ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གྱི་སྒྲོག་འགྲེལ་ཚོགས་པ་ནན་ཁྲུང་གྲོང་ཁྱེར་དང་རྔ་བ་ཁུལ་དུ་བསྐྱོད་ནས་སྒྲོག་འགྲེལ་བྱས་པ།

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 11-22



    ཞིང་ཆེན་ཏང་ཨུའི་གཅིག་གྱུར་གྱིས་བཀོད་སྒྲིག་བྱས་པ་ལྟར་ན།  ཉེ་ཆར། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གྱི་སྒྲོག་འགྲེལ་ཚོགས་པ་ནན་ཁྲུང་གྲོང་ཁྱེར་དང་རྔ་བ་ཁུལ་དུ་བསྐྱོད་ནས་སྒྲོག་འགྲེལ་བྱས་པ་རེད། 
    རྔ་བ་ཁུལ་ཝུན་ཁྲོན་རྫོང་དུ་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་དང་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་རྒྱུན་ལས་འགན་འཛིན་གཞོན་པ་ཀྲུང་ཅ་ལིན་གྱིས་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དོན་སྙིང་གལ་ཆེན་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས། རྒྱལ་ཁབ་བཅོས་སྐྱོང་མ་ལག་བཅས་ཀྱི་མངོན་གསལ་དོད་པའི་དགེ་མཚན་སོགས་གནད་ལ་འཁེལ་བ་དང་ཕྱོགས་ཡོངས་ནས་ངོ་སྤྲོད་བྱས་ཤིང་། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་བཏོན་པའི་གཏན་འབེབས་ཡིག་ཆའི་ནང་གི་སྤྱིའི་བླང་བྱ་དང་སྤྱིའི་དམིགས་ཚད། གཙོ་གནད་ལས་འགན། དེ་བཞིན་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་བླང་བྱ་དག་སྒྲོག་འགྲེལ་གཏིང་ཟབ་གནང་བ་མ་ཟད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་དགེ་མཚན་དེ་བཅོས་སྐྱོང་གི་ཕན་ནུས་སུ་བསྒྱུར་བའི་འགག་རྩ་དེ་ཏང་གི་འགོ་ཁྲིད་ལ་ཐུག་ཡོད་ཅེས་དམིགས་བསལ་གྱིས་བསྟན།   
ཀྲུང་ཅ་ལིན་ད་དུང་ཝུན་ཁྲོན་རྫོང་ཝུའེ་ཀྲོའུ་གྲོང་རྡལ་ཉི་འོད་སྡེ་ཁུལ་དུ་ཕེབས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱི་འཐུས་མི་སོགས་ཀྱིས་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་པའི་ཐད་ནས་བརྗེ་རེས་གནང་ཞིང་། ཁོང་གིས་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་ཀྱི་རང་སྐྱོང་དང་། ཁྲིམས་སྐྱོང་། སྤྱོད་སྐྱོང་བཅས་ཟུང་འབྲེལ་གྱི་གྲོང་གསེབ་བཅོས་སྐྱོང་མ་ལག་གི་འཐུས་སྒོ་ཇེ་ཚང་དུ་གཏོང་བའི་བརྒྱུད་རིམ་ནང་སྡེ་ཁུལ་སོགས་གཞི་རིམ་ལས་བྱེད་པ་ནི་བཅོས་སྐྱོང་བྱེད་མཁན་ཡིན་ལ་ཕན་པ་ཐོབ་མཁན་ཡང་ཡིན་པས་གཞི་རིམ་ལས་བྱེད་པས་ངེས་པར་དུ་ལག་ལེན་ཁྲོད་ནུས་པ་ཆེ་རུ་གཏང་དགོས་པར་ངོས་འཛིན་གནང་བ་རེད།
    ནན་ཁྲུང་དུ་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་དང་། ཞིང་ཆེན་ཏང་ཨུའི་དྲིལ་བསྒྲགས་པུའུ་ཡི་འགོ་འཛིན་གཞོན་པ། ཞིང་ཆེན་གློག་བརྙན་ཅུས་ཀྱི་འགན་འཛིན་པ་བཅས་ཀྱི་འགན་འཁུར་བ་ཀའོ་ཀྲུང་ཝེ་ཡིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཇེ་ཚང་དུ་གཏོང་བ། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱ་རྒྱུར་དམིགས་ནས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། སི་ཁྲོན་བཅོས་སྐྱོང་དང་སི་ཁྲོན་དར་སྤེལ་གཏང་རྒྱུ་དེ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་བའི་དུས་རབས་ཀྱི་རྒྱུགས་གཞི་སོགས་ཀྱི་ནང་དོན་ནུས་ཤུགས་ཡོད་རྒུས་འབྲི་བ་དང་། ཞིང་ཆེན་ཡོངས་དང་དེ་བཞིན་ནན་ཁྲུང་གི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལ་བརྒྱུད་རིམ་ལྡན་པའི་སྒོས་རྒྱས་བཤད་དང་འགྲེལ་བཤད་གཏིང་ཟབ་གནང་པ་མ་ཟད། ནན་གྱིས་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལ་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུའི་ཐད་ངོས་འཛིན་དང་མྱོང་ཚོར་གླེང་བ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1