ཞིང་ཆེན་སྐབས་བཅུ་གསུམ་པའི་དམངས་ཆེན་རྒྱུན་ལས་ཨུ་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བཞི་པ་འཚོགས་པ།

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 11-27


        སྤྱི་ཟླ་11པའི་ཚེས་26ཉིན་གྱི་སྔ་དྲོར། ཞིང་ཆེན་སྐབས་བཅུ་གསུམ་པའི་དམངས་ཆེན་རྒྱུན་ལས་ཨུ་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བཞི་པ་འཚོགས་པ་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཧོང་ཞིན་ཁྲུའུ་ཡིས་གྲོས་ཚོགས་ལ་གཙོ་སྐྱོང་གནང་། 
        ཚོགས་ཐོག་ནས་ཐེངས་འདིའི་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཚོགས་ཀྱི་གྲོས་རིམ་ལ་གྲོས་འཆམ་བྱུང་བ་དང་ཡིག་ཐོག་ནས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བཞི་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། 
        ཚོགས་ཐོག་ནས་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་འགོ་འཛིན་ཝང་ཧྲུའུ་ཅང་གིས་ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གིས་འདྲི་གཅོད་འགན་ནུས་འདོན་སྤེལ་གང་ལེགས་བྱས་ནས་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་གཏོད་པའི་སྐོར་གྱི་སྙན་ཞུ་ལ་གསན་པ་མ་ཟད། སི་ཁྲོན་ཞིང་ཆེན་གྱི་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་ལས་དོན་སྤེལ་ཚུལ་སྐོར་གྱི་སྙན་ཞུ་དང་། སི་ཁྲོན་ཞིང་ཆེན་གྱི་2019 ལོའི་སྔོན་རྩིས་ལེགས་སྒྲིག་ཇུས་གཞི། དེ་བཞིན་ཟླ་བ་དང་པོ་ནས་ཟླ་བ་བཅུ་པའི་བར་གྱི་སྔོན་རྩིས་ལག་བསྟར་བྱས་ཚུལ་སྐོར་གྱི་སྙན་ཞུ། སི་ཁྲོན་ཞིང་ཆེན་གྱི་2018ལོའི་ལོ་འཁོར་གྱི་ཞིང་ཆེན་རིམ་པའི་སྔོན་རྩིས་ལག་བསྟར་དང་། དེ་མིན་ནོར་སྲིད་གཏོང་ཡོང་རྩིས་བཤེར་ལས་རྩད་ཆོད་པའི་གནད་དོན་བཅོས་སྒྲིག་བྱས་ཚུལ་སྐོར་གྱི་སྙན་ཞུ། སི་ཁྲོན་ཞིང་ཆེན་དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིང་གི་2018ལོའི་ལོ་འཁོར་གྱི་སྔོན་རྩིས་ལག་བསྟར་དང་དེ་མིན་ནོར་སྲིད་གཏོང་ཡོང་རྩིས་བཤེར་ལས་རྩད་ཆོད་པའི་གནད་དོན་བཅོས་སྒྲིག་བྱས་ཚུལ་སྐོར་གྱི་སྙན་ཞུ། ཞིང་ཆེན་སྲིད་གཞུང་གིས་སི་ཁྲོན་ཞིང་ཆེན་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པའི་འཐུས་མིའི་གྲོས་གཞི་དང་སྐྱོན་བརྗོད། བསམ་འཆར་བཅས་སྐོར་གྱི་སྙན་ཞུ་བཅས་ལ་གསན་པ་རེད། 
  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1