ཞི་ཅིན་ཕིང་གིས་ཀི་ལོས་ཚིས་ལོ་ཧྥུའུ་ཡིས་ཁྲིད་པའི་ཨུ་རུ་སི་གཅིག་གྱུར་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས།ཞིན་ཧྭ་གསར་འགྱུར་དྲ་བ། སྤེལ་དུས། 11-26





ཟླ་བཅུ་གཅིག་པའི་ཚེས་ཉེར་ལྔ་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཏང་གི་ཆེས་མཐོའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཀི་ལོས་ཚིས་ལོ་ཧྥུའུ་ཡིས་ཁྲིད་པའི་ཨུ་རུ་སི་གཅིག་གྱུར་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།
        ཟླ་བཅུ་གཅིག་པའི་ཚེས་ཉེར་ལྔ་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཏང་གི་ཆེས་མཐོའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཀི་ལོས་ཚིས་ལོ་ཧྥུའུ་ཡིས་ཁྲིད་པའི་ ཨུ་རུ་སི་གཅིག་གྱུར་ཏང་གི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།
        ཞི་ཅིན་ཕིང་གིས་ཐོག་མར་ཨུ་རུ་སི་གཅིག་གྱུར་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་བ་བདེ་བླག་ངང་ཚོགས་པར་རྟེན་འབྲེལ་ཞུས་པར་མ་ཟད་ཀི་ལོས་ཚིས་ལོ་ཧྥུའུ་ཡིས་འཐུས་ཚབ་ཚོགས་པ་ཁྲིད་དེ་ཀྲུང་གོ་དང་ཨུ་རུ་སིའི་སྲིད་འཛིན་ཏང་གི་གྲོས་མོལ་རྐྱེན་སྲོལ་གྱི་གྲོས་ཚོགས་ཐེངས་བདུན་པར་ཞུགས་པར་ཡོང་བར་དགའ་བསུ་ཞུས། ཞི་ཅིན་ཕིང་གིས་བསྟན་དོན། ད་ལོ་ནི་ཀྲུང་གོ་དང་ཨུ་རུ་སིའི་བར་འབྲེལ་བ་བཙུགས་ནས་ལོ་བདུན་ཅུ་ལོན་པའི་ལོ་ཡིན་ལ། བདག་དང་ཙུང་ཐུང་ཕུའུ་ཅིན་གྱིས་ཀྲུང་གོ་དང་ཨུ་རུ་སིའི་དུས་རབས་གསར་བའི་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་ལས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་སོ་སྲུང་རོགས་རེས་དང་མཉམ་བསྲེས་ཟབ་མོ་བྱེད་པ་དང་། གསར་གཏོད་གསར་སྐྲུན་དང་ཀུན་ཕན་མཉམ་རྒྱལ་གྱི་དམིགས་འབེན་དང་ཁ་ཕྱོགས་སུ་མདུན་དུ་སྐྱོད་པར་མཉམ་དུ་སྣེ་ཁྲིད་བྱེད་རྒྱུ་ཁྱབ་སྒྲོག་བྱས། དེང་སྐབས་ཀྲུང་གོ་དང་ཨུ་རུ་སི་ཕྱོགས་གཉིས་ཀྱི་བར་དུ་འཐབ་ཇུས་ཀྱི་འདེགས་ཤུགས་ཆེན་པོ་ཆགས་ཡོད་པས། འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་སྲུང་སྐྱོབ་བྱེད་པར་འཐབ་ཇུས་ཀྱི་དོན་སྙིང་གལ་ཆེན་ལྡན་ཟེར།
        ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་དང་ཨུ་རུ་སི་གཅིག་གྱུར་ཏང་ནི་རྒྱལ་ཁབ་རང་རང་གི་སྲིད་འཛིན་ཏང་ཡིན་པའི་ཆ་ནས་དུས་རབས་གསར་བར་ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་བའི་འགན་འཁྲི་དང་ལས་འགན་ཡོད། ཕྱོགས་གཉིས་ཀྱི་ཚོགས་ཞུགས་འཐུས་མིས་བརྗེ་རེས་དང་འབྲེལ་འདྲིས་གང་ལེགས་བྱས་ཏེ། ཀྲུང་གོ་དང་ཨུ་རུ་སིའི་དུས་རབས་གསར་བའི་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་ལས་གཏིང་ཟབ་ཏུ་སྤེལ་བ་དང་འཛམ་གླིང་གི་ཞི་བདེ་དང་དར་རྒྱས་ལ་སྐུལ་འདེད་གཏོང་བར་བློ་གྲོས་དང་སྟོབས་ཤུགས་འདོན་དགོས་ཟེར།
        ཀི་ལོས་ཚིས་ལོ་ཧྥུའུ་ཡིས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་ལ། ཨུ་རུ་སི་དང་ཀྲུང་གོའི་འབྲེལ་བ་སྔར་བྱུང་མ་མྱོང་བའི་ཆུ་ཚད་དུ་བསླེབས་ཡོད་པ་དང་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་གཉིས་ཕན་མཉམ་ལས་དར་རྒྱས་གོང་འཕེལ་དུ་སོང་ཞིང་རྒྱལ་སྤྱི་དང་ས་གནས་ཀྱི་གནད་དོན་གལ་ཆེན་ཐག་གཅོད་པའི་ཐད་ནས་མཉམ་ལས་བཟང་བོ་བྱས་པས་ཕན་འབྲས་མངོན་གསལ་ཐོབ་ཡོད། ཨུ་རུ་སི་གཅིག་གྱུར་ཏང་གིས་ཀྲུང་གོ་གུང་ཁྲན་ཏང་དང་མཉམ་དུ་བརྗེ་རེས་མཉམ་ལས་ལ་ཤུགས་བསྣན་ནས། དུས་རབས་གསར་བར་ཨུ་རུ་སི་དང་ཀྲུང་གོའི་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་ལས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1