ཤར་ནུབ་མཉམ་ལས་བྱས་ཏེ། དགུན་ཟླ་དྲོད་ཀྱིས་སྐྱེལ།

ཚེ་རིང་ལྷ་མོ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 11-27



      གཟི་རྩ་སྡེ་དགུ་རྫོང་པའོ་ཧྭ་ཡུལ་ཚོ་སན་ཧོ་སྡེ་བའི་དབུལ་ཕོངས་ཁྱིམ་ཚང་ཧོང་ཅིན་ཧྲིན་གྱིས་ད་སོ་མར་ལག་ལ་འབྱོར་བའི་བྱ་སྤུའི་སྟོད་གོས་དེ་གོན་ཞིང་། མིག་མཐའ་མཆི་མས་བསྐོར་ཞིང་སེམས་འགུལ་ཐེབས་པའི་ངང་ང་ལོ་ལོན་པར་མ་ཟད་ལུས་ཕུང་ཡང་སྲ་རྒྱུ་མེད། དགུན་ཁའི་གྲང་ངར་ལ་ཧ་ཅང་སྐྲག་མོད། དགུན་ཁ་འདིར་གཅེས་སེམས་ཁེ་ལས་ཀྱིས་བརྩེ་བས་སྦྱིན་པའི་བྱ་སྤུའི་སྟོད་གོས་ཀྱིས་ནང་སེམས་སུ་དྲོད་ཁོལ་རྒྱས་སུ་བཅུག་པར་མ་ཟད། ཕྱི་ལུས་ལ་ཡང་དྲོད་ཁོལ་བསྐྱེད་བྱུང་ཞེས་བཤད།
      ཟླ་11པའི་ཟླ་དཀྱིལ་དུ། གཟི་རྩ་སྡེ་དགུའི་ དམག་ལས་བུད་པའི་དམག་མིའི་ལས་དོན་ཅུས་ཀྱིས་ཕིང་ཧུའུ་གྲོང་ཁྱེར་ཅུས་ལུང་ཧུའེ་བཟའ་བཏུང་དོ་དམ་ཚད་ཡོད་ཀུང་སིའི་ཚབ་བྱས་ནས་པའོ་ཧྭ་ཡུལ་ཚོའི་སན་ཧོ་སྡེ་བའི་དུད་ཚང་དབུལ་བོ་ཡོངས་ཏེ་དུད་ཚང་དབུལ་པོ་26ལ་དངོས་ཟོག་སྦྱིན་གཏོང་མཛད་ཅིང་། འབྲས་དང་། ཕྱེ། སྣུམ། བྱ་སྤུའི་གྱོན་ཆས་བཅས་ཀྱི་རོགས་སྐྱོར་གནང་།
      ད་ལོའི་ཟླ་8པར། རྫོང་འདིའི་དམག་ལས་བུད་པའི་དམག་མིའི་ལས་དོན་ཅུས་ཀྱིས་རྩ་འཛུགས་བྱས་ཏེ་པའོ་ཧྭ་ཡུལ་ཚོའི་སན་ཧའོ་སྡེ་བའི་དུད་ཁྱིམ་26ལས་དུད་ཚང་14ལ་རོགས་སྐྱོར་བཀོད་སྒྲིག་བྱས། དམག་ལས་བུད་པའི་དམག་མིའི་ལས་དོན་ཅུས་ཀྱི་རོགས་སྐྱོར་འགན་འཁུར་བ་ཡོངས་ཀྱིས་དོན་དངོས་ཀྱི་གནས་ཚུལ་ལྟར་སན་ཧོ་སྡེ་བའི་དུད་ཚང་དབུལ་པོར་རོགས་སྐྱོར་ལེགས་པོ་ཞིག་བྱ་ཐུབ་ཆེད་དུ། ཁོང་ཚོས་ཀྲེ་ཅང་གི་གཅེས་སེམས་ཁེ་ལས་ཏེ། ཕིང་ཧུའུ་གྲོང་ཁྱེར་ཅུས་ལུང་ཧུའེ་བཟའ་བཏུང་དོ་དམ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཞུས་ཀུའོ་ཆིན་དང་འབྲེལ་བ་བྱས་ཤིང་།། ཞུས་ཀུའོ་ཆིན་གྱིས་ཀྱང་འཕྲལ་དུ་རོགས་སྐྱོར་གྱི་བྱེད་སྒོ་ཁས་བླངས་བར་མ་ཟད། ཁོས་བཤད་རྒྱུར་ང་ཁོ་ཚོར་རོགས་སྐྱོར་བྱེད་རྒྱུར་ཧ་ཅང་དགའ་བོ་ཡོད། ང་རང་ལ་ནུས་པ་ཞིག་ཡོད་ན། ང་ནི་ནམ་ཡང་གཞན་ལ་རོགས་རམ་བྱེད་པར་འཐད་པ་ཡོད། གཞན་ལ་ཕན་བདེ་བསྐྲུན་ན་དོན་དུ་རང་ཉིད་ན་ཡང་ཕན་པ་བསྐྲུན་ཡོད་ཅེས་བཤད།
