གཙོ་ངོས།>> གསར་འགྱུར།>>བོད་ཁུལ་གཞན་དག

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། ༢༠༡༩ལོའི་ཟླ་བ་༡༡ཚེས་༢༧ཉིན།

ཀོང་པོའི་ལོ་གསར་དགའ་བས་བསུ། བྲག་ཡིབ་ཕོ་མོའི་འཛུམ་མདངས་བཟང་།


     ཀོང་པོའི་ལོ་གསར་འཆར་ལ་ཉེ་བའི་མཚམས་འདིར།  བྲག་ཡིབ་ཆུས་ཀྱི་ཁོ་ར་ཁོར་ཡུག་ཀུན་དུ་དུས་ཆེན་གྱི་རྣམ་པས་ཕྱུག་ཅིང་།  ཉན་སྤྲོ་ལ་གཟིགས་འདོད་པའི་རིག་རྩལ་བྱེད་སྒོ་རེ་རེ་བཞིན་གཅིག་ལ་གཅིག་འགྲན་སྒོ་ནས་བྲབ་ཡིབ་ཆུས་ཀྱི་མང་ཚོགས་ཚོའི་འཚོ་བའི་ནང་སིམ་པར་བྱས།   སྤྱི་ཟླ་11པའི་ཚེས་24ཉིན།  བྲག་ཡིབ་ཆུས་ཨུ་ཡོན་ལྷན་ཁང་དང་ཆུས་སྲིད་གཞུང་གིས་གཙོ་གཉེར་བྱས་ཤིང་།  ཆུས་རིག་གནས་དང་ཡུལ་སྐོར་ཅུད་ཀྱིས་འགན་གཉེར་འཁུར་བའི་ཐོག་མའི་བསམ་འདུན་མི་བརྗེད་པར།  འགན་འཁྲི་བློ་ལ་བརྟན་པོ་བཅངས་ཞེས་པའི་སྤྱི་ལོ་2020ལོའི་ཀོང་པོའི་ལོ་གསར་གྱི་གླུ་གར་འགྲན་བསྡུར་ཆེན་མོ་དེ་འཛམ་གླིང་ཤུག་སྡོང་རྒྱལ་པོའི་མཛེས་ལྗོངས་ཁུལ་དུ་གཟབ་རྒྱས་ངང་གཉེར་ཡོད།

     འགྲན་བསྡུར་ཆེན་མོའི་འགྲན་ར་དངོས་སུ་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་ཞིང་།  མི་ཚོགས་དགའ་བའི་དགོད་སྒྲ་ག་ས་གང་དུ་ལྷང་ལྷང་སྒྲོག་བཞིན་ཡོད།   འགྲན་བསྡུར་དང་གཟིགས་མོར་ཕེབས་པའི་ཀོང་པོའི་ཕོ་མོ་རྒན་གཞོན་རྣམས་ཀྱིས་ལུས་ལ་གཟབ་མཆོར་ལེགས་པར་སྤྲད་ཅིང་།  བཞིན་ལས་དགའ་བའི་འཛུམ་མདངས་འཕྱུར་བཞིན་ཡོད།  ཆུས་ཡོངས་ཀྱི་ཤང་གསུམ་དང་གྲོང་བརྡལ་བཞི།  སྲང་ལམ་གཉིས་དང་།  དེ་བཞིན་ཆབ་མདོ་ས་ངན་གནས་སྤོས་ཁུལ་བཅས་ཀྱི་མང་ཚོགས་ལས་གྲུབ་པའི་འཁྲབ་སྟོན་རུ་ཁག་གིས་གར་སྟེགས་ཐོག་ཏུ་རང་རང་སོ་སོའི་ལུས་ངག་གཉིས་ཀྱི་རྩལ་ལག་ཡོད་རྒུ་ངོམས་ནས་རྒྱ་ཆེའི་མི་རིགས་ཁག་གི་གཟིགས་མོ་བ་ཚོར་སྔར་མེད་གསར་འབྱུང་གི་རིག་རྩལ་སྟོན་མོ་ཞིག་བཤམས་ཡོད།

