི་ཆེད་མཁས་པ་སྐལ་བཟང་ཕུན་ཚོགས་ཀྱིས་གསར་འགོད་པར་བཤད་རྒྱུར། “2020ལོར། ་བོད་ཀྱི་ལོ་སར་དང་ལུགས་རྙིང་གི་ལོ་སར་དབར་ཟླ་གཅིག་གི་བར་ཁྱད་ཡོད་འདུག”ཅེས་བཤད།
          སྐལ་བཟང་ཕུན་ཚོགས་ཀྱིས་ “བོད་ཀྱི་ལོ་སར་ངོས་ནས་བརྗོད་ན། ཉིན་དེདེ་རིང(ཟླ་11ཚེས20ཉིན)ནི་མཚོ་བོད་མཐོ་སྒངས་མཐོ་འདི་ཉིད་གྲང་ངར་ཆེ་ཤོས་ཀྱི་དུས་ཚིགས་སུ་སླེབས་ཡོད”ཅེས་སྐལ་བཟང་ཕུན་ཚོགས་ཀྱིས་མཚམས་སྦྱོར་བྱས་པ་དང་། ཁོང་གིས“དམངས་ཁྲོད་དུ་དར་ཁྱབ་ཆེ་བའི་གཏམ་དཔེར་སྲིབ་ཀྱི་ས་ཆར་འཁྱགས་པ་སྲབ་མོ་ཆགས་གྲབས་ཡོད”ཅེས་བཤད། 
          གོང་དུ་ང་ཚོས་དམངས་ཁྲོད་དུ་མང་ཚོགས་ཀྱིས《བོད་ལྗོངས་སྨན་རྩིས་ཁང་གི་ལོ་ཐོ》ལ་གཞིགས་ནས་ཞིང་ལས་བཀོད་སྒྲིག་བྱེད་པ་ཡིན་ཞེས་བཤད་ཟིནཔ་རེད། ད་ལོའི་ཟླ11ཚེས20ཉིན་ནས་བཟུང་གྲང་ངར་ཆེ་བའི་དུས་སུ་སླེབས་ཀྱང་། དགུན་དུས་ཞིང་ལ་འཁྱགདགུན་ཆུ་འདྲེན་པའི་དུས་ཚོད་ཡག་ཤོས་ཡིན་ཏེ། “ཉིན་དེ“དེ་རིང་ནས་བཟུང་། མང་ཚོགས་ཀྱིས་ཞིང་ནང་དུ་ཆུ་འདྲེན་ཆོག་པ་ཡིན”ཞེས་སྐལ་བཟང་ཕུན་ཚོགས་ཀྱིས་དེ་ལྟར་བཤད། དགུན་ཁར་ཞིང་ལ་འཁྱག་ཆུ་འདྲེན་དོན་ནི་སའི་ནང་དུ་རྒྱུའི་ཆུ་གསོག་པ་དང་དཔྱིད་ཀར་ཐན་པ་འབྱུང་བ་སྔོན་འགོག་བྱ་ཆེད་ཡིན་པ་དང་། དུས་མཚུངས་སུ་ད་དུང་ས་རྒྱུའི་ཕྱི་ངོས་ཀྱི་འབུ་སྒོང་དག་འཁྱགས་ཆུའི་ནང་བཅུག་ནས་འཁྱགས་ཤི་ཐེབས་པ་དངས་ནད་འབུའི་གནོད་འཚེ་སྔོན་འགོག་བྱེད་ཐུབ་པ་ཡིན།པ་ལའང་ཕན་ཐོགས་ཆེ་ཕྱིར། ཞིང་ཁུལ་གྱི་མང་ཚོགས་རྣམ་ལ་མཚོན་ན་ཉིན་འདི་ནི་ཧ་ཅང་གལ་འགངས་ཆེ་བའི་ཉིན་མོ་ཞིག་ཡིན་ནོ། ། 
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1