གཙོ་ངོས།>> གསར་འགྱུར།>>སི་ཁྲོན་བོད་ཁུལ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༡༡ཚེས་༢༢ཉིན།

མའོ་རྫོང་གི་ཞིང་པས་ཀུ་ཤུ་འཐུ་བའི་སྒང་ཡིན།

     ད་ལྟ་ནི་ཀུ་ཤུ་འཐུ་བའི་དུས་ཚིགས་རེད། ཟླ་11ཚེས་15ཉིན། མའོ་རྫོང་ནན་ཤིན་གྲོང་རྡལ་ཨན་ཤང་གྲོང་ཚོའི་ཀུ་ཤུ་འདེབས་འཛུགས་རྟེན་གཞིར་ཀུ་ཤུའི་སྡོང་འགོ་ཀུན་ལ་དམར་ཐིང་ཐིང་ཤིང་ཏོག་གིས་ཁེངས་ཤིང་། ཞིང་པ་དག་གིས་ཀུ་ཤུ་འཐུ་བཞིན་ཡོད་པས། ཡུལ་ཀུན་ལ་ལས་བྲེལ་ཆེ་བའི་རྣམ་པས་ཁེངས། ཙེང་ཐའོ་ནི་ནན་ཤིན་གྲོང་རྡལ་ཨན་ཤང་གྲོང་ཚོའི་གྲོང་མི་ཞིག་ཡིན་པ་དང་ཁོང་ཚང་གིས་ཀུ་ཤུ་བཙུགས་ནས་ལོ་10འགོར་ཟིན། གནམ་གཤིས་ཡག་པོའི་སྐབས་དང་བསྟུན་ནས་གཉེན་ཉེ་དང་གྲོགས་པོ་ཚོས་ཀུ་ཤུ་འཐུ་རོགས་བྱས། འཐུ་བ་ནས་འདེམས་སྒྲུག་བྱས་ནས་ཤོག་སྒམ་ནང་བཅུག་པའི་བར་ཚང་མས་ཧ་ཅང་གཟབ་ནན་བྱེད་དགོས་ཏེ། ཀུ་ཤུ་ལ་གནོད་མི་བཟོ་པའི་འགན་ལེན་བྱེད་དགོས་པ་མ་ཟད་སྐྱེལ་འདྲེན་བདེ་འཇགས་འགན་ལེན་བྱས་ནས་ཉོ་མཁན་ཀུན་ལ་མའོ་རྫོང་གི་ཀུ་ཤུ་སྤུས་ལེགས་ལོངས་སུ་སྤྱོད་ཐུབ་པར་འཇུག་དགོས། ད་ལོར་ཙེང་ཐའོ་ཡིས་ཀུ་ཤུ་མུའུ་4བཏབ་པར་ཐོན་ཚད་རྒྱ་མ་ཁྲི་2ཙམ་ཟིན་ཡོད། སྔོན་དཔག་བྱས་ན་ཡོང་འབབ་སྒོར་ཁྲི་6ལྷག་ཙམ་ཟིན་རྒྱུ་རེད། མའོ་རྫོང་གི་ལོ་རེའི་ཆ་སྙོམས་ཉི་འོད་འཕྲོ་བའི་དུས་ཚོད་ནི་ཆུ་ཚོད་1557ཡིན་པས། ཀུ་ཤུ་འདེབས་པར་ཧ་ཅང་འཚམ། མའོ་ཝུན་ཀུ་ཤུ་ལ་བྲོ་བ་ཞིམ་པ་དང་།  ཟས་འཇུ་བ། སིལ་ཁུ་མོད་པ་སོགས་ཀྱི་ཁྱད་ཆོས་ལྡན་པས། 2013ལོར་དེ་སྔའི་ཞིང་ལས་པུའུ་ཡིས་“མའོ་ཝུན་ཀུ་ཤུར་”ཞིང་ལས་ཐོན་རྫས་ཀྱི་ས་ཁམས་མཚོན་རྟགས་ཐོ་འགོད་དང་སྲུང་སྐྱོང་བྱ་རྒྱུའི་ཆོག་མཆན་སྤྲད་པ་རེད། ད་ལོར་མའོ་རྫོང་གི་“མའོ་ཝུན་ཀུ་ཤུ་”འདེབས་འཛུགས་རྒྱ་ཁྱོན་མུའུ་3000ལྷག་ཙམ་ཟིན་ཡོད་ཅིང་། སྔོན་དཔག་བྱས་ན་ཐོན་ཚད་ཏུན་7500ལྷག་ཙམ་ཟིན་རྒྱུ་དང་ཐོན་རྫས་རིན་ཐང་སྒོར་6000ཟིན་རྒྱུ་རེད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1