     འགྲན་བསྡུར་ཆེན་མོས་ཉིང་ཁྲི་གྲོང་ཁྱེར་གྱི་ཕུལ་བྱུང་རིགས་གཅིག་མཁས་པ་ཐེངས་འདིའི་འགྲན་བསྡུར་བྱེད་སྒོའི་དཔྱད་འདེམས་པར་གདན་འདྲེན་ཞུས་ཡོད།
     འཁྲུག་ཆ་དོད་པའི་འགོ་ཚུགས་གླུ་གར་ཀོང་པོའི་ལོ་གསར་ཞེས་པས་དེ་གར་ཡོད་པའི་གཟིགས་མོ་བ་དང་སྐུ་མགྲོན་རྣམས་ཀྱི་སྤྲོ་སེམས་ཀྱི་རབ་ཏུ་འཕེལ་བར་བྱས་ཤིང་།  འགྲན་བསྡུར་གྱི་བྱེད་སྒོའི་ཁུལ་དུ་དེ་མ་ཉིད་དུ་འཁྲུག་ཆ་དོད་པའི་མཐོ་རླབས་ཤིག་འཕྱུར་ཡོད་པ་རེད།
 
     མི་རིགས་རིག་གནས་ཉམས་འགྱུར་གྱིས་ཕྱུག་པའི་ཞབས་བྲོ་དང་ཕྲེང་བ་སྟར་རྒྱུད་ཀྱིས་གླུ་དབྱངས་འཁྲབ་གཏོང་བྱས་ནས་བྲབ་ཡིབ་ཆུས་ཀྱི་ཞིང་འབྲོག་མང་ཚོགས་ཚོའི་ཡིད་ཀྱི་དགའ་བ་དང་།  བདེ་སྐྱིད་ལྡན་པའི་འཚོ་བ་གསར་པ།  མཛེས་ཤིང་སྡུག་པའི་མ་འོངས་ལ་བཅངས་པའི་ཕུགས་འདུན་བཟང་པོ་བཅས་སྙན་པོ་དབྱངས་ཀྱི་འགྱུར་ཁུག་དང་འཁྲུག་པོ་གར་གྱི་སྟངས་སྟབས་ཐོག་ནས་མཚོན་པར་བྱས་ཡོད།

     འགྲན་ཞུགས་འཁྲབ་སྟོན་པ་རྣམས་ཀྱིས་གར་སྟེགས་ཐོག་རང་སོའི་ལུས་ངག་གཉིས་ཀྱི་རྩལ་ལག་གང་ཡོད་རྒྱ་ཆེའི་གཟིགས་མོ་བ་དང་དཔྱད་འདེམས་པ་ཚོའི་སྤྱན་ལམ་དུ་ཕུལ་ནས་ཕུལ་བྱུང་གི་གྲུབ་འབྲས་ཤིག་ཐོབ་རེ་བཅངས་ཡོད།

     གཟིགས་མོ་བ་ཚོས།  དེ་རིང་ལེ་ཚན་གྱི་རྣམ་པ་ཡག་པོ་འདུག་ལ།  འཁྲབ་སྟོན་གྱི་ནང་དོན་ཡང་ཕུན་སུམ་ཚོགས་ཤིང་འཁྲུག་ཆ་དོད་པོ་འདུག  དེ་ནི་བྲབ་ཡིབ་ཆུས་ཀྱི་གླུ་གར་གྱི་རྒྱས་འཛོམས་ཤིག་རེད་ལ།  མི་རིགས་ཁག་གི་མི་དམངས་ནས་ཀོང་པོའི་ལོ་གསར་དགའ་གཏོང་བྱེད་པའི་མཉམ་འབྲེལ་གླུ་གར་བྱེད་སྒོ་ཞིག་དང་ཤང་གྲོང་ཁག་དང་སྲང་ལམ་ཁག་བར་རིག་གནས་སྤེལ་རེས་བྱེད་པའི་གོ་སྐབས་བཟང་པོ་ཞིག་ཀྱང་ཡིན་པས།  སླད་ཕྱིན་གྱི་ལོ་ཟླའི་ནང་བྱེད་སྒོ་དེ་རིགས་གང་མང་སྤེལ་རྒྱུའི་རེ་བ་ཡོད་ཅེས་སེམས་འགུལ་ཆེན་པོའི་སྒོ་ནས་བརྗོད་ཡོད་པ་རེད།  
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1