      སན་ཧོ་སྡེ་བའི་ཀྲི་པུའི་ཧྲུའུ་ཅི་ཅང་ཡུང་ཧུང་གིས་ཐུགས་རྗེ་ཆེ་ཞུ་བཞིན་ཕིང་ཧུའུ་གྲོང་ཁྱེར་གྱི་གཅེས་སེམས་ཁེ་ལས་ཀྱིས་བརྩེ་སེམས་རྣམ་དག་གིས་དབུལ་སྐྱོར་ལ་རོགས་རམ་བྱས་ཏེ་དབུལ་བྲལ་གནད་སྒྲོལ་གྱི་རྒྱལ་ཁ་ཐག་གཅོད་པའི་དུས་མཚམས་སུ་གསེར་དངུལ་ངོ་མ་བཏོན་ནས་ང་ཚོ་ཚང་མར་སྤྱི་ཚོགས་ཀྱི་དྲོད་སྐྱིད་ཚོར་དུ་བཅུག་བྱུང་ཞེས་བཤད།
      རྫོང་འདིའི་དམག་ལས་བུད་པའི་དམག་མིའི་ལས་དོན་ཅུས་ཀྱིས་སན་ཧོ་སྡེ་བར་རོགས་སྐྱོར་བྱས་པའི་ཟླ་བ་གསུམ་ལྷག་གི་རིང་ལ་བསམ་པ་རྣམ་དག་དང་བརྩེ་སེམས་ངོ་མས་རོགས་སྐྱོར་བྱས་པ་འདི་དོན་དངོས་ལག་བསྟར་གྱི་རོགས་སྐྱོར་ཞིག་རེད། ཁོང་ཚོས་དོན་དངོས་ཀྱི་གནས་ཚུལ་ལ་གཞིགས་ནས་དུད་ཚང་དབུལ་པོར་ཞིབ་ཕྲའི་དབུལ་སྐྱོར་བྱེད་ཐབས་བཟོས་པ་སྟེ་དུད་ཚང་རེར་བྱེད་ཐབས་རེ་ལག་བསྟར་བྱས་པ་རེད། ངལ་རྩོལ་ནུས་པ་ཡོད་པའི་དུད་ཚང་དབུལ་པོས་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་ཧུར་ཐག་བྱས་ནས་འབྲི་གཡག་དང་སྦྲང་མ་གསོ་བ་དང་། སྔོ་ཚལ་དང་ཤིང་འབྲས་འདེབས་པ། གྲོང་ཚོ་རིམ་པའི་སྤྱི་ཕན་རང་བཞིན་གྱི་ལས་གནས་དོན་འཁྱོལ་བྱེད་པ། མཛེས་ལྗོངས་ཁུལ་གྱི་ཨར་ཁང་དུ་ལས་ཀ་ལས་པ། ཐུན་མོང་དཔལ་འབྱོར་ནང་ཞུགས་པ་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་ཁྱིམ་ཚང་གི་ཡོང་འབབ་མང་དུ་བཏང་བ་དང་། ངལ་རྩོལ་གྱི་ནུས་པ་མེད་པའི་དུད་ཚང་དབུལ་པོས་ཞིང་ཕན་དམངས་ཕན་གྱི་འབྲེལ་ཡོད་སྲིད་ཇུས་གཞིར་བཟུང་དམངས་ཕན་ཁ་གསབ་སྣ་ཚོགས་དོན་འཁྱོལ་ཡག་པོ་བྱ་རྒྱུ་སྟེ།དཔེར་ན་རྒན་གསོའི་དངུལ་གྱི་ཁ་གསབ་དང་། ལོ་ན་མཐོ་བ་དང་སྨན་བཅོས་རོགས་སྐྱོར། ནད་གཞི་ཚབ་ཆེན་གྱི་རོགས་སྐྱོར། གནས་སྐབས་ཀྱི་རོགས་སྐྱོར། མ་མཐའི་འཚོ་བའི་འགན་ལེན། དབང་པོ་སྐྱོན་ཅན་གྱི་ཁ་གསབ་སོགས་ཀྱི་སྲིད་ཇུས་དང་བྱ་ཐབས་ལག་བསྟར་བྱས་ནས་ཡོང་འབབ་ལ་འགན་ལེན་བྱས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1