དམག་ཡོངས་ཀྱི་ཆབ་སྲིད་བྱ་བའི་གྲོས་ཚོགས་ཀུའུ་ཐེན་དུ་འཚོགས་པ་དང་ཞི་ཅིན་ཕིང་གྲོས་ཚོགས་སུ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-04


             སྤྱི་ཟླ་10པའི་ཚེས་30ཉིན། དམག་ཡོངས་ཀྱི་ཆབ་སྲིད་བྱ་བའི་གྲོས་ཚོགས་ཧྥུའུ་ཅན་ཞིང་ཆེན་གྱི་ཧྲང་ཧོང་རྫོང་ཀུའུ་ཐེན་གྲོང་རྡལ་དུ་འཚོགས་ཤིང་། པར་འདི་ནི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གྲོས་ཚོགས་སུ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་བཞིན་པའི་ཚུལ་རེད།

           ཞི་ཅིན་ཕིང་གིས། དམག་དཔུང་གི་ཆབ་སྲིད་བྱ་བའི་དུས་རབས་ཀྱི་ནང་དོན་གཙོ་བོ་ནི་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་དམིགས་ཏེ། ཏང་གི་གནས་བབ་གསར་བའི་འོག་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དམིགས་འབེན་མངོན་འགྱུར་བྱེད་པར་ཆབ་སྲིད་ཀྱི་འགན་སྲུང་གལ་ཆེན་འདོན་སྤྲོད་བྱེད་རྒྱུ་དེ་ཡིན་པས། དམག་ཡོངས་ཀྱིས་ངེས་པར་དུ་མར་ཁེ་སི་ལེ་ཉིན་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ། ཏེན་ཞའོ་ཕིང་གི་རིགས་གཞུང་། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་གི་འཕེལ་རྒྱས་ལྟ་བ་བཅས་རྒྱུན་འཁྱོངས་བྱེད་པ་མཛུབ་སྟོན་དུ་བཟུང་སྟེ། ཏང་ཀྲུང་དབྱང་གི་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་ཕྱོགས་ཡོངས་ནས་ཡར་སྐུལ་གཏོང་བ་དང་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་སྐོར་གྱི་བཀོད་སྒྲིག་དང་རེ་བ་ལག་ལེན་མཐར་ཕྱིན་བྱེད་དགོས་ལ། ཁྲིམས་ལྟར་དམག་དཔུང་སྐྱོང་བ་དང་དམག་དཔུང་བཅོས་སྐྱོང་ནན་མོ་བྱེད་པའི་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་བྱས་ནས། རང་རེའི་དམག་དཔུང་གི་ཆབ་སྲིད་བྱ་བའི་དུས་རབས་ཀྱི་ནང་དོན་གཙོ་བོར་དམིགས་ཏེ། གནས་བབ་གསར་བའི་འོག་གི་རང་རེའི་དམག་དཔུང་གི་ཆབ་སྲིད་བྱ་བ་གཙིགས་འཛིན་དང་ལེགས་བཅོས་བྱས་ནས། ཆབ་སྲིད་བྱ་བ་དེའི་དམག་དཔུང་སྟོབས་ལྡན་དང་རྒྱ་བསྐྱེད་དུ་གཏོང་བའི་ནུས་པ་གཙོ་བོ་འདོན་སྤེལ་གང་ལེགས་བྱ་དགོས་ཞེས་ནན་གྱིས་གསུངས། 

            ཐེངས་འདིའི་དམག་ཡོངས་ཀྱི་ཆབ་སྲིད་བྱ་བའི་གྲོས་ཚོགས་ནི་ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་སྟེ་ཀུའུ་ཐེན་ནས་འཚོགས་ཤིང་། གྲོས་ཚོགས་ཀྱི་ལས་འགན་གཙོ་བོ་ནི་ཀུན་སྤྱོད་དག་ཐེར་གྱི་སྙིང་སྟོབས་ལག་ལེན་མཐར་ཕྱིན་བྱས་ཏེ། ལོ་རྒྱུས་ཀྱི་ཆ་རྐྱེན་གསར་བའི་འོག་ཏང་གིས་བསམ་བློ་དང་ཆབ་སྲིད་ཐོག་ནས་དམག་དཔུང་འཛུགས་སྐྲུན་བྱེད་པའི་ཁྲོད་ཀྱི་གནད་དོན་གལ་ཆེན་ལ་ཞིབ་འཇུག་དང་ཐག་གཅོད་བྱ་རྒྱུ་དེ་རེད།  །